ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་གནས་ཚུལ་གསར་པ།

        2022-09-05

དཀར་མཛེས་ཁུལ་ས་འགུལ་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་དངོས་སུ་སྙན་ཞུ་བྱས་པར་གཞིགས་ན། སྤྱི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད12དང་སྐར་མ52ཀྱི་ཐོག། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་གྱི་ཉེ་འདབས་སུ(བྱང་གི་འཕྲེད་ཐིག་ཏུའུ29.59དང་ཤར་གྱི་གཞུང་ཐིག་ཏུའུ102.08)ས་འགུལ་རིམ་པ6.8བྱུང་བ་དང་། འགུལ་ཁུངས་གཏིང་ཚད་སྤྱི་ལེ16ལ་ཟིན། ད་སྔའི་བར་ས་འགུལ་ཁྲོད་དུ་མི7རྐྱེན་ལམ་དུ་ཤོར་བ་དང་། འགྲོ་ལམ་དང་བརྡ་འཕྲིན། ཁང་པ་སོགས་ལ་གནོད་འཚེ་ཐེབས་ཚུལ་ཞིབ་དཔྱད་བྱེད་བཞིན་པའི་སྒང་ཡིན།

    གསར་འགོད་པས་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་དོན། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་རྗེས། དཀར་མཛེས་ཁུལ་གྱིས་དུས་ཐོག་ཏུ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སྔོན་ཇུས་མྱུར་དུ་ལག་བསྟར་བྱས་ཤིང་། ལས་དོན་ཚོ་ཆུང6བཙུགས་ནས། སྨན་བཅོས་མི་སྣ་དང་ཉེན་རྟོག་པ་སོགས་མི600ལྷག་འགུལ་ཁུལ་དུ་བསྐྱོད་དེ་རོགས་སྐྱོར་དང་ཉེན་སེལ་ལས་དོན་སྤེལ་བཞིན་ཡོད་པ་རེད།



ཐུབ་བསྟན་དང་ཨོ་རྒྱན་གྱིས་བསྒྱུར། 

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:གཟོབས། རང་ཁུལ་རྫོང་དང་གྲོང་ཁྱེར་འདི་ཚོ་ལ་ཆུ་ལོག་འབྱུང་ཉེན་ཡོད།
  • ལེ་ཚན་རྗེས་མ།:ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་གནས་ཚུལ་གསར་ཤོས།
  • དོ་སྣང་ཆེ་བའི་རྩོམ།