འབའ་ཐང་རྫོང་གིས་རིམས་འགོག་བྱ་ཡུལ་དུ་སྐྱེས་སྐར་བསུ་བའི་བྱེད་སྒོ་སྤེལ།

ཐུབ་ཀྱིས་བསྒྱུར།        2022-08-23

     འབའ་ཐང་རྫོང་གིས་རིམས་འགོག་བྱ་ཡུལ་དུ་སྐྱེས་སྐར་བསུ་བའི་བྱེད་སྒོ་སྤེལ།

  སྤྱི་ཟླ8པའི་ཚེས20ཉིན་གྱི་དགོང་མོར། འབའ་ཐང་རྫོང་རིམས་ཚུལ་འགོག་ཟོན་བཀོད་འདོམས་པུའུ་ཡིས་སི་ཁྲོན་ཀྲི་གུང་གི་འབའ་ཐང་ལ་རོགས་སྐྱོར་དུ་ཡོང་བའི་ཞིབ་བཤེར་སྨན་བཅོས་རུ་ཁག་གི་རུ་མི་ལི་མུའུ་ཡོན་དང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་ལི་ཡ་ཉི་གཉིས་ལ་ཆེད་དུ་དམིགས་ནས་སྐྱེས་སྐར་བསུ་བའི་བྱེད་སྒོ་ཞིག་སྤེལ་བ་རེད། སྐྱེས་སྐར་གྱི་རྟེན་འབྲེལ་སྒོང་སོབ་ནི་འབའ་ཐང་གི་སྲོལ་རྒྱུན་ཁྱད་ཆོས་ཟས་མཆོག་སྟེ་སྤྲིན་རུབ་ཅེས་པ་དེ་རེད། སྤྲིན་རུབ་ལ་མིང་གཞན་ཡང་མཐུན་སྒྲིལ་ཕོ་ལོག་ཅེས་ཀྱང་བཏགས་ཤིང་མི་རིགས་མཐུན་སྒྲིལ་མཚོན་བྱེད་ཀྱི་ཟས་སྣ་ཞིག་ཅིག་ཡིན།

     ལི་མུའུ་ཡོན་དང་ལི་ཡ་ཉི་གཉིས་ཀྱིས་དྲོད་ཁོལ་ལྡན་པའི་སྐྱེས་སྐར་གླུ་དབྱངས་ཁྲོད་དུ་རིམས་ཚུལ་མྱུར་དུ་ཞི་ཞིང་སྣོད་བཅུད་བརྟན་ཞིང་བདེ་བ་དང་།འཚོ་བ་སྔར་ལས་སྐྱིད་པའི་བཀྲ་ཤིས་སྨོན་འདུན་ཀྱང་ཞུས་པ་རེད།

འབའ་ཐང་རྫོང་གིས་རིམས་འགོག་བྱ་ཡུལ་དུ་སྐྱེས་སྐར་བསུ་བའི་བྱེད་སྒོ་སྤེལ།

     ཚེས14ཉིན་གྱི་ཞོགས་པར་ཀྲི་གུང་ཞིང་ཆེན་གྱི་ཆུས4དང་རྫོང2ཀྱི་སྨན་དོན་མི་སྣ40དཀར་མཛེས་ཁུལ་དུ་རོགས་སྐྱོར་ལ་ཡོང་བ་དང་། ལི་མུའུ་ཡོན་དང་བཅས་པས་ཚེས18ཉིན་ལ་ལི་ཐང་རྫོང་གི་ཉིང་སྐྱུར་དཔེ་བཤེར་ལས་དོན་བསྒྲུབས་ཏེ་གོང་ཚེས་ཉིན་གྱི་མཚན་མོའི་ཆུ་ཚོད9པར་འབའ་ཐང་རྫོང་དུ་སླེབས། ཞོགས་པའི་ཆུ་ཚོད2པར་སྒུལ་བདེ་གྲུ་ཤགPCRཚོད་ལྟ་ཁང་ལེགས་སྒྲིག་ཚར་ནས་ལི་མུའུ་ཡོན་དང་ལས་རེས་ཕོག་པའི་རུ་ཡི་ཚོས་དེ་མ་ཐག་བརྟག་བཤེར་གྱི་ལས་ལ་རྩེ་གཅིག་ཏུ་གཞོལ། ཐེངས་འདི་ནི་ལི་མུའུ་ཡོན་རོགས་སྐྱོར་བསྐྱོད་ཐེངས་གསུམ་པ་ཡིན།

     ཕྱི་རོལ་གྱི་དྲོད་ཚད་ནི་སེ་དྲོད་ཏུའུ32ཡིན་ཞིང་། འགོག་སྲུང་ཆས་ཀྱི་ནང་གི་དྲོད་ཚད་སེ་དྲོད40ལ་ཟིན་ཡོད། ཉིན་གཅིག་ལ་ལི་མུའུ་ཡོན་དང་རུ་མི་ཚོས་ཉིང་སྐྱུར་དཔེ་བཤེར་ཐེངས6000བྱས་ཤིང་མི་ཁྲི6ལ་ཟིན་ཡོད། ལི་མུའུ་ཡོན་གྱིས་ཉིན་རེའི་བརྟག་བཤེར་ལས་ཀ་ནི་རླངས་ཁྲུས་སུ་ཞུགས་པ་དང་ཁྱད་པར་མེད། ཡུན་རིང་བསྲན་ཚུགས་ཐུབ་པ་ནི་དགོས་ངེས་ཀྱི་བླང་བྱ་ཡིན། མགྱོགས་ཤིང་འཕྱུགས་པ་མེད་པ་ནི་རྩ་བའི་བྱང་ཚད་ཡིན་ཞེས་དགོད་དེ་བཤད་པ་རེད།

འབའ་ཐང་རྫོང་གིས་རིམས་འགོག་བྱ་ཡུལ་དུ་སྐྱེས་སྐར་བསུ་བའི་བྱེད་སྒོ་སྤེལ།

     བྲེལ་འཚུབ་ཀྱི་ཉིན་འགའ་བརྒལ་རྗེས་འབའ་ཐང་རྫོང་རིམས་ཚུལ་འགོག་ཟོན་བཀོད་འདོམས་པུའུ་ཡིས་ཚེས20ཉིན་གྱི་དགོང་མོར་རིམས་འགོག་བྱ་ཡུལ་དུ་ཁོ་དང་ལི་ཡ་ཉི་ལ་དམིགས་བསལ་གྱི་སྐྱེས་སྐར་བྱེད་སྒོ་ཞིག་སྤེལ་བ་ཁོ་གཉིས་ཀྱི་བསམ་ཡུལ་ལས་ཡོངས་སུ་འདས་ཡོད།

     ལི་ཡ་ཉི་ཡིས་གློ་བུར་དུ་བྱུང་བའི་དགའ་སྤྲོ་འདིས་ང་རང་ཧང་སང་དུ་བཅུག་སོང་། དོན་སྙིང་ཐུན་མིན་ཡོད་པའི་སྐྱེས་སྐར་འདི་དང་ཉིན་ཤས་རིང་གི་རིམས་ཚུལ་འགོག་ཟོན་གྱི་བྱ་བ་ཆེ་ཕྲ་མཐའ་དག་ནི་ངས་ནམ་ཡང་བརྗེད་ཐབས་བྲལ། དེ་དག་ནི་ངའི་སྨྱུག་འོག་གི་གསར་འགྱུར་སྟོབས་ཤུགས་དང་དྲོད་ཁོལ་འཛོམས་པའི་རྒྱུ་ཆ་ཡག་ཤོས་རེད་ཅེས་བཤད་པ་རེད།

འབའ་ཐང་རྫོང་གིས་རིམས་འགོག་བྱ་ཡུལ་དུ་སྐྱེས་སྐར་བསུ་བའི་བྱེད་སྒོ་སྤེལ།

     འབའ་བ་ཞིག་ཡིན་པའི་ཆ་ནས། རོགས་སྐྱོར་བྱེད་མཁན་སྨན་དོན་མི་སྣ་དང་གསར་འགོད་པ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སྐྱེས་སྐར་བྱེད་སྒོ་དམིགས་བསལ་འདི་འདྲ་ཞིག་སྤེལ་བར་བརྒྱུད་དེ་འབའ་ཐང་ལ་རོགས་སྐྱོར་བྱེད་མཁན་སྤུན་ཟླ་ཡོངས་ལ་བཀའ་དྲིན་མཚོན་པ་དང་ཆབས་ཅིག་ཁོ་ཚོ་རིམས་ཚུལ་ཞི་འཇག་སུ་སོང་རྗེས་ཡང་བསྐྱར་འབའ་ཐང་ནོར་བུ་ས་ཆ་ལ་ཡོང་བར་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་འབའ་ཐང་རྫོང་རིམས་ཚུལ་འགོག་ཟོན་བཀོད་འདོམས་པུའུ་ཡི་ཞབས་ཕྱི་འགན་སྲུང་ཚོ་ཆུང་གི་ཚོ་དཔོན་གཞོན་པ་ལིན་གཡང་སྐྱིད་ཀྱིས་དེ་ལྟར་བཤད་པ་རེད།

འབའ་ཐང་རྫོང་གིས་རིམས་འགོག་བྱ་ཡུལ་དུ་སྐྱེས་སྐར་བསུ་བའི་བྱེད་སྒོ་སྤེལ།

     འདི་ནི་མེ་ཏོག་སོ་མ་བྲལ་ཞིང་འདུ་འཛོམས་མེད་པའི་སྐྱེས་སྐར་ཞིག་དང་གཉེན་ཉེ་དང་བྲལ་ཞིང་བདུད་རྩི་སྐྱེམས་ཆང་གི་བསུ་བ་མེད་པའི་སྐྱེས་སྐར་ཞིག་ཡིན་མོད། འོན་ཀྱང་སྨན་དོན་མི་སྣ་ཞིག་དང་གསར་འགོད་པ་ཞིག་གི་མི་ཚེ་འདིར་ནམ་ཡང་བརྗེད་ཐབས་མེད་པའི་དྲན་ཤེས་དྲོན་མོ་ཞིག་ཡིན་ནོ།།


  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་རིམས་ཚུལ་འགོག་ཟོན་ཐད་ལ་ནན་གསུང་འདི་འདྲ་གནང་།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་དུས་དེབ་གསར་པ་ཞིག་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ།
  • དོ་སྣང་ཆེ་བའི་རྩོམ།