ཧྥུང་ཧྥ་ཀུའེ་ཡིས་རིམས་འགོག་ཐད་ནན་གསུང་གནང་།

ཐུབ་ཀྱིས་བསྒྱུར།        2022-09-01

     སྤྱི་ཟླ8པའི་ཚེས29ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་འཚུབ་བསྟུན་ཐག་གཅོད་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་འཚུབ་བསྟུན་ཐག་གཅོད་ལས་དོན་མགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས15པ་གཙོ་སྐྱོང་གནང་སྟེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་གྱི་སྙིང་དོན་དང་ཞིང་ཆེན་བཀོད་འདོམས་པུའུ་ཡི་འགོག་ཟོན་བླང་བྱ་གསར་ཤོས་དེ་མ་ཐག་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་པ་དང་། ལས་དོན་གཙོ་བོར་བཀོད་སྒྲིག་གནང་བ་རེད། 

     ཧྥུང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ཚུལ་འགོག་ཟོན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་དང་ཞིང་དཔོན་གཞོན་པ་དབྱང་ཞིང་ཕིང་། ཧུའུ་ཡུན་རྣམ་གཉིས་ཀྱི་ཞིང་ཆེན་ཡོངས་ཀྱི་རིམས་ཚུལ་འགོག་ཟོན་ལས་དོན་སྐོར་གྱི་བླང་བྱ་གསར་ཤོས་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་བ་དང་། འགྱུར་ཚུལ་དང་བསྟུན་ནས་རིམས་ནད་མི་ཐོན་པའི་སྤྱིའི་བྱེད་ཕྱོགས་གཡོ་འགུལ་སྤུ་ཙམ་མི་གཏོང་ཞིང་། སི་ཁྲོན་དང་དཀར་མཛེས་ཁུལ་དུ་ཡོང་ཕྱིན་ཉིང་སྐྱུར་དཔེ་བཤེར་བྱ་རྒྱུ་ལྷོད་གཡེང་སྤུ་ཙམ་མི་བྱེད་པ། གཡང་གཟར་བྲག་ཁར་འགྲོ་བ་དང་ཆབ་རོམ་སྲབ་མོའི་ཐོག་འགྲོ་བ་ལྟ་བུ་ནམ་ཡང་གཟབ་ཅིང་ནན་པའི་སྒོ་ནས་རིམས་ཚུལ་འགོག་ཟོན་ཡག་པོ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སི་ཁྲོན་ཞིང་ཆེན་གྱི་སྒོ་མོ་དང་དཀར་མཛེས་ཁུལ་གྱི་ཕྱི་སྒོ་ཡག་མོ་སྲུང་བ་དང་། ཐོབ་པར་དཀའ་བའི་དུས་རིམ་རང་བཞིན་གྱི་འགོག་ཟོན་གྲུབ་འབྲས་སྲ་བརྟན་ཧུར་ཐག་གཏང་དགོས། 

    ཧྥུང་ཧྥ་ཀུའེ་ཡིས་བསྟན་དོན། རིམ་ཁག་དང་སྡེ་ཁག་གིས་རིམས་ཚུལ་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོར་ཡོང་བ། འཕེལ་རྒྱས་ཉེན་མེད་ཡོང་བ་བཅས་ཀྱི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ལྷོད་གཡེང་གི་བསམ་པ་དང་འཐབ་སེམས་ཉམས་པ། སྟེར་དབང་གི་བསམ་བློ། སྙིང་སྟོབས་དང་ངར་ཤུགས་ཉམས་པ་བཅས་ཀྱི་ངང་ཚུལ་ཐམས་ཅད་མཐའ་གཅིག་ཏུ་མེད་པར་བཟོས་ཤིང་། རིམས་ཚུལ་འགོག་ཟོན་གྱི་བྱེད་ཐབས་ཁག་དོན་ཐོག་ཞིབ་མོར་འཁྱོལ་བར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བ་དང་ལུས་ཁམས་བདེ་ཐང་ཡོང་བར་ཁག་ཐེག་བྱ་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཁུལ་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས་ཨང22པའི་བླང་བྱ་དོན་ཐོག་ནན་པོར་འཁྱོལ་བར་བྱ་དགོས། མི་སྣ་ཚགས་བཤེར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏང་དགོས། འགོག་ཟོན་གྱི་ནུས་པ་རྒྱུན་མཐུད་དེ་ཇེ་ཆེར་གཏང་དགོས། སྤྱི་ཚོགས་ངོས་ཀྱི་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏང་དགོས། ཉིང་སྐྱུར་དཔེ་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས། རིམས་ཚུལ་སྲིད་ཇུས་ཁྱོན་ཡོངས་ནས་དྲིལ་བསྒྲགས་བྱ་དགོས།།


  • ལེ་ཚན་སྔོན་མ།: མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཉམ་དུ་གསོ་སྐྱོང་བྱས་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད།
  • ལེ་ཚན་རྗེས་མ།:སྤྱི་ཟླ9པར་གཏན་འབེབས་གསར་པ་འདི་ཚོ་ལག་ལེན་བྱ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།