སེར་ཤུལ་རྫོང་གིས་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་རིམས་ནད་འགོག་ཟོན་ལས་དོན་བསྒྲུབས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-09-05

སེར་ཤུལ་རྫོང་གིས་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་རིམས་ནད་འགོག་ཟོན་ལས་དོན་བསྒྲུབས།

རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་ཟོན་ལས་དོན་སྔར་བས་ཡག་པོ་བསྒྲུབ་ཆེད། ཉིན་ཤས་བསྟུད་མར་སེར་ཤུལ་རྫོང་གིས“ཕྱོགས་བཞིའི་འགན་འཁྲི”མུ་མཐུད་ནས་བརྟན་དུ་བཏང་བ་དང་ལོགས་སུ་བཞག་པའི་མི་སྣར་དོ་དམ་བྱ་རྒྱུར་ཤུགས་རྒྱག་པ། འགོག་ཟོན་གྱི་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུར་ཤུགས་རྒྱག་པ། དང་བླངས་པའི་བྱ་སྤྱོད་སྐུལ་སློང་བྱེད་པ། ཉིང་སྐྱུར་དཔེ་བཤེར་ལ་གཞོགས་འདེགས་བྱེད་པ་སོགས་ཀྱི་ལས་དོན་ཁག་ལ་ཁྱོན་ཡོངས་ནས་ཤུགས་བརྒྱབ་སྟེ་རྫོང་ཡོངས་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱས་པ་རེད།

སེར་ཤུལ་རྫོང་གིས“གཤམ་སྐྱོད་རྣམ་པའི”མཛུབ་སྟོན་བྱ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་མགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཁོངས་གཏོགས་ཁུལ་གྱི་སྐྱོན་དང་ཞན་ཆ་འཚོལ་ཞིབ་ནན་ཏན་བྱས། 《སེར་ཤུལ་གྱི་བདེ་ཐང་ཞབས་ཞུའི་ས་ཚུགས་ཀྱི་རྫོང་རིམ་པའི་མགོ་ཁྲིད་གཞི་རིམ་དུ་སྐྱོད་པའི་ལས་ཀའི་ལམ་སྲོལ》བཟོས་ནས་པར་འགྲེམས་བྱས་པ་དང་། རྫོང་རིམ་པའི་མགོ་ཁྲིད་ཀྱིས་ས་གནས་ལ་མཛུབ་ཁྲིད་བྱེད་པའི་ས་ཚུགས་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་ནས་རྫོང་རིམ་པའི་མགོ་ཁྲིད་ཁག་འབྲེལ་གཏུག་ས་ཚུགས་སུ་བསྐྱོད་ནས་མཇུག་མཐའི་གནད་མཚམས་སུ་ཞིབ་བཤེར་ནན་པོ་བྱས་པར་མ་ཟད། ཡུལ་ཤོག་དང་གྲོང་རྡལ་གྱི་དོན་དངོས་གནས་ཚུལ་ལ་དམིགས་ཏེ་རིགས་བགོས་ནས་སྲིད་ཇུས་ལག་བསྟར་བྱས།

“སི་ཁྲོན་དུ་སྐྱོད་པའི་ས་ཚུགས་དང་པོ”ནན་སྲུང་དང“མི་སྣར་ཚོད་འཛིན”དོ་དམ་ནན་པོ་བྱེད་པ། “འཁོར་སྐྱོད་ཞིབ་བཤེར་ཚད་ལེན”ལ་དམ་འཛིན་བྱེད་པ།“བྱེད་སྒོ་སྤེལ་ཡུལ་ལ་དོ་དམ་ཚོད་འཛིན”ནན་པོ་བྱེད་པ། སི་ཁྲོན་དུ་ཕྱིར་ལོག་བྱེད་མཁན་གྱི་བདེ་ཐང་དོ་དམ་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བཅས་བྱས་ནས་སི་ཁྲོན་དུ་སྐྱོད་པའི་ས་ཚུགས4བཙུགས་པ་དང་ཆུ་ཚོད24རིང་རེས་སྐོར་སྡོད་པའི་ལམ་ལུགས་ལག་བསྟར་བྱས་པ་རེད། ཕ་ཡུལ་དུ་ལོག་ན་ཐོ་འགོད་སྙན་སེང་བྱེད་པའི་ལམ་སྲོལ་རྒྱུན་འཁྱོངས་བྱས་ཏེ་ཉེན་ཡོད་མི་སྣར་སྤྱི་ཁུལ་ཚགས་བཤེར་གྱི་ཆེད་དོན་འཛིན་གྲྭ་བཙུགས་ནས་སྤྱི་ཁུལ་གྱི་གྲོང་ཚོ་དང་མགྲོན་ཁང་། མི་སེར་སྡོད་ཁང། ལས་ཁུངས་དང་ཚན་པ་བཅས་ཀྱི་ཐོ་འགོད་ལམ་ལུགས་དོན་འཁྱོལ་ནན་པོ་བྱས། ལོགས་བཀར་བྱེད་སའི་མགྲོན་ཁང6དང་ཁང་མིག513སྤྱོད་འགོ་བཙུགས་པ་དང་། སྒུལ་བདེའི་ཉིང་སྐྱུར་དཔེ་བཤེར་ཁང3དང་ཉིང་སྐྱུར་དཔེ་བཤེར་རླངས་འཁོར་གཉིས་བཀོད་སྒྲིག་བྱས། ད་སྔར་ཉིང་སྐྱུར་དཔེ་བཤེར་མི་ཐེངས35745བྱས་ཟིན་པ་རེད། གཅིག་སྡུད་རང་བཞིན་གྱི་བྱེད་སྒོའི་རིམས་ནད་འགོག་ཟོན་བྱེད་ཐབས་དོན་འཁྱོལ་ཏན་ཏིག་བྱས་ནས་བྱེད་སྒོ་དང་ཚོགས་འདུའི་སྙན་ཞུའི་གྲ་སྒྲིག་ལམ་སྲོལ་ནན་དུ་བཏང་། ཉེ་ཆར། ཁྲོམ་རའི་གཙོ་རྐང་དུད་ཚང476ལ་ལྟ་སྐུལ་ཞིབ་བཤེར་དང་གཉེར་སྐྱོང་དུད་ཚང16ལ་ཨང་སེར་གྱི་ཐ་ཚིག་བསྒྲགས་པ་དང་། གཉེར་སྐྱོང་དུད་ཚང5ལ་ཨང་རྟགས་དམར་པོའི་ལས་མཚམས་འཇོག་པའི་བཅོས་སྒྲིག། སྨན་བཅོས་སྨན་ཁང1སྒོ་རྒྱག་པ་བཅས་བྱས་པ་རེད།

སྒོར་ཁྲི50འཚུབ་བསྟུན་རིམས་འགོག་དངོས་ཟོག་ཉོ་སྒྲུབ་ཐད་བེད་སྤྱོད་བྱས། ཁྱོན་ཡོངས་ནས་གྲུ་ཤག་སྨན་ཁང་སྤྱོད་འགོ་བཙུགས་པ་དང་ད་ཆ་ཉལ་ཁྲི100དང་འབྱིན་རྔུབ་འཕྲུལ་ཆས། ནད་ཁྲི། འདར་སེལ་ཡོ་བྱད་སོགས་སྨན་བཅོས་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་ཡོད། 1:0.2ཀྱི་གསར་གཏོད་སྲུང་སྐྱོང་བསྡུར་ཚད་དང1:5ཡི་སྨན་དོན་བསྡུར་ཚད་གཞིར་བཟུང་ནས་སྨན་དོན་མི་སྣ28ཚད་བརྒལ་ངང་གྲབས་གསོག་བྱས་པ་དང་སྦྲགས་འབྲེལ་ཡོད་གསོ་སྦྱོང་དང་ནང་སྦྱོང་བྱས་ཡོད་པ་རེད། གྲུ་ཤག་ལོགས་བཀར་བྱེད་གནས100བསྐྲུན་ཟིན་པ་དང་ཞོར་གཏོགས་སྒྲིག་ཆས་ཁག་ཅིག་གི་སྐྲུན་པར་སྐུལ་འདེད་གཏོང་བཞིན་ཡོད་ལ་གྲུ་ཤག་ལོགས་བཀར་བྱེད་གནས50གསར་དུ་བསྣན་ཏེ་ཉལ་ཁྲི་མགྱོགས་མྱུར་ངང་བཟོ་བཞིན་ཡོད། རྫོང་གྲོང་ཁུལ་དང་དེ་བཞིན་ཉེ་འཁོར་གྱི་གྲོང་མི་ཡོངས་ཀྱི་ཉིང་སྐྱུར་དཔེ་བཤེར་བྱས་པ་དང་ཆབས་ཅིག་ཉིང་སྐྱུར་དཔེ་བཤེར་གྱི་ཁྱབ་ཁོངས་རིམ་བཞིན་ཆེ་རུ་གཏང་རྒྱུ་ཡིན་པ་རེད།

སེར་ཤུལ་རྫོང་གིས་དྲྭ་ཐོག་དང་དྲྭ་ཕྱིའི་ཕྱོགས་ཁག་མང་པོའི་སྟོབས་ཤུགས་སྤྱི་འདོམས་བྱས་ནས་དྲྭ་ཐོག་དང་དྲྭ་ཕྱིའི་མང་ཚོགས་ལ་རིམས་ཚུལ་འགོག་ཟོན་བྱས་པ་རེད། དུས་མཉམ་དུ“ཏང་ལེགས་སྐྱོང་དང་དང་བླངས་ཟུང་འབྲེལ”གྱི་ཞབས་ཞུ་བྱེད་སྟངས་ལ་བརྟེན་ནས་ཏང་མི་ལས་བྱེད་པ་དང་ན་གཞོན་དང་བླངས་པ། དུས་རབས་གསར་པའི་ཤེས་དཔལ་ལྟེ་གནས། དང་བླངས་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་མི་སྣ་སོགས་ཀྱི་ཚོགས་སྤྱི་སྒྲིག་འཛུགས་བྱས་ནས། སྒྲ་སྒམ་ཆུང་ངུ་དང་དྲིལ་བསྒྲགས་རླངས་འཁོར། སྦྱར་ཚིག་སྦྱར་བ། འཕྲེད་འགེལ་སྦྱར་ཡིག་འགེལ་བ། དྲིལ་བསྒྲགས་ཤོག་བྱང་སྤྲོད་པ། གཉེར་སྐྱོང་བྱ་ཡུལ་ལ་རིམས་འགོག་དྲིལ་བསྒྲགས་ཀྱི་སྒོ་ཡིག་འགྲེམ་གཏོང་བྱེད་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་ཡུལ་བབ་དང་བསྟུན་ནས་མཉམ་འགོག་མཉམ་བཅོས་ཀྱི་དྲིལ་བསྒྲགས་ལས་དོན་སྤེལ་ཏེ་རིམས་ནད་འགོག་ཟོན་གྱི་འགོག་ར་ཇེ་བརྟན་དུ་བཏང་། མིག་སྔའི་བར་སེར་ཤུལ་རྫོང་གི་ཡུལ་ཤོག་དང་གྲོང་རྡལ22དང་གྲོང་ཚོ་དང་སྡེ་ཁུལ165ཚང་མར་རིམས་ནད་འགོག་ཟོན་གྱི་དྲིལ་བསྒྲགས་ཐེངས15བྱས་པ་དང་། རིམས་ནད་འགོག་ཟོན་གྱི་དྲིལ་བསྒྲགས་དཔྱད་ཡིག16500ལྷག་ཙམ་བཟོས་པ་དང་བདེ་ཐང་སློབ་གསོ་བྱེད་སྒོའི་དྲིལ་བསྒྲགས་བྱེད་ས303བཙུགས་ཡོད། འཕྲེད་འགེལ་སྦྱར་ཡིག་དང་དྲིལ་བསྒྲགས་སྦྱར་ཡིག500ལྷག་ཙམ་སྦྱར་བ་དང་དྲིལ་བསྒྲགས་སྒོ་ཡིག2000ལྷག་ཙམ་སྤྲད་པ་རེད་དོ།།



  • ལེ་ཚན་སྔོན་མ།:བུད་མེད་ཚོ་བསོད་བདེ་ཆེ་ཐལ། བུ་བཙའི་སྲིད་ཇུས་གསར་པ་སླེབས་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།