བྱ་སྤྱོད་དངོས་ལ་བརྟེན་ནས་རིམས་ནད་སྔོན་འགོག་བྱས།།ལྟ་སྐྱོང་དོ་དམ་བྱས་པས་འཐབ་ཕྱོགས་འགན་འཁྲི་མངོན།།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-09-07

ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ནུས་ཤུགས་ཡོད་རྒུས་རིམས་འགོག་ཉེན་མེད་ཡོང་བར་སྟོབས་ཤུགས་ཕུལ།

ཐེངས་འདིར་རིམས་ནད་ཐོན་པ་ནས་བཟུང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དང་བླངས་དཔུང་ཁག་གིས་མ་བསྐུལ་དང་བླངས་དང་སྔོན་དུ་བསྐྱོད་ནས་གདོང་གཏད་བྱས་ཏེ། རིམས་ནད་འགོག་ཟོན་གྱི་གཡུལ་སར་བསྐྱོད་ནས་བྱ་སྤྱོད་དངོས་ཐོག་ནས་ཐོག་མའི་བསམ་འདུན་གྱི་འགན་འཁྲི་ལག་ལེན་བསྟར་ཏེ་སྒེར་སེམས་མེད་པར་བྱས་རྗེས་འབུལ་བ་དང་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཁྲི་ཁུར་ཏེ་ནུས་ཤུགས་ཡོད་རྒུས་རིམས་འགོག་ཉེན་མེད་ཡོང་བར་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་བྱས་རྗེས་སུ་ཕུལ་བ་རེད།

“སྔོན་ལ་འཕྲིན་ཕྲན་གྱི་ཁ་ཕྱེ་རྗེས་བསྒྲིགས་རིམ་ཆུང་ངུའི་ནང་ཁ་རས་བརྒྱབ་པའི་དོམ་ཁྲའི་རིས་རྟགས་ཤིག་ཡོད། དེ་ནི་སི་ཁྲོན་བདེ་ཐང་ཨང་རྟགས་རེད”ཅེས་དར་མདོ་གྲོང་ཁྱེར་མི་རིགས་སློབ་ཆུང་གི་ཉིང་སྐྱུར་དཔེ་བཤེར་ས་ཚུགས་སུ་དང་བླངས་པ་ཚོས་ངང་རྒྱུད་རིང་པོས་རྒན་རྒོན་ཚོར་སི་ཁྲོན་བདེ་ཐང་ཨང་རྟགས་ཇི་ལྟར་སྤྱད་དགོས་པའི་ཐད་མཛུབ་ཁྲིད་བྱེད་བཞིན་འདུག། “རྒན་རྒོན་མང་པོ་ཞིག་གིས་རིག་ནུས་ལག་ཁྱེར་སྤྱོད་པར་བྱང་ཆ་མེད་རྐྱེན་ཨང་རྟགས་སྟོན་པ་དང་ཨང་རྟགས་བཤེར་བར་དཀའ་ངལ་དང་འཕྲད་འདུག། མ་གཞི་ང་ཚོས་ཐད་ཀར་ཁོང་ཚོར་རོགས་རམ་བྱེད་ཆོག་གི་ཡོད་མོད། འོན་ཀྱང་ཁོ་ཚོར་ཇི་ལྟར་སྤྱད་དགོས་ལུགས་བསླབ་པ་ཡིན་ན་སླད་ཕྱིན་ཁོ་ཚོ་ས་ཆ་གཞན་དུ་བསྐྱོད་རྒྱུར་དེ་བས་སྟབས་བདེ་ཡོང་རྒྱུ་རེད”དང་བླངས་པ་ཚོས་མང་ཚོགས་ཀྱི་ངོས་ནས་གནད་དོན་ལ་བསམ་གཞིག་བྱས་ཏེ་འགྲེལ་བཤད་ཞིབ་ཚགས་དང་ངང་རྒྱུད་རིང་པོའི་སྒོ་ནས་མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱ་རྒྱུར་མཛུབ་ཁྲིད་བྱས་ཤིང་། དེ་མུར་མང་ཚོགས་ལ་རིམས་ནད་འགོག་ཟོན་བྱེད་ཐབས་ཀྱི་གནད་དོན་དག་ལ་འགྲེལ་བཤད་རྒྱག་མཁན་གྱི་སྒྲོག་འགྲེལ་པ་ལེགས་པོ་ཞིག་བྱས་པ་རེད།

“ཚང་མ་གྲལ་ལེགས་པོར་བསྒྲིགས་ནས་ཁ་རས་རྒྱོབ། སྨི་གཅིག་གི་བར་མཚམས་གཞག་དགོས། ཉིང་སྐྱུར་དཔེ་བཤེར་བྱས་རྗེས་འཕྲལ་དུ་གོ་རིམ་ལྡན་པའི་སྒོ་ནས་འགྲོ་དགོས་ལ་དོན་མེད་ངང་དེར་འཁོར་རྒྱུག་མ་བྱེད”དང་བླངས་པ་ཚོས་ཉིན་མཚན་དབྱེར་མེད་དུ་བརྟག་དཔྱད་བྱ་ཡུལ་གྱི་སྒྲིག་ལམ་ལ་སྲུང་སྐྱོང་ཧུར་ཐག་བྱས་ནས་མང་ཚོགས་ལ་མ་སྐུལ་དང་ལེན་ངང་གྲལ་སྒྲིག་པ་དང་ཨང་རྟགས་བཤེར་བར་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་པས་ཉིང་སྐྱུར་དཔེ་བཤེར་བྱེད་པ་གོ་རིམ་དང་ལྡན་པར་གྱུར། དང་བླངས་པ་ཚོས“དམངས་ཡོངས་ཀྱིས་ཉིང་སྐྱུར་དཔེ་བཤེར་བྱེད་རིང་མང་ཚོགས་ཅུང་མང་བས་བརྟག་དཔྱད་བྱ་ཡུལ་དུ་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་ཚེ་ལས་དོན་མི་སྣའི་གནོན་ཤུགས་ཆུང་དུ་གཏོང་ཐུབ་པར་མ་ཟད། ཉིང་སྐྱུར་དཔེ་བཤེར་གྱི་ལས་ཕྱོད་ཀྱང་ཆེ་རུ་གཏོང་ཐུབ”ཅེས་བཤད་པ་རེད། དམངས་ཡོངས་ཀྱི་ཉིང་སྐྱུར་དཔེ་བཤེར་བྱེད་པ་ནི་རིམས་ནད་འགོག་ཟོན་གྱི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། ཞོགས་པ་དང་མཚན་མོ་གང་ཞིག་ཡིན་རུང་དང་བླངས་པ་ཚོ་རྟག་ཏུ་ཞིབ་བཤེར་ཚད་ལེན་བྱ་ཡུལ་དུ་དུས་བཀག་གི་སྔོན་དུ་ཐོན་ནས་སྤྱི་ཁུལ་གྱི་ལས་དོན་མི་སྣར་གཞོགས་འདེགས་བྱས་ནས།ཞིབ་བཤེར་ཚད་ལེན་བྱ་ཡུལ་བཀོད་སྒྲིག་དང་མང་ཚོགས་གོ་རིམ་ལྡན་པའི་ངང་ཞིབ་དཔྱད་ཚད་ལེན་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། མང་ཚོགས་ལ་བདེ་ཐང་ཨང་རྟགས་སྟོན་པ་དང་། ཁ་རས་རྒྱག་པ་དང་ཨང་རྟགས་བཤེར་བར་དྲན་སྐུལ་བྱས་ནས་རིམས་ནད་འགོག་ཟོན་གྱི་རྩ་འཛུགས་པ་ལེགས་པོ་ཞིག་བྱས་པ་རེད།

“སྐུ་ཁམས་བཟང་། ང་ཚོ་ནི་རིམས་ནད་འགོག་ཟོན་གྱི་དང་བླངས་པ་ཡིན་པས་ཁྱེད་ཀྱིས་སྒོ་ཕྱེ་རོགས”གྲོང་མིའི་རྨང་གཞིའི་ཆ་འཕྲིན་མཐིལ་རྟོགས་བྱ་རྒྱུ་ནི་རིམས་ནད་འགོག་ཟོན་ལས་དོན་གྱི་འགག་རྩ་ཐུག་ས་ཡིན་པས། དང་བླངས་པ་ཚོས་སྤྱི་ཁུལ་གྱི་ལས་དོན་པར་གཞོགས་འདེགས་ཧུར་ཐག་བྱས་ནས་དུད་ཚང་དུ་བསྐྱོད་དེ་གྲོང་མིའི་ཆ་འཕྲིན་ཁྱོན་ཡོངས་ནས་མཐིལ་རྟོགས་དང་ཚགས་བཤེར་བྱས། ཆ་འཕྲིན་བསྡུ་ལེན་གྱི་བླང་བྱ་ལྟར་ལས་དོན་སྤེལ་ནས་མི་གཅིག་ཀྱང་མི་ཆད་པ་དང་དུད་ཚང་གཅིག་ཀྱང་མི་ལུས་པ་འགན་ལེན་བྱས་ནས་ཆེས་གཟབ་ནན་གྱི་ལས་ཀའི་རྣམ་འགྱུར་ཐོག་ནས་ཆ་འཕྲིན་བསྡུ་ལེན་གྱི་ལས་དོན་གནད་ལ་འཁེལ་བ་དང་ཁྱོན་ཡོངས་ལ་ཁྱབ་པར་འགན་ལེན་བྱས་ཏེ་རིམས་ནད་འགོག་ཟོན་གྱི་ཆ་འཕྲིན་པ་ལེགས་པོ་ཞིག་བྱས་པ་རེད།

“སྦྱིན་བདག་ལགས། སྐུ་མགྲོན་ཚོ་ཚོང་ཁང་ནང་དུ་འོང་སྐབས་ཨང་རྟགས་བཤེར་བ་དང་ཁ་ཤུབས་ཡག་པོ་བརྒྱག་དགོས་པར་བསྐུལ་དགོས་པར་མ་ཟད། རང་ཉིད་འགོག་སྲུང་ཡང་ཡག་པོ་བྱ་དགོས”“ནད་དུག་ལ་ནད་རྟགས་མི་མངོན་པའི་དུས་ཡོད་པས་ཉིང་སྐྱུར་དཔེ་བཤེར་ཐེངས་མང་བྱ་དགོས། ཚང་མས་ངེས་པར་དུ་རང་ཉིད་ཀྱི་བདེ་ཐང་ལ་འགན་འཁུར་དགོས། དམངས་ཡོངས་ལ་རིན་མེད་ངང་ཉིང་སྐྱུར་དཔེ་བཤེར་བྱེད་ཚེ་ཚང་མས་ངེས་པར་དུ་བྱ་དགོས” ཉིང་སྐྱུར་དཔེ་བཤེར་གྱི“ཞིབ་བཤེར་ག་ཚད་བྱ་དགོས་ན་དེ་ཙམ་བྱེད་པར”འགན་ལེན་བྱ་ཆེད། གྲོང་མི་དང་ཚོང་པ་ཚོར་རང་ཉིད་ཀྱི་འགོག་སྲུང་ཡག་པོ་བྱ་དགོས་པའི་དྲན་སྐུལ་བྱེད་པ་དང་། དང་བླངས་པ་ཚོས་སྤྱི་ཁུལ་དང་ཚོང་ཁང་དུ་བསྐྱོད་དེ་རིམས་ནད་འགོག་ཟོན་གྱི་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱས་ནས། རིམས་ནད་འགོག་ཟོན་བྱེད་པར“དམངས་ཡོངས་ཀྱིས་ཤེས་པ་དང་དམངས་ཡོངས་ཞུགས་པ། དམངས་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་པ། དམངས་ཡོངས་ཀྱིས་དཔེ་བཤེར་བྱེད་པ”བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གིས་བསྐྲུན་ཏེ་རིམས་ནད་འགོག་ཟོན་གྱི་དྲིལ་བསྒྲགས་པ་ལེགས་པོ་ཞིག་བྱས་པ་རེད།

ད་སྔའི་བར་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་དར་མདོ་གྲོང་ཁྱེར་ཟུར་རི་སྤྱི་ཁུལ་དུ་དང་བླངས་པའི་ཡན་ལག་རུ་ཁག6མངགས་གཏོང་བྱས་ཤིང་། ཉིང་སྐྱུར་དཔེ་བཤེར་བྱ་ཡུལ་དུ་སྒྲིག་འཛུགས་མཐུན་སྦྱོར་ཐེངས6བྱས། དུད་ཚང100ལྷག་ཙམ་ལ་འཚམས་འདྲི་བྱས་པ་དང་མི་ཐེངས400ལྷག་ཙམ་ལ་རིམས་ནད་འགོག་ཟོན་གྱི་སྲིད་ཇུས་དང་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། ཐེངས་འདིའི་རིམས་ནད་འགོག་ཟོན་ཁྲོད་འཐབ་ཕྱོགས་གཅིག་གྱུར་གྱི་དང་བླངས་པས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དང་བླངས་གོས་དམར་གྱོན་ནས་བདེ་ཐང་ལ་སྲུང་སྐྱོང་བྱས་ནས་ཐེངས་འདིའི་རིམས་ནད་འགོག་ཟོན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཕུལ་ཡོད་དོ།།



  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་ནས་མི65རྐྱེན་ལམ་དུ་ཤོར་ཡོད།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་གྱི་ཏང་ཡོན་དང་བླངས་པས་ཐོག་མའི་བསམ་འདུན་འགན་འཁྲི་རིམས་ཚུལ་འགོག་ཟོན་གྱི་ལས་གྲྭ་དང་པོར་བཅངས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10