མཐུན་འབྲེལ་བྱེད་སྒོས་གཅིག་སེམས་གཅིག་འབྲེལ་བྱས།། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་གྱུར།།

ཨ་མགོན་གྱིས་བསྒྱུར།        2022-08-31

ཁུལ་རྡོ་ཐ་ཆེད་ཚོང་ཅུས(སྤྱི་གཉེར་ཁང)སྡེ་རོང་རྫོང་ཤོད་པ་གྲོང་སྡེ་ལ་བསྐྱོད་ནས་དུད་ཚང་ལ་དང་ཐོག་གི་མཐུན་འབྲེལ་བྱས།

ཉེ་ཆར།ཁུལ་རྡོ་ཐ་ཆེད་ཚོང་ཅུས(སྤྱི་གཉེར་ཁང)ཀྱི་འགན་འཁུར་བ་གཙོ་བོས་ཡན་ལག་རུ་ཁག་སྣེ་འཁྲིད་དེ་སྡེ་རོང་རྫོང་ཤོད་པ་གྲོང་སྡེ་ལ་བསྐྱོད་ནས“ཀྲུང་ཧྭ་མི་རིགས་གཅིག་མཐན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”དུད་ཚང་ལ་དང་ཐོག་གི་མཐུན་འབྲེལ་བྱས་པ་རེད།

བྱེད་སྒོའི་ནང་ཡན་ལག་རུ་ཆུང་གི་ཁོངས་མིས་དུད་ཚང་དུ་དང་ཐོག་གི་མཐུན་འབྲེལ་བྱས་ནས་འཚམས་འདྲི་ཞུས་པས་མ་ཚད། བཟའ་སྣུམ་དང་འབྲས་སོགས་འཚམས་འདྲིའི་དངོས་པོ་སྤྲད་པ་རེད། འཚོ་བའི་གནས་ཚུལ་གླེང་བ་དང་དམངས་ཀྱི་གནས་ཚུལ་རྒྱུས་ལོན།རྒྱུན་ལྡན་གྱི་ཁ་བརྡ་ལབ་རེས་བྱས་པར་བརྒྱུད། མཐུན་འབྲེལ་ཁྱིམ་ཚང་གི་ཡོང་འབབ་ཡོང་ཁུངས་དང་།འཚོ་བའི་ད་ཡོད་གནས་ཚུལ།དངོས་གནས་ཀྱི་དཀའ་ངལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་ཆབས་ཅིག། མཐུན་འབྲེལ་མང་ཚོགས་ལ“ཏང་གི་བཀའ་དྲིན་ཤེས་པ།ཏང་གི་བཀའ་ལ་ཉན་པ།ཏང་གི་རྗེས་སུ་འབྲང་བར”བསྟོད་པ་དང་སྐུལ་འདེད་གནང་བ་དང་། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་ལ་སྣང་ཆེན་བྱས་ནས་རྒྱལ་གཅེས་ཁྱིམ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་སྟེ་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱས་པ་དང་ལས་བརྩོན་གྱི་ལག་ཟུང་ལ་བརྟེན་ནས་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་དགོས་ཞེས་སྐུལ་སློང་བྱས་པ་རེད།

དེ་དང་ཆབས་ཅིག། ཡན་ལག་རུ་ཆུང་གིས་ད་དུང་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཏང་ཀྲི་པུའུ་ཡི་གཉེན་འཚོལ་རོགས་སྐྱོང་སོགས་ཀྱི་བྱེད་སྒོ་སྤེལ་བར་བརྒྱུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་ཀྱི་དམིགས་ཡུལ་གྱི་དོན་སྙིང་དང་དམིགས་ཡུལ་་ལས་འགན་སྒྲོག་འགྲེལ་བྱས་པ་རེད། “ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་སྐུལ་འདེད།བཟང་ཆ་གསབ་རེས།མཉམ་དུ་མཐོར་འདེགས”བྱ་རྒྱུའི་རྩ་དོན་ལྟར། གསར་གཏོད་མཉམ་སྐྲུན་གྱི་བྱེད་སྒོ་ཡིས་འདེགས་སྐྱོར་བྱས་ནས་ནུས་ཤུགས་ཡོད་རྒུས་གྲོང་སྡེ་རིམ་པའི་ཏང་འཛུགས་སྐྱོང་དང་ཐོན་ལས་འཕེལ་རྒྱས།ཁོར་ཡུག་སྲུང་སྐྱོང་།གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཐད་གནས་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱས་པར་བརྟེན།སེམས་སུ་མཐུན་འབྲེལ་བྱས་ཤིང་དོན་དངོས་ཐོག་རོགས་སྐྱོར་བྱས་པ།རྩ་བ་བརྟན་འཛུགས་བྱེད་པ་བཅས་ཀྱི་ཐོག་ནས་དབུལ་ཐར་འགག་སྒྲོལ་དང་ཡུལ་སྡེ་དར་རྒྱས་ཀྱི་འབྲེལ་མཐུད་ནུས་ལྡན་ཐུབ་པར་བརྩོན་ལེན་བྱས་ནས་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་འབྱོར་ཕྱུག་དང་།མཛེས་སྡུག།ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པར་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་བྱ་དགོས་ཞེས་རེ་བ་བཏོན་པ་རེད།།



  • ལེ་ཚན་སྔོན་མ།: ཁུལ་ཨུའི་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་གྱི་མགོ་ཁྲིད་ཚོ་ཆུང་དང་གཉིས་བཀུར་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།
  • ལེ་ཚན་རྗེས་མ།:མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་བྲིས།
  • དོ་སྣང་ཆེ་བའི་རྩོམ།