རང་ཁུལ་གྱིས་སྟོན་དུས་སློབ་འགོ་བདེ་འཇགས་ངང་ཚུགས་པར་འགན་ལེན་བྱས།

ཨོ་རྒྱན་གྱིས་བསྒྱུར།        2022-08-26

   སྟོན་དུས་ཀྱི་སློབ་འགོ་བདེ་འཇགས་བརྟན་པོའི་ངང་འཛུགས་པར་འགན་ལེན་བྱ་ཆེད། རང་ཁུལ་གྱིས་ཕྱོགས་བསྡུས་ཐོག་སྲིད་ཇུས་ལག་བསྟར་བྱས་ནས་སློབ་གྲྭའི་རིམས་ནད་འགོག་ཟོན་ལ་ཤུགས་བསྣན་པ་དང་། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་དངོས་ཟོག་གྲབས་གསོག་ཡག་པོ་བྱས། བདེ་འཇགས་ངང་མི་མངོན་པའི་རྐྱེན་ངན་བཅོས་སྒྲིག་གཏིང་ཟབ་བྱས། སློབ་མའི་སེམས་ཁམས་བདེ་ཐང་ལ་སྲུང་སྐྱོང་བྱས་པ་སོགས་སློབ་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་རེད།

     ཚད་ལྡན་དུ་གཏོང་རྒྱུར་མཐོང་ཆེན་བྱས་ནས་རྗེས་འདེད་དོ་དམ་ལ་ཤུགས་བསྣན་པ། ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང388དང་བྱིས་སློབ་ཁང484ཡིས་དགེ་སློབ་མི་སྣའི་བདེ་ཐང་ཆ་འཕྲིན་རྗེས་འདེད་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ་རེད། དགེ་སློབ་ཡོངས་ཉིན14རིང་ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཉིན་རེའི་ལུས་དྲོད་དང་གཟུགས་པོའི་གནས་ཚུལ། རང་ཉིད་དང་མཉམ་དུ་འཚོ་བ་རོལ་མཁན་གྱི་ཉིན་རེའི་ཆ་འཕྲིན་དང་གནས་ཚུལ་བཅས་ཟིན་ཐོར་བཀོད་ནས། སློབ་གྲྭར་ཕྱིར་ལོག་བྱེད་སྐབས་སློབ་གྲྭ་ཁག་གིས་མི་སྣ་སྒྲིག་འཛུགས་བྱས་ཏེ་དགེ་སློབ་དང་ལས་བཟོའི་བདེ་ཐང་གི་ཆ་འཕྲིན་ལ་རིམ་པ་བཞིན་ཞིབ་དཔྱད་བྱས་ནས་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་ནས་ཡོང་བའི་དགེ་སློབ་དང་ལས་བཟོ་བ་གནས་སྐབས་སློབ་གྲྭར་ཕྱིར་ལོག་མི་ཆོག་པ་བྱས། དགེ་སློབ་ལས་བཟོ་བ་ཚོར་སློབ་འགོ་ཚུགས་པའི་ཉིང་སྐྱུར་དཔེ་བཤེར་ལས་དོན་ཡག་པོ་བསྒྲུབས་ནས་བདེ་འཇགས་ངང་སློབ་ཞུགས་ཐུབ་རྒྱུའི་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

     འགན་སྲུང་ལ་མཐོང་ཆེན་བྱས་ནས་དངོས་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་། ཉོ་བརྡའི་དཀར་ཆག་གཞིར་བཟུང་ནས་སློབ་གྲྭ་འབྲིང་ཆུང388ཀྱི་སློབ་དེབ་གཅིག་གྱུར་ངང་མངགས་ཉོ་བྱས་པར་མ་ཟད། སློབ་གྲྭའི་རྒྱབ་ཕྱོགས་མཁོ་སྒྲུབ་སྡེ་ཚན་གྱིས་ཞིབ་བཤེར་རྩིས་ལེན་སྒྲིག་འཛུགས་བྱས་ནས་ཚད་ལ་སླེབས་རྗེས་གཅིག་གྱུར་ཐོག་སློབ་གྲྭར་བསྐྱལ་བྱས་ནས་སློབ་འགོ་མ་ཚུགས་པའི་གོང་སློབ་གྲྭར་འབྱོར་ཐུབ་པར་འགན་ལེན་བྱས། སློབ་གྲྭ་ཁག་གིས་ཐབས་ལམ་མང་པོར་བརྟེན་ནས་རིམས་འགོག་དངོས་ཟོག་གྲབས་གསོག་ཡག་པོ་བྱས་ཏེ་དུག་སེལ་ཆུ་དང་ཁ་རས། ལག་འཁྲུ་གཤེར་ཁུ། ཚ་བོའུ་སོགས་རིམས་འགོག་དངོས་ཟོག་འདང་ངེས་ཡོད་པ་བྱ་རྒྱུར་མ་ཟད། རྒྱུན་རྣམ་ཅན་གྱི་ཐོག་ནས་སློབ་གྲྭའི་ནང་གི་འཕྲོད་བསྟེན་ཁྱོན་ཡོངས་ནས་དུག་སེལ་ཡག་པོ་བྱ་རྒྱུ་ཡིན་པ་རེད།

     བསྐྱར་དུ་གྲལ་བཤེར་བྱས་ནས་མི་མངོན་པའི་རྐྱེན་ངན་བཅོས་སྒྲིག་བྱ་རྒྱུར་ཤུགས་བསྣན་པ། སློབ་འགོ་མ་ཚུགས་པའི་གོང་སློབ་གྲྭའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལེགས་པོ་བྱས་ནས། སློབ་ར་དང་སློབ་ཁང་། སྡོད་ཁང་སོགས་ཀྱི་གློག་སྤྱོད་སྐུད་ལམ་དང་མེ་ཟོན་སྒྲིག་ཆས་ལ་གཙོ་གནད་ཐོག་གྲལ་བཤེར་བྱས་ཏེ་མིག་གིས་མི་མཐོང་ས་མེད་པ་བཟོས་ནས་གློག་སྤྱོད་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན21མེད་པ་བཟོས་པ་དང་། སྤྱི་བདེ་དང་འགྲིམ་འགྲུལ་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་སློབ་གྲྭའི་བདེ་འཇགས་དང་དེ་བཞིན་ཉེ་འཁོར་གྱི་འགྲིམ་འགྲུལ་སྒྲིག་ལམ་བཅོས་སྒྲིག་ལ་ཤུགས་བསྣན་པ་དང་། སློབ་གྲྭའི་རླངས་འཁོར་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་སློབ་གྲྭའི་རླངས་འཁོར17བདེ་འཇགས་ངང་ལམ་དུ་བསྐྱོད་རྒྱུ་འགན་ལེན་བྱས། ཁྲོམ་རའི་ལྟ་སྐུལ་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་སློབ་གྲྭའི་ཟ་ཁང་དང་། སློབ་གྲྭའི་ནང་གི་བཟའ་བཅའ་ཚོང་ཁང་། དེ་བཞིན་སློབ་གྲྭའི་ཉེ་འཁོར་གྱི་བཟའ་བཅའ་ཚོང་ཁང་བཅས་ཀྱི་བདེ་འཇགས་ཞིབ་བཤེར་ལ་ཤུགས་བསྣན་ཏེ་མངོན་མེད་རྐྱེན་ངན60ལྷག་ཙམ་ཡོད་པ་ཚང་མ་དུས་བཀག་ནང་བཅོས་སྒྲིག་ཐུབ་པ་བྱས་ནས་སློབ་གྲྭ་མ་འཚོག་གོང་གི“གནད་དོན་ཚང་མ་གཙང་སེལ”ལ་འགན་ལེན་བྱས་པ་རེད།

     གཅེས་སྐྱོང་ལ་མཐོང་ཆེན་བྱས་ནས་སེམས་ཁམས་གཅེས་སྐྱོང་ལ་ཤུགས་བསྣན་པ། འཕྲིན་ཕྲན་ལ་བརྟེན་ནས་སློབ་མ་དང་ཁྱིམ་བདག་གི་དྲྭ་ཐོག་སེམས་ཁམས་བློ་འདྲིའི་སྟེགས་བུ་བསྐྲུན་པ་དང་། སློབ་མ་དང་དེ་བཞིན་ཁྱིམ་བདག་ལ་ཁ་ཕྱོགས་ནས་སེམས་ཁམས་བློ་འདྲིའི་ཞབས་ཞུ་སྤེལ་བ། སློབ་མའི་སེམས་ཁམས་ལ་འོས་འཚམ་གྱི་འགྱུར་ལྡོག་གཏོང་རོགས་བཅས་བྱས་ཏེ་སློབ་མར་བརྩོན་སེམས་དང་དགའ་སྤྲོ་ལྡན་པའི་ངང་ནས་སློབ་དུས་གསར་པར་ཞུགས་པར་སྐུལ་འདེད་བྱས། མིག་སྔར། དྲྭ་ཐོག་བློ་འདྲི་བྱེད་མཁན་མི300ལྷག་ཙམ་ཟིན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ལས་གཞི་གཙོ་བོར་སྒོར་དུང་ཕྱུར204.4བཏང་ཡོད།
  • ལེ་ཚན་རྗེས་མ།:འབའ་ཐང་གི་འགྲོ་སྐྱོད་ཕྱེད་བཀག་མའི་དོ་དམ་ལས་གྲོལ་བའི་བརྡ་ཁྱབ།
  • དོ་སྣང་ཆེ་བའི་རྩོམ།