གཏམ་བརྗོད་ཟློས་གར་འཆི་མེད་རྡོ་རྗེ་ཞེས་པ་པེ་ཅིང་དུ་འཁྲབ་རྩིས་ཡོད།

ཐུབ་བསྟན་གྱིས་བསྒྱུར།        2022-08-25

  གསར་རྩོམ་གཏམ་བརྗོད་ཟློས་གར་འཆི་མེད་རྡོ་རྗེ་ཞེས་པ་སྤྱི་ཟླ8པའི་ཚེས24ནས25ཉིན་བར་པེ་ཅིང་གཉིས་བདུན་ཟློས་གར་ཁང་དུ་བསྟུད་མར་འཁྲབ་ཐེངས5བྱ་རྒྱུ་རེད།


འཁྲབ་ཐེངས་དང་དུས་ཚོད།




ཟླ8པའི་ཚེས24ཉིན།--- 14:00-15:30

ཟླ8པའི་ཚེས24ཉིན།----16:00-17:30

ཟླ8པའི་ཚེས24ཉིན།----19:30-21:00

ཟླ8པའི་ཚེས25ཉིན།----15:00-16:30

ཟླ8པའི་ཚེས25ཉིན།----19:30-21:00

གཏམ་བརྗོད་ཟློས་གར་འཆི་མེད་རྡོ་རྗེ་ཞེས་པ་པེ་ཅིང་དུ་འཁྲབ་རྩིས་ཡོད།

ཁྲིད་སྟོན་སྡེ་ཚན།
རྒྱལ་ཁབ་སྦྲག་སྲིད་ཅུས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་ལས་ཁང་།
ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་།
ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ།
སི་ཁྲོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས།

བརྩམས་ཆོས་འདོན་མཁན་སྡེ་ཚན།
ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ།
ཀྲུང་གུང་དཀར་མཛེས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ།
ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་སི་ཁྲོན་ཞིང་ཆེན་ཡན་ལག་སྤྱི་གཉེར་ཁང་།

སྒྲུབ་གཉེར་སྡེ་ཚན།
ཀྲུང་གོ་དབང་སྐྱོན་པའི་སྒྱུ་རྩལ་ཚོགས་པ།
སི་ཁྲོན་ཧུང་ཡུའུ་ཧུའེ་རིག་གནས་ཁྱབ་སྒྲོག་ཚད་ཡོད་སྤྱི་གཉེར་ཁང་།


     གཏམ་བརྗོད་ཟློས་གར་འཆི་མེད་རྡོ་རྗེ་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་དུས་རབས་ཀྱི་མིག་དཔེའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱ་དགོས་པའི་བླང་བྱ་ལྟར2021ལོར་གསར་རྩོམ་ལེགས་གྲུབ་བྱུང་ཡོད། དེ་ནི་སི་ཁྲོན་ཞིང་ཆེན་གྱི་གཙོ་དོན་རིག་རྩལ་སྤུས་དག་གསར་རྩོམ་ཐོན་སྐྱེད་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན།

དཔའ་བོའི་བརྗིད་ཉམས་བཞེངས།

མི་རིགས་ཀྱི་བླ་སྲོག་སྐྲུན།

དུས་རབས་ཀྱི་སྐད་སྒྲ་སྒྲོག།


གཏམ་བརྗོད་ཟློས་གར་འཆི་མེད་རྡོ་རྗེ་ཞེས་པ་པེ་ཅིང་དུ་འཁྲབ་རྩིས་ཡོད།


     གཏམ་བརྗོད་ཟློས་གར་འཆི་མེད་རྡོ་རྗེ་ནི་དུས་རབས་ཀྱི་མིག་དཔེ་དང་། རྒྱལ་ཡོངས་ཀྱི་གུང་ཁྲན་ཏང་མི་ཕུལ་བྱུང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བཅས་ཀྱི་མཚན་སྙན་ཐོབ་པའི་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་སེམས་འགུལ་ཐེབས་པར་གཞིགས་ནས་གསར་དུ་བརྩམས་ཡོད་ལ། འཆི་མེད་རྡོ་རྗེ་དང་ཁོའི་ལས་རོགས་ཚོས་དཀའ་ཚེགས་ལ་མི་སྐྲག་པ་དང་དམངས་ཀྱི་ཆེད་དུ་བློས་འབུལ་བྱེད་པ། བློ་དཀར་ཞིང་འགན་ཁུར་ཕོད་པ། མཐུན་སྒྲིལ་དང་མཛའ་མཐུན་བྱེད་པ་བཅས་ཀྱི་བསམ་པའི་རང་གཤིས་དང་བརྩེ་བ་བླ་ན་མེད་པ་མཚོན་ཡོད། དེ་ནི་བསམ་པའི་རང་བཞིན་དང་སྒྱུ་རྩལ་རང་བཞིན། ལྟད་མོའི་རང་བཞིན། སློབ་གསོའི་རང་བཞིན་བཅས་གཞི་གཅིག་ཏུ་འཛོམས་པའི་སྒྱུ་རྩལ་བརྩམས་ཆོས་སྤུས་དག་ཅིག་ཡིན་པ་རེད།

གཏམ་བརྗོད་ཟློས་གར་འཆི་མེད་རྡོ་རྗེ་ཞེས་པ་པེ་ཅིང་དུ་འཁྲབ་རྩིས་ཡོད།

     ད་སྔར། གཏམ་བརྗོད་ཟློས་གར་འཆི་མེད་རྡོ་རྗེ་ཞེས་པ་སི་ཁྲོན་ཞིང་ཆེན་ནང་ཁུལ་དུ་སྔ་ཕྱིར་འཁྲབ་སྟོན་ཐེངས30ལྷག་བྱས་ཤིང་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། ཟློས་གར་དེ་ལ་སི་ཁྲོན་ཞིང་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་གཙོ་དོན་གླུ་སྟེགས་སྒྱུ་རྩལ་གསར་རྩོམ་བསྡུ་བའི་གཏམ་བརྗོད་ཟློས་གར་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། སི་ཁྲོན་སྒྱུ་རྩལ་ཐེབས་རྩ2022ལོའི་ཁྱབ་སྒྲོག་སྤེལ་རེས་ཁྱབ་གདལ་རོགས་སྐྱོར་ལས་གཞིའི་གྲས་སུ་བདམས་ཤིང་། སི་ཁྲོན་ཞིང་ཆེན་གྱི་གཅིག་ཅན་ལྔའི་འདུ་འགོད་བྱ་དགའི་གྲས་སུ་ཡང་བདམས་པ་རེད།

     སྒྱུ་རྩལ་གྱི་ཐབས་སྤྱད་དེ་སྦྲག་སྲིད་དཔའ་བོ་ཞིག་གི་གཏམ་རྒྱུད་བཤད་པ་དང་། མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ལེན་པ། དུས་རབས་ཡར་ཐོན་གྱི་རི་མོ་འབྲི་པའི་གཏམ་བརྗོད་ཟློས་གར་དེར་གཟིགས་པར་དགའ་བསུ་ཞུའོ།།

གཏམ་བརྗོད་ཟློས་གར་འཆི་མེད་རྡོ་རྗེ་ཞེས་པ་པེ་ཅིང་དུ་འཁྲབ་རྩིས་ཡོད།
གཏམ་བརྗོད་ཟློས་གར་འཆི་མེད་རྡོ་རྗེ་ཞེས་པ་པེ་ཅིང་དུ་འཁྲབ་རྩིས་ཡོད།


  • ལེ་ཚན་སྔོན་མ།:ཁམས་བྱང་འབྲུ་མཛོད་ཅེས་མཚན་སྙན་ཡོད་པའི་དཀར་མཛེས་རྫོང་དུ་ནས་བརྔ་བསྡུ་བྱེད་པའི་ལས་ལ་བྲེལ།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱི་བེ་ཤ་ཉོ་ཚོང་ལྟེ་གནས་ཐོག་མ་སྒོ་ཕྱེ།
  • དོ་སྣང་ཆེ་བའི་རྩོམ།