སི་ཁྲོན་གྱི་བེ་ཤ་ཉོ་ཚོང་ལྟེ་གནས་ཐོག་མ་སྒོ་ཕྱེ།

བདེ་ཆེན་གྱིས་བསྒྱུར།        2022-08-25

  སི་ཁྲོན་གྱི་བེ་ཤ་ཉོ་ཚོང་ལྟེ་གནས་ཐོག་མ་སྒོ་ཕྱེ།

   ཉེ་ཆར། སི་ཁྲོན་གྱི་བེ་ཤ་ཉོ་ཚོང་ལྟེ་གནས་ཐོག་མ་དེ་ཉག་ཆུ་རྫོང་དུ་དངོས་སུ་སྒོ་ཕྱེ་བ་རེད། དེའི་ཐོག་ནས་ཉག་ཆུ་རྫོང་གི་བེ་ཤའི་ཐོན་ལས་ཨང་ཀིའི་ཉག་ཆུའི་འཕེལ་རྒྱས་ལོ་རྒྱུས་ནང་ཚུད་པ་དང་། བེ་ཤ་ཨང་ཀིའི་བཤམ་ཚོམས་སྤྱོད་འགོ་ཚུགས་ནས་རྫོང་ཡོངས་ཀྱི་བེ་ཤ་ཐོན་ལས་ཞབས་ཞུ་གཅིག་ཆོག་ཅན་མཁོ་འདོན་བྱེད་ཐུབ་པ་མཚོན་གྱི་ཡོད།

   ཉག་ཆུ་རྫོང་ལ“གནའ་བོའི་ཇ་འདྲེན་རྡལ་ལམ་གྱི་རབ་ཁ་དང་པོའི”མཚན་སྙན་ཐོབ་ཡོད་ཅིང་། ཐུན་མོང་མ་ཡིན་པའི་གནམ་གཤིས་དང་ས་ཁམས་ཁོར་ཡུག་ལས་བེ་ཤ་སྐྱེ་འཚར་གྱི་ཆ་རྐྱེན་ཡོངས་སུ་འཛོམས། ཉག་ཆུ་རྫོང་གི་བེ་ཤ་ཐོན་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པས“ཀྲུང་གོའི་བེ་ཤའི་ཡུལ་མཆོག”ཅེས་པའི་མཚན་སྙན་ཐོབ་པ་རེད།

སི་ཁྲོན་གྱི་བེ་ཤ་ཉོ་ཚོང་ལྟེ་གནས་ཐོག་མ་སྒོ་ཕྱེ།

    བེ་ཤ་ནི་རང་བྱུང་ཆེན་མོས་འགྲོ་བ་མི་ལ་གནང་བའི་ལག་རྟགས་རྩ་ཆེན་ཞིག་ཡིན་ལ། ཉག་ཆུ་རྫོང་ཁོངས་དཔལ་འབྱོར་གྱི་ཀ་སྐྱོར་ཐོན་ལས་ཤིག་ཀྱང་ཡིན་ཞིང་། ས་གནས་དེ་གའི་མི་སེར་ཚོའི་ཡོང་འབབ་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཀྱང་ཡིན་པ་རེད། དེར་བརྟེན་ཉག་ཆུའི་ཐོན་ལས་ཨང་ཀི་ཅན་ནི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་མངོན་འགྱུར་འབྱུང་བ་དང་། ཞིང་ལས་དང་ཞིང་སྡེ་ཐུན་མོང་ཐོག་ཕྱུག་པོར་ཆགས་རྒྱུར་སྐུལ་འདེད་གཏོང་ཞིང་། ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་བརྗོད་གཞིའི་ནང་དོན་ཞིག་རེད།

སི་ཁྲོན་གྱི་བེ་ཤ་ཉོ་ཚོང་ལྟེ་གནས་ཐོག་མ་སྒོ་ཕྱེ།

    སྒོ་ཕྱེ་བའི་ཉིན་དེར་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་རམས་པ། རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་དཔེ་བཟང་བ། ཅི་ལིན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། རིག་གཞུང་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡུས་དང་། ཉག་ཆུ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་བཅས་ཀྱིས་མཉམ་དུ་བེ་ཤ་ཉོ་ཚོང་ལྟེ་གནས་ཀྱི་སྒོ་ཕྱེ་བ་རེད།

སི་ཁྲོན་གྱི་བེ་ཤ་ཉོ་ཚོང་ལྟེ་གནས་ཐོག་མ་སྒོ་ཕྱེ།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཉག་ཆུ་རྫོང་གིས་ཁུལ་ཡོངས་ཀྱི“ཨང་ཀིའི་དཀར་མཛེས་ཁུལ་”གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་།“ཀྲུང་གོའི་བེ་ཤའི་ཡུལ་མཆོག”ཅེས་པའི་གསེར་གྱི་མིང་བྱང་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས“ཨང་ཀིའི་བེ་ཤ”འཕེལ་རྒྱས་གཏང་སྟེ། ཉག་ཆུ་ཁའི་བེ་ཤ་ཐོན་ལས་ཇེ་དྲག་ཏུ་གཏོང་བ་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། མ་དངུལ་ཁྱོན་བསྡོམས་སྒོར་ཁྲི6000ལྷག་ཙམ་བཏང་བའི་བེ་ཤའི་ཉོ་ཚོང་ལྟེ་གནས་ནི་བེ་ཤའི་ཐོན་ལས་གླིང་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ7763ལ་ཟིན་པ་ཞབས་ཐོག་ནི་བེ་ཤའི་ཉོ་ཚོང་ཁུལ་དང་། ཐོག་བརྩེགས་གཉིས་པ་ནི་ཞིང་ལས་ཁྱད་ཆོས་ཐོན་རྫས་ཡུལ་སྐོར་བའི་ཉམས་ལེན་ཁུལ། ལག་ཤེས་བཟོ་རྩལ་འགྲེམ་སྟོན་འགྲེམ་ཚོང་ཁུལ་ཡིན། ཐོག་བརྩེགས་གསུམ་པ་ནི་བེ་ཤའི་ཨང་ཀིའི་འགྲེམ་ཁུལ། ཐོག་བརྩེགས་བཞི་པར་ཚོང་དོན་ངོ་འཕྲད་གྲོལ་མོལ་དང་ངལ་གསོ་ཁུལ་བཅས་བསྐྲུན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:གཏམ་བརྗོད་ཟློས་གར་འཆི་མེད་རྡོ་རྗེ་ཞེས་པ་པེ་ཅིང་དུ་འཁྲབ་རྩིས་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།