འབའ་ཐང་གི་འགྲོ་སྐྱོད་ཕྱེད་བཀག་མའི་དོ་དམ་ལས་གྲོལ་བའི་བརྡ་ཁྱབ།

ཐུབ་ཀྱིས་བསྒྱུར།        2022-08-26

   སྤྱི་ཟླ8པའི་ཚེས25ཉིན་ལ་འབའ་ཐང་རྫོང་ཏོག་གསར་གློ་ཚད་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡིས་སྤྱི་ཟླ8པའི་ཚེས25ཉིན་གྱི་ཆུ་ཚོད13ནས་བཟུང་འབའ་ཐང་རྫོང་འགྲོ་སྐྱོད་ཕྱེད་བཀག་མའི་དོ་དམ་ལས་གོ་རིམ་དང་སྒྲིག་ལམ་ཡོད་པའི་སྒོ་ནས་གྲོལ་རྒྱུ་ཡིན་པའི་བརྡ་ཁྱབ་བཏང་བ་རེད། ནང་དོན་གཙོ་བོ་གཤམ་གསལ།

  གཅིག། འགྲོ་སྐྱོད་ཕྱེད་བཀག་མའི་དོ་དམ་ལས་གྲོལ་རྗེས། རྫོང་ནང་ཁུལ་གྱི་འགྲོ་ལམ་འགག་ཚུགས་སྔར་བཞིན་ནན་པོ་བསྲུང་དགོས་ཤིང་། དེའི་ནང་འབྲི་ཆུའི་གྲུ་བ་ནང་འགག་ཚུགས་ཀྱི་སྲིད་ཇུས་དང་མི་སྣ། འགོག་ཤུགས་བཅས་ལ་འགྱུར་བ་གཏང་རྒྱུ་མེད།

  གཉིས། ཁོངས་གཏོགས་དོ་དམ་གྱི་རྩ་དོན་ལྟར། རྫོང་ཕྱིར་འགྲོ་བ་དང་ནང་དུ་ཡོང་མཁན་དང་ལོག་མཁན་ཚང་མས་གོ་རིམ་བཞིན་སྔོན་ལ་སྙན་སེང་ཐོ་འགོད་ཞུ་དགོས།

   གསུམ། བོད་ལྗོངས་དང་འབྲེལ་བའི་བྱ་ཁྱུང་གྲོང་རྡལ་དང་། ལྷག་བ་ཡུལ་ཤོག། གྲུ་བ་ནང་ཡུལ་ཤོག། སོ་བ་ནང་ཡུལ་ཤོག། འཁྲུངས་ཡུལ་ཤོག། རྡོ་གཞོང་ཡུལ་ཤོག་བཅས6གི་གྲོང་སྡེ་གཙོ་བོར་ཉིན་གཉིས་ལ་ཉིང་སྐྱུར་དཔེ་བཤེར་ཐེངས་རེ་བྱ་རྒྱུ་གཟའ་འཁོར་གཉིས་ཀྱི་བར་དུ་བྱ་དགོས།

   བཞི། རྫོང་ཡོངས་སུ་གནས་སྐབས་དྲྭ་ཕྱིའི་གྲོས་ཚོགས་དང་གླེང་སྟེགས། གསོ་སྦྱོང་། འཁྲབ་སྟོན། འགྲན་སྡུར། ཡིག་རྒྱུགས། རིམ་གྲོ་སོགས་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་མཚམས་གཞག་དགོས། གཉེན་སྟོན་ཕྱིར་འགྱངས་དང་འདས་མཆོད་སྟབས་བདེར་གཏོང་བ་དང་། གསོལ་སྟོན་མི་གཉེར་བ། འདུ་འཛོམས་མི་བྱེད་པ། རུབ་མི་རྒྱག་པ། ཕན་ཚུན་འགྲོ་རེས་མི་བྱེད་པ་རྒྱུན་འཁྱོང་དགོས།

   ལྔ། གོ་རིམ་དང་སྒྲིག་ལམ་ཡོད་པའི་སྒོ་ནས་རྫོང་ཡོངས་ཀྱི་ཞིང་ཚོང་ཁྲོམ་ར་དང་། རང་འདེམས་ཚོང་ཁང་། སྨན་རྫས་ཚོང་ཁང་། སྨན་བཅོས་ལས་ཁུངས། རླངས་འཁོར་ཞིག་གསོ་ཁང་། སིལ་ཚོང་ཁང་། སྣུམ་སྣོན་ས་ཚུགས། བཟའ་བཏུང་ཁང་། སྐྲ་བཞར་ཁང་སོགས་དམངས་འཚོའི་སྤྱི་པའི་ཞབས་ཞུ་བྱ་ཡུལ་གྱི་སྒོ་ཕྱེ་བ་དང་། རིམས་ཚུལ་འགོག་ཟོན་ལས་དོན་ལ་མཁོ་བའི་འགྲུལ་ཁང་ཕུད་རྗེས་དེ་མིན་འགྲུལ་ཁང་དང་མགྲོན་ཁང་གོ་རིམ་དང་སྒྲིག་ལམ་ཡོད་པའི་སྒོ་ནས་སྒོ་དབྱེ་དགོས། གློག་བརྙན་ཁང་དང་། KTV། དྲྭ་ཁང་།  ལུས་སྦྱོང་ར་བ། ཆང་ཤག། ཁྲུས་ཁང་། རྐང་འཁྲུད་འཕུར་མཉེར་ཁང་། མིག་མངས་ཁང་། འཁྲབ་སྟོན་ལྟེ་གནས། ནང་མ་སོགས་འཚོ་བའི་དགོས་མཁོ་མིན་པའི་སྤྲོ་གསེང་རོལ་རྩེད་བྱ་ཡུལ་གནས་སྐབས་སྒོ་དབྱེ་རྒྱུ་མེད། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཐམས་ཅད་གནས་སྐབས་སྒོ་དབྱེ་རྒྱུ་མེད།  ཆོག་མཆན་ཐོབ་པའི་གནས་ཡུལ་དུ་ཁ་ཤུབས་རྒྱག་པ་དང་། ལུས་དྲོད་བརྟག་པ། བདེ་ཐང་ཨང་རྟགས་བཤེར་བ་དང་བརྟག་པ། སྣེ་ལེན་བྱེད་ཤུགས་ཆེས་ཆེ་བའི་བརྒྱ་ཆ50ལྟར་འགྲོ་སྐྱོད་ཀྱི་ཚད་བཀག་པ། དུག་སེལ་བ། བར་ཐག་སྨི་གཅིག་བཞག་པ་སོགས་ཀྱི་འགོག་ཟོན་བྱེད་ཐབས་སྤྱད་དགོས། བར་ཁོངས་དོག་པའི་གནས་ཡུལ་དུ་མི་ནང་ལ་མི་འགྲོ་རྒྱུ་བྱ་དགོས། སྨན་རྫས་ཚོང་ཁང་གིས་ཁྱོན་ཡོངས་ནས་ཚ་གཅོག་སྨན་དང་ལུ་སྨན། དུག་འགོག་དང་སྲིན་འགོག་སྨན་བཅས་སྨན་རྫས་རིགས་བཞི་བཙོང་རྒྱུ་མེད། ཚ་བ་རྒྱས་པའི་མི་སྣ་ཡོད་པ་ཤེས་ཚེ་སོ་ལྟ་མཁན་གྱི་ནུས་པ་འདོན་ཐུབ་དགོས།

   དྲུག། གཞིས་མི་ཚང་མས་ཁ་ཤུབས་རྒྱག་པ་དང་ལག་པ་བཀྲུ་བ། རླུང་ཁམས་ཡངས་པོར་བྱེད་པ། སྤྱི་ཐུར་སྤྱོད་པ་སོགས་ཀྱི་འཚོ་བའི་གོམས་གཤིས་བཟང་པོ་རྒྱུན་འཁྱོང་དགོས། མ་བསྐུལ་དང་ལེན་གྱིས་སྤྱི་པའི་འདུ་རར་འགྲོ་སྐབས་བདེ་ཐང་ཨང་རྟགས་བཤེར་བ་དང་ལུས་དྲོད་བརྟག་པ། ཁ་ཤུབས་རྒྱག་པ། ཉིང་སྐྱུར་དཔེ་བཤེར་བྱེད་པ་སོགས་མི་རང་གི་འགོག་སྲུང་ཡག་པོ་བྱ་དགོས། གལ་ཏེ་ཚ་བ་རྒྱག་པ་དང་སྐམ་ལུ་བྱེད་པ། ཤུགས་མེད་པ། གྲེ་བ་ན་བ། དྲི་རོ་མི་ཚོར་བ་སོགས་མི་བདེ་བ་བྱུང་ན། ངེས་པར་དུ་དེ་མ་ཐག་གྲོང་སྡེ་དང་སྤྱི་ཁུལ། ལས་ཁུངས་ལ་སྙན་སེང་ཞུ་བ་ཆབས་ཅིག། རང་ཉིད་འགོག་སྲུང་ཡག་པོ་བྱེད་པའི་ཆ་རྐྱེན་འོག་དུས་ཐོག་དམིགས་འཛུགས་སྨན་ཁང་གི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་སར་འགྲོ་དགོས།


འབའ་ཐང་རྫོང་ཏོག་གསར་གློ་ཚད་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ནས།

2022ལོའི་ཟླ་བ8པའི་ཚེས25ཉིན་ལ།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སྟོན་དུས་སློབ་འགོ་བདེ་འཇགས་ངང་ཚུགས་པར་འགན་ལེན་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཐུན་མོང5དང་མི8ལ་རྟེན་འབྲེལ་ཞུ།
  • དོ་སྣང་ཆེ་བའི་རྩོམ།