མགྱོགས་པོར་ལྟོས། བརྡ་ཐོ་ཛ་དྲག་མ།

ཐུབ་ཀྱིས་བསྒྱུར།        2022-08-19

 གནས་སྐབས་ལ་སི་ཁྲོན་བདེ་ཐང་སྤྱི་སྟེགས་ཀྱི་ཉེན་ཁ་ཡོད་པའི་གྲོང་ཁྱེར་དུ་འགྲུལ་བཞུད་མྱོང་བའི་ལོ་རྒྱུས་ཀྱི་བྱེད་ནུས་སྤྱད་རྒྱུའི་སྐོར་གྱི་བརྡ་ཐོ་ཛ་དྲག་མ།


གཅིག། ཉེན་ཁ་ཡོད་པའི་གྲོང་ཁྱེར་དུ་འགྲུལ་བཞུད་མྱོང་བའི་ལོ་རྒྱུས་ཀྱི་བྱེད་ནུས་ཁག་ཅིག་འཕྲལ་དུ་སྤྱད་དགོས།

    སྤྱི་ཟླ8པའི་ཚེས13ཉིན་གྱི་ཆུ་ཚོད0པ་ནས་བཟུང་། སི་ཁྲོན་བདེ་ཐང་སྤྱི་སྟེགས་ཀྱི་ཅོག་ངོས་གཡས་འོག་གི་ཉེན་ཁ་ཡོད་པའི་གྲོང་ཁྱེར་དུ་འགྲུལ་བཞུད་མྱོང་བའི་ལོ་རྒྱུས་ཞེས་པའི་མཚོན་རྟགས་ཀྱི་མདོག་འགྱུར་བྱེད་ནུས་ཡང་བསྐྱར་སྤྱོད་འགོ་བཙུགས་ཏེ། ཉེ་བའི་ཉིན7གྱི་ནང་དུ་བོད་ལྗོངས་དུ་འགྲུལ་བཞུད་མྱོང་བའི་མི་སྣ་ཡིན་ན་མཚོན་རྟགས་ལི་མདོག་ཏུ་འགྱུར་འགྲོ་བ་དང་། འགྲུལ་བཞུད་མེད་པའི་མི་སྣའི་མཚོན་རྟགས་ལྗང་ཁུ་ཡིན་པ་རེད།

གཉིས། སི་ཁྲོན་དུ་ཡོང་ཕྱིན་ཉེན་ཁ་ཡོད་པའི་གྲོང་ཁྱེར་དུ་འགྲུལ་བཞུད་མྱོང་བའི་ལོ་རྒྱུས་ཞིབ་བཤེར་ནན་པོ་བྱ་དགོས།

    ཞིང་ཆེན་ཡོངས་ཀྱི་གནམ་ཐང་དང་ལྕགས་ལམ་འགྲུལ་སྐྱེལ་དོན་གཉེར་ས་ཚུགས། མྱུར་བགྲོད་གཞུང་ལམ་དངུལ་ལེན་ས་ཚུགས་ཀྱི་འབུད་སྒོའི་ཕྱི་རོལ། དེ་བཞིན་རྒྱལ་ལམ་དང་ཞིང་ཆེན་རིམ་པའི་མ་ལམ་དཀྱུས་མའི་ཞིང་ཆེན་འབྲེལ་མཚམས་ཀྱི་འཛུལ་སྒོའི་ཞིབ་བཤེར་ས་ཚུགས་ཚང་མ་རུ་སི་ཁྲོན་དུ་ཡོང་མཁན་དང་ལོག་མཁན་ལ་ཐོག་མར་ཉེན་ཁ་ཡོད་པའི་གྲོང་ཁྱེར་དུ་འགྲུལ་བཞུད་མྱོང་བའི་ལོ་རྒྱུས་ཞིབ་བཤེར་བྱས་རྗེས་གཞི་ནས་སི་ཁྲོན་དུ་ཡོང་བའི་བདེ་ཐང་ཨང་རྟགས་བཤེར་དགོས་པ་རེད་མ་གཏོགས། གལ་ཏེ་སྔོན་ལ་སི་ཁྲོན་དུ་ཡོང་བའི་བདེ་ཐང་ཨང་རྟགས་བཤེར་བ་ཡིན་ན། སི་ཁྲོན་བདེ་ཐང་སྤྱི་སྟེགས་ཀྱི་ཉེན་ཁ་ཡོད་པའི་གྲོང་ཁྱེར་དུ་འགྲུལ་བཞུད་མྱོང་བའི་ལོ་རྒྱུས་ཞིབ་བཤེར་བྱེད་མི་ཐུབ་པ་རེད།

གསུམ། འདུ་ར་གཙོ་བོ་དང་སྒྲིག་གཞི་གཙོ་བོར་ཉེན་ཁ་ཡོད་པའི་གྲོང་ཁྱེར་དུ་འགྲུལ་བཞུད་མྱོང་བའི་ལོ་རྒྱུས་ཞིབ་བཤེར་ནན་པོ་བྱ་དགོས།

    ས་གནས་ཁག་གིས་ཁོངས་གཏོགས་འགན་འཁྲི་དོན་ཐོག་ནན་པོར་འཁྱོལ་བར་བྱས་ཏེ། མངའ་ཁོངས་ནང་གི་མི་སྣ་འཛོམས་ས་དང་བར་སྟོང་ཆུང་བ། འདུ་འཛོམས་རང་བཞིན་གྱི་རིམས་ཚུལ་ཐོན་སླ་བའི་འདུ་ར་གཙོ་བོ་དང་(སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དང་ཟོང་འགྲུལ་གླིང་ཁུལ། ཚོགས་ར། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་འདུས།)སྤྱི་ཚོགས་འཁོར་སྐྱོད་རྒྱུན་ལྡན་ཡོང་གནས་དང་ཡང་ན་འདུ་འཛོམས་རང་བཞིན་གྱི་རིམས་ཚུལ་ཐོན་སླ་བའི་སྒྲིག་གཞི་གཙོ་བོ(ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་དོན་ལས་སྡེ་ཚན། སྨན་བཅོས་སྒྲིག་གཞི། བྱིས་པའི་ཕན་བདེ་ཁྱབ་ཁོངས་ཀྱི་ཞབས་ཞུའི་སྒྲིག་གཞི། རྒན་གསོ་ཁང་།  བདག་སྐྱོང་ཁང་། ལྟ་སྐུལ་དོ་དམ་ཁང་། སློབ་རིམ་སློབ་གྲྭ། སློབ་གྲྭ་ཆུང་འབྲིང་། བྱིས་བཅོལ་སྒྲིག་གཞི། གསོ་སྦྱོང་སྒྲིག་གཞི། ངལ་རྩོལ་འདུ་ཚོགས་ཆེ་བའི་ཁེ་ལས་དང་ཨར་ལས་བྱ་ཡུལ་སོགས)དང་། སྤྱི་པའི་འདུ་ར་ཆེན་པོ་བཅུ(ཆང་ཤག་དང་། གླུ་བྲོ་ཁང་། ཁྲུས་ཁང་། མིག་མངས་ཁང་། (མཱ་ཅང་ཁང་)དྲྭ་ཁང་། གློག་རྡུལ་རོལ་རྩེད་ཁང་།  ནང་མཛོད། འཁྲབ་ཚན་ཁང་། གནས་ཚང་འགྲུལ་ཁང་། དྲྭ་མོལ་ཁང་)བཅས་ཀྱི་འཛུལ་སྒོ་ལ་ཞིབ་བཤེར་ས་ཚུགས་བཙུགས་ཤིང་། ཆེད་དོན་མི་སྣ་བཀོད་སྒྲིག་བྱས་ཏེ་འདུ་ར་དང་སྒྲིག་གཞི་རུ་འགྲོ་མཁན་ལ་ཉེན་ཁ་ཡོད་པའི་གྲོང་ཁྱེར་དུ་འགྲུལ་བཞུད་མྱོང་བའི་ལོ་རྒྱུས་ཞིབ་བཤེར་ནན་པོ་བྱ་དགོས།

 བཞི། སྔར་ལྷག་གིས་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དང་། ཀན་སུའུ་ཞིང་ཆེན་ཅུའུ་ཆོན་གྲོང་ཁྱེར། ཅང་ཞི་ཞིང་ཆེན་ཡིང་ཐེན་གྲོང་ཁྱེར་ནས་སི་ཁྲོན་དུ་ཡོང་མཁན་དང་ལོག་མཁན་ལ་ཚགས་བཤེར་དོ་དམ་ཚོད་འཛིན་བྱ་དགོས།

    ཉེ་བའི་ཉིན7གྱི་ནང་དུ་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དང་། ཀན་སུའུ་ཞིང་ཆེན་ཅུའུ་ཆོན་གྲོང་ཁྱེར། ཅང་ཞི་ཞིང་ཆེན་ཡིང་ཐེན་གྲོང་ཁྱེར་ནས་སི་ཁྲོན་དུ་ཡོང་མཁན་དང་ལོག་མཁན་ལ་སི་ཁྲོན་དུ་སླེབས་ཉིན་ནས་བཟུང་། ཉིན3རིང་ལ་ཁྱིམ་སྡོད་ལོགས་བཀར་བྱ་དགོས། གལ་ཏེ་ཁྱིམ་སྡོད་ལོགས་བཀར་གྱི་ཆ་རྐྱེན་མི་འཛོམས་ན་ཉིན3རིང་ལ་གཅིག་སྡུད་ལོགས་བཀར་བྱ་དགོས།།



  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱིས་ཆུ་དང་འབྲེལ་བའི་ཚོགས་འདུ་གལ་ཆེན་ཞིག་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།