ཟླ་བ་དང་པོ་ནས7པའི་བར་ཁུལ་ཡོངས་ཀྱི་གཙོ་གནད་ ལས་གཞིར་མ་དངུལ་སྒོར་ དུང་ཕྱུར204.4བཏང་།

བདེ་སྐྱིད་ཀྱིས་བསྒྱུར།        2022-08-29

2022ལོར་རང་ཁུལ་གྱི་གཙོ་གནད་ལས་གཞི220གཏན་འཁེལ་བྱས་ནས་ལོ་འཁོར་འཆར་གཞིའི་མ་དངུལ་སྒོར་དུང་ཕྱུར336.23འཇོག་རྒྱུ་ཡིན་པར་བརྟེན། ཟླ་བ་དང་པོ་ནས7པའི་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར204.4བཏང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ60.79ལེགས་འགྲུབ་བྱུང་བ་དང་། རྗེས་མཐུད་འཛུགས་སྐྲུན་ལས་གཞིར་མ་དངུལ་སྒོར་དུང་ཕྱུར190.85བཏང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ69.81ལེགས་འགྲུབ་བྱུང་བ་དང་། གསར་དུ་ལས་འགོ་ཚུགས་པའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར13.55བཏང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ21.56ལེགས་འགྲུབ་བྱུང་བ། ལས་མཇུག་འགྲིལ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར48.86བཏང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ63.63ལེགས་འགྲུབ་བྱུང་བ་རེད།

རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་གལ་ཆེན་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར118.91བཏང་ནས་ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ64.3ལེགས་འགྲུབ་བྱུང་བ་དང་། ཐོན་ལས་ཀྱི་ལས་གཞི་གལ་ཆེན་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར76.12བཏང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ56.46ལེགས་འགྲུབ་བྱུང་བ། དམངས་འཚོ་དང་སྤྱི་ཚོགས་བྱ་གཞག་ལེགས་བཅོས་བྱ་རྒྱུའི་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར6.41བཏང་ནས་ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ57.02ལེགས་འགྲུབ་བྱུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར2.96བཏང་ནས་ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ56.57ལེགས་འགྲུབ་བྱུང་བ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:གཡང་གཟར་ལམ་ཕྲང་བདེ་བགྲོད་ལམ་ཆེན་དུ་བསྒྱུར།
  • དོ་སྣང་ཆེ་བའི་རྩོམ།