རང་ཁུལ་དུ་ཡོང་མཁན་དང་ལོག་མཁན་ཚོས་ཡག་པོ་ལྟ་རོགས།

ཐུབ་ཀྱིས་བསྒྱུར།        2022-08-18

སྤྱི་ཟླ8པའི་ཚེས16ཉིན་ལ། དཀར་མཛེས་ཁུལ་རིམས་འགོག་ལྟེ་གནས་ཀྱིས་བདེ་ཐང་དྲན་སྐུལ་གསར་ཤོས་སྤེལ་བ་འདི་ལྟར་ཏེ།

རང་ཁུལ་དུ་ཡོང་མཁན་དང་ལོག་མཁན་གྱི་སྲིད་ཇུས་གསར་ཤོས།

གཅིག། རང་ཁུལ་དུ་མཁན་དང་ལོག་མཁན་གྱིས་མ་ཡོང་སྔོན་ལ་ཐོ་འགོད་སྙན་སེང་ཞུ་དགོས།

     རང་ཁུལ་དུ་ཡོང་མཁན་དང་ལོག་མཁན་ཚང་མས་མ་ཡོང་སྔོན་ལ་འགྲོ་ཡུལ་གྱི་སྤྱི་ཁུལ་དང་གྲོང་སྡེ་ལ་ཐོ་འགོད་སྙན་སེང་ཞུ་དགོས། འོག་གི་རྩ་གཉིས་ཨང་རྟགས་བཤེར་འབྱེད་བྱས་ནས་ཐོ་འགོད་སྙན་སེང་ཞུ་ཆོག། གལ་ཏེ་དེ་འདྲ་སྟབས་བདེ་པོ་མེད་ན་ཁ་པར་བརྒྱབ་ནས་འགྲོ་ཡུལ་སྤྱི་ཁུལ་དང་གྲོང་སྡེར་ཐོ་འགོད་སྙན་སེང་ཞུ་ཆོག། ཁ་པར་ཨང་གྲངས་དྲ་བ་དང་ཡང་ན་ཁ་པར114བརྒྱབ་ནས་འདྲི་རྩད་བྱེད་ཆོག།


གཉིས། སི་ཁྲོན་དུ་ཡོང་ཕྱིན་ཉིང་སྐྱུར་དཔེ་བཤེར་ནན་པོ་བྱ་དགོས།

     སི་ཁྲོན་གྱི་འཛུལ་སྒོ་དང་པོ་ནས་ཡོང་མཁན་དང་ལོག་མཁན་ཚང་མས་སི་ཁྲོན་དུ་ཡོང་བའི་བདེ་ཐང་ཨང་རྟགས་བཤེར་དགོས་པ་དང་། སླེབས་མ་ཐག་ཉིང་སྐྱུར་དཔེ་བཤེར་བྱ་དགོས།

     ས་གནས་ཁག་གིས་ཉེ་བའི་ཉིན7གྱི་ནང་དུ་ཧའེ་ནན་དང་ཞིན་ཅང་། ཀྲེ་ཅང་དབྱི་ཝུའུ་བཅས་སུ་འགྲུལ་བཞུད་མྱོང་བའི་ཡོང་མཁན་དང་ལོག་མཁན་ལ་ཚགས་བཤེར་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། ཉེན་ཁ་ཆེ་བའི་ས་ཁུལ་དུ་འགྲུལ་བཞུད་མྱོང་མཁན་གྱི་ཡོང་མཁན་དང་ལོག་མཁན་ལ་ཉིན7རིང་གི་གཅིག་སྡུད་ལོགས་བཀར་བྱ་རྒྱུ་དང་། ཉེན་ཁ་འབྲིང་བའི་ས་ཁུལ་དུ་འགྲུལ་བཞུད་མྱོང་མཁན་ལ་ཉིན7རིང་གི་ཁྱིམ་སྡོད་ལོགས་བཀར་བྱ་རྒྱུ། གོང་གི་ས་གནས་གསུམ་ལས་ཉེན་ཁ་ཆེ་འབྲིང་ས་ཁུལ་ཕུད་པའི་ས་གནས་གཞན་དག་ནས་འོང་མཁན་དང་ལོག་མཁན་ལ་ཉིན3རིང་གི་ཁྱིམ་སྡོད་ལོགས་བཀར་བྱ་རྒྱུ་དང་།(ཁྱིམ་སྡོད་ལོགས་བཀར་གྱི་ཆ་རྐྱེན་མ་འཛོམས་ན་ཉིན3གཅིག་སྡུད་ལོགས་བཀར་བྱ་རྒྱུ།)ཁྱིམ་ཚང་དུ་ཡོང་ནས་ཉིན3ལ་ཉིང་སྐྱུར་དཔེ་བཤེར་ཐེངས3བྱས་ཤིང་། ཐེངས་གསུམ་པའི་ཉིང་སྐྱུར་དཔེ་བཤེར་གྱི་མཇུག་འབྲས་ནད་དུག་མེད་པ་ཡིན་ན། གཞི་ནས་ལོགས་བཀར་ལས་གྲོལ་ཆོག།

     ས་གནས་ཁག་གིས་བོད་ལྗོངས་སུ་འགྲུལ་བཞུད་མྱོང་མཁན་གྱི་ཡོང་མཁན་དང་ལོག་མཁན་ལ་ཚགས་བཤེར་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། ཉེ་བའི་ཉིན7ནང་བོད་ལྗོངས་སུ་འགྲུལ་བཞུད་མྱོང་མཁན་ལ་སྤྱི་ཟླ8པའི་ཚེས13ཉིན་གྱི་ཆུ་ཚོད0ནས་བཟུང་།སི་ཁྲོན་དུ་འབྱོར་ཉིན་ནས་ཉིན7རིང་གི་གཅིག་སྡུད་ལོགས་བཀར་བྱ་དགོས། ཉིན་བདུན་པའི་ཉིང་སྐྱུར་དཔེ་བཤེར་གྱི་མཇུག་འབྲས་ནད་དུག་མེད་པ་ཡིན་ན། གཞི་ནས་ལོགས་བཀར་ལས་གྲོལ་ཆོག། རྩ་དོན་ཐད་འཛུལ་སྒོ་ས་ཚུགས་ཐོག་མས་འགན་འཁུར་བའི་ལམ་ལུགས་ལག་ལེན་བསྟར་ནས། སི་ཁྲོན་གྱི་འཛུལ་སྒོ་ས་ཚུགས་ཐོག་མའི་གྲོང་ཁྱེར་དང་ཁུལ་གྱིས་འགན་ཁུར་ཞིང་། ཐོན་ཁུངས་སྤྱི་འདོམས་བྱས་ཏེ་དོ་དམ་ཚོད་འཛིན་བྱེད་ཐབས་དོན་ཐོག་ནན་འཁྱོལ་བྱ་དགོས།


གསུམ། འདུ་ར་གཙོ་བོར་རྒྱུན་རྣམ་ཅན་གྱི་འགོག་ཟོན་ནན་པོ་བྱ་དགོས།

     གནས་ཚང་འགྲུལ་ཁང་དང་། དྲྭ་མོལ་ཁང་། ཆང་ཤག། གླུ་བྲོ་ཁང་། ཁྲུས་ཁང་། མིག་མངས་ཁང་། མཱ་ཅང་ཁང་། དྲ་ཁང་། གློག་རྡུལ་རོལ་རྩེད་ཁང་སོགས་འདུ་ར་གཙོ་བོར་བདེ་ཐང་ཨང་རྟགས་ཞིབ་བཤེར་ནན་པོ་བྱེད་པ་དང་། བདེ་ཐང་ཨང་རྟགས་དམར་པོ་དང་སེར་པོ། རང་ཤར་ཡིན་པ་བཅས་རྒྱུན་ལྡན་མེད་པ་དང་ཡང་ན་ཉེན་ཁ་ཡོད་པའི་གྲོང་ཁྱེར་དུ་འགྲུལ་བཞུད་མྱོང་མཁན་ཡིན་ན། གོང་གི་འདུ་ར་དེ་རྣམས་སུ་འགྲོ་རུ་བཅུག་རྒྱུ་མེད་པར་མ་ཟད། (བདེ་ཐང་ཨང་རྟགས་རང་ཤར་ཡིན་པའི་མི་སྣ་གནས་ཚང་འགྲུལ་ཁང་དང་དྲྭ་མོལ་ཁང་དུ་འགྲོ་ཆོག།)དེ་མ་ཐག་སྤྱི་ཁུལ་དང་གྲོང་སྡེར་སྙན་སེང་ཞུ་དགོས།

     ཡུལ་སྐོར་ལྗོངས་ཁུལ་དང་སྤྱི་པའི་རིག་གནས་ཁང་། དཔེ་མཛོད་ཁང་། དངོས་མང་བཤམ་སྟོན་ཁང་། གློག་བརྙན་ཟློས་གར་ཁང་སོགས་རིག་གནས་ཡུལ་སྐོར་འདུ་ར་དང་འགྲིམ་འགྲུལ་ས་ཚུགས། ཁྲོམ་ར་ཚོང་ཁང་། མགྲོན་ཁང་། ཞིང་ཚོང་ཁྲོམ་ར། ཆོས་ལུགས་དགོན་སྡེ། བཟའ་བཅའ་འདུ་ར་སོགས་མི་སྣ་འདུ་འཛོམས་ཆེ་སར་ཁ་ཤུབས་རྒྱག་པ་དང་། ལུས་དྲོད་བརྟག་པ། བདེ་ཐང་ཨང་རྟགས་བཤེར་བ་བཅས་བྱས་ནས་འགྲོ་དགོས་པའི་བླང་བྱ་དོན་ཐོག་ནན་པོར་འཁྱོལ་དགོས་ལ། དེ་བཞིན་རླུང་ཁམས་ཡངས་པོར་བཟོ་བ་དང་གཙང་སྦྲ་དུག་སེལ་སོགས་རྒྱུན་རྣམ་ཅན་གྱི་འགོག་ཟོན་བྱེད་ཐབས་ལག་ལེན་བསྟར་དགོས།


བཞི། ཉིང་སྐྱུར་དཔེ་བཤེར་གྱི་མཇུག་འབྲས་རྒྱལ་ཡོངས་སུ་ཁས་ལེན་པ་དོན་འཁྱོལ་ནན་པོ་བྱ་དགོས།

   ཐབས་ལམ་མི་འདྲ་བ་ནས་བསྟན་པའི་ཉིང་སྐྱུར་དཔེ་བཤེར་གྱི་མཇུག་འབྲས་ལ་ནུས་པ་འདྲ་མཉམ་ཡོད།མང་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོལ་སྣེ་དང་། རྒྱལ་ཁབ་སྲིད་དོན་ཞབས་ཞུའི་ལས་སྟེགས། ཞིང་ཆེན་ཁག་གི་བདེ་ཐང་ཨང་རྟགས། ཉིང་སྐྱུར་དཔེ་བཤེར་སྒྲིག་གཞི་དྲྭ་ཚུགས། APP བཅས་ནས་འདྲི་རྩད་ཐུབ་པའི་ཉིང་སྐྱུར་དཔེ་བཤེར་གྱི་མཇུག་འབྲས་དང་ཤོག་བུའི་ཉིང་སྐྱུར་དཔེ་བཤེར་གྱི་མཇུག་འབྲས་ཡིན་ཕྱིན། ས་གནས་དེ་གའི་འགོག་ཟོན་སྲིད་ཇུས་ཀྱི་དུས་ཚོད་གོ་ཆོད་པའི་ནང་དུ་(སྙན་སེང་ཕུད་པའི་དུས་ཚོད་ཚད་གཞིར་བྱ་རྒྱུ)ནུས་པ་འདྲ་འདྲ་ཡོད། ས་གནས་ཁག་གིས་བརྟག་བཤེར་བྱེད་དུས་ཁས་ལེན་དགོས། ས་གནས་དེ་གའི་བདེ་ཐང་ཨང་རྟགས་འདྲི་རྩད་མི་ཐུབ་དང་ས་གནས་དེ་གར་ཉིང་སྐྱུར་དཔེ་བཤེར་བྱས་མེད་པ་སོགས་རྒྱུ་མཚན་ལ་བརྟེན་ནས་འགྲོ་སྐྱོད་བཀག་མི་ཆོག་ལ། མང་ཚོགས་སྤྱི་པའི་འདུ་རར་མི་མངག་པ་དང་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དུ་འདུག་མི་བཅུག་པ་བྱེད་མི་ཆོག། མང་ཚོགས་ལ་ཉིང་སྐྱུར་དཔེ་བཤེར་ཡང་བསྐྱར་བྱེད་དུ་བཅུག་རྒྱུ་མེད།


ལྔ། འགོག་ཟོན་བྱེད་ཐབས་ནན་པོར་བཟོ་བ་དང་འགན་འཁྲི་བདའ་འདེད་དམ་ནན་བྱ་དགོས།

 དཀར་མཛེས་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ཚུལ་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས་ཨང19པ་དང20པ་བསྒྲགས་ནས་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་དཀར་མཛེས་ཁུལ་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས་ཨང21པའི་བླང་བྱ་ལྟར་ལག་ལེན་ནན་པོ་བྱ་དགོས་པ་སྟེ། གཅིག། རང་ཁུལ་དུ་ཡོང་བའི(ཕྱིར་ལོག་པ)མི་སྣར་ཚགས་བཤེར་དང་དོ་དམ་ནན་པོ་བྱ་དགོས། མཁའ་འགྲུལ་དང་གཞུང་ལམ་སོགས་བརྒྱུད་ནས་སི་ཁྲོན་དུ་འོངས་པའི་མི་སྣས“སི་ཁྲོན་དུ་འོངས་པའི་ཨང་རྟགས་”བཤེར་བ་དང“སི་ཁྲོན་དུ་འབྱོར་སྐབས་དེ་མ་ཐག་ཏུ་ཉིང་སྐྱུར་དཔེ་བཤེར་དོན་ཐོག་ནན་པོ་འཁྱོལ་བ་བྱ་དགོས། ཁུལ་ཡོངས་ཀྱི་ས་ཚུགས་དང་འགྲིམ་འགྲུལ་སྟབས་བདེའི་ལམ་བུ་ཚང་མའི་ཐོག་རང་ཁུལ་དུ་ཡོང་བའི(ཕྱིར་ལོག་མཁན) མི་སྣའི་བདེ་ཐང་ཨང་རྟགས་དང་འགྲོ་སྐྱོད་བྱང་བུར་ཞིབ་བཤེར་ནན་པོ་བྱ་དགོས། ཉིན་བདུན་ནང་བོད་ལྗོངས་སུ་ཡུལ་སྐོར་འགྲོ་འདུག་བྱས་མྱོང་མཁན་རང་ཁུལ་དུ་ཡོང་བའི(ཕྱིར་ལོག་པ)མི་སྣར་ཁུལ་ནང་དུ་འབྱོར་ཉིན་ནས་བཟུང་གཅིག་སྡུད་ལོགས་སུ་བཀར་ནས“ཉིན་བདུན་ལ་ཉིང་སྐྱུར་དཔེ་བཤེར་ཐེངས་ལྔ” བྱ་དགོས་པས་མ་ཚད། ཉིན་བདུན་པར་ཉིང་སྐྱུར་དཔེ་བཤེར་གྱི་མཇུག་འབྲས་ནད་དུག་མེད་པའི་དཔང་རྟགས་བསྟན་རྗེས་ད་གཟོད་ལོགས་བཀར་བྱེད་མི་དགོས་པ་རེད། ཉིན་བདུན་ནང་ཞིན་ཅང་དང་ཧའེ་ནན། ཀྲེ་ཅང་དབྱི་ཝུའུ་སོགས་རིམས་ནད་ཀྱི་ཉེན་ཁ་ཚབས་ཆེ་བའི་ས་ཁུལ་དུ་ཡུལ་སྐོར་འགྲོ་འདུག་བྱས་མྱོང་བ(ཕྱིར་ལོག་མཁན)མཁན་སི་ཁྲོན་དུ་ཕྱིར་ལོག་པའི་མི་སྣར་ཉིན་བདུན་ལ་གཅིག་སྡུད་ཐོག་ལོགས་སུ་བཀར་དགོས། ཉེན་ཁ་འབྲིང་ཤོས་ས་ཁུལ་དུ་ཡུལ་སྐོར་འགྲོ་འདུག་མྱོང་མཁན་མི་སྣར་ཉིན7ཁྱིམ་དུ་ལོགས་སུ་བཀར་ནས་བསྡད་དགོས། ཉེན་ཁ་མཐོ་འབྲིང་ས་གནས་གསུམ་ཕུད་ཁ། སི་ཁྲོན་དུ་ཡོང་བའི་(ཕྱིར་ལོག་མཁན)མི་སྣར་ཁྱིམ་སྡོད་ལོགས་བཀར་དང་“ཉིན་གསུམ་ལ་ཉིང་སྐྱུར་དཔེ་བཤེར་ཐེངས་གསུམ་”བྱ་དགོས། ཁྱིམ་སྡོད་ལོགས་བཀར་བྱ་རྒྱུའི་ཆ་རྐྱེན་མ་འཛོམས་ན་གཅིག་སྡུད་ལོགས་བཀར་བྱ་དགོས། གཉིས། “དོན་དག་བཞི”ཏན་ཏིག་བསྒྲུབ་དགོས། རྫོང(གྲོང་ཁྱེར)དང་སྡེ་ཚན། ལས་ཁུངས་སོ་སོས་ཨང་རྟགས་ཞིབ་བཤེར་དང་ཉིང་སྐྱུར་དཔེ་བཤེར། ཁ་ཤུབས་རྒྱག་པར་ལྟ་སྐུལ། ཉེན་ཁ་འགོག་ཟོན་ཞིབ་བཤེར་བཅས་ཀྱི“དོན་དག་བཞི”ཏན་ཏིག་བསྒྲུབས་ནས།ནད་ཡམས་འགོག་ཟོན་གྱི“ནད་དུག་ཡོད་མེད”ལམ་ལུགས་དང་རིམས་འགོག་ལྟ་སྐུལ་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་ཡོངས་ཧུར་ཐག་གིས་རིམས་འགོག་གི་ཁྱོན་ཡོངས་ཇུས་ཆེན་ནང་ཞུགས་རྒྱུ་དང་རྒྱབ་སྐྱོར་བྱ་རྒྱུར་སྐུལ་ཁྲིད་བྱས་ནས་མང་ཚོགས་ཀྱིས་འགོག་ཟོན་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱ་དགོས། གསུམ། མི་སྒེར་རང་ཉིད་ཀྱིས་འགོག་ཟོན་འགན་འཁྲི་ལག་བསྟར་ནན་པོ་བྱ་དགོས། སྤྱི་དམངས་ཀྱིས་རང་ཉིད་འགོག་སྲུང་དང་།མི་ཚོགས་མཉམ་འཛོམས་བྱེད་སར་མི་འགྲོ་བ།རིམས་ནད་གནས་ཚུལ་ལ་དོ་ཁུར་ཡག་པོ་བྱས་ནས་ཨང་རྟགས་བཤེར་བ་དང་སྟོན་པ། དྲོད་ཚད་འཇལ་བ། ཁ་ཤུབས་རྒྱག་པ།།ཉིང་སྐྱུར་དཔེ་བཤེར། མ་སྐུལ་དང་བླངས་ཀྱིས་སྙན་སེང་ཞུ་བ།རིམས་འགོག་ལ་གཞོགས་འདེགས་བྱེད་པ་སོགས་མི་སྒེར་རང་ཉིད་ཀྱི་འགན་འཁྲི་ལག་བསྟར་ནན་པོ་བྱ་དགོས། མི་སྒེར་ཉེ་དུས་སུ་ཉེན་ཁ་ཡོད་པའི་་ས་ཁུལ་དུ་ཡུལ་སྐོར་འགྲོ་འདུག་བྱས་མྱོང་བ་དང་ཡང་ན་རིམས་ནད་འགོག་ཟོན་གྱི་དྲན་སྐུལ་འཕྲིན་ཐུང་འབྱོར་ནས་བདེ་ཐང་ཨང་རྟགས་དེ“ཨང་རྟགས་དམར་པོ”དང“ཨང་རྟགས་སེར་པོར”འགྱུར་ན་དེ་མ་ཐག་ཏུ་ས་གནས་དེ་གའི་གྲོང་སྡེ(སྤྱི་ཁུལ)མགྲོན་ཁང་དང་གསོལ་མགྲོན་ཁང་།སྡེ་ཚན་པ་བཅས་ལ་སྙན་སེང་ཞུ་དགོས། “ཨང་རྟགས་དམར་པོ”ཡོད་པའི་མི་སྣས་རང་ཉིད་འགོག་སྲུང་ཡག་པོ་བྱས་ནས་ས་ཆ་དེ་རང་དུ་བསུ་སར་ཡོང་རྒྱུར་བསྒུགས་ནས་བསྡད་དགོས། སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར་ཉིང་སྐྱུར་དཔེ་བཤེར་ཐེངས་གྲངས་ལྟར་མི་བྱེད་པའི་མི་སྣ་ལ་ས་ཆ་དེ་རང་དུ་གཅིག་སྡུད་ལོགས་བཀར་བྱས་ནས་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་སྤྱད་དེ་དོ་དམ་ཚོད་འཛིན་གྱི་དུས་ཚོད་བསྐྱར་དུ་བརྩིས་ནས་འབྲེལ་ཡོད་གྲོན་དངུལ་རང་གིས་འགྲོ་སོང་གཏང་དགོས། རིམས་ནད་བྱུང་ཚུལ་འགོན་ཟོན་གྱི་གཏན་འབེབས་དོན་འཁྱོལ་ནན་པོ་མ་བྱས་ནས་རིམས་ནད་བྱུང་ཚུལ་ནང་དུ་ཁྱབ་མཆེད་ཕྱིན་པའི་སྡེ་ཚན་དང་མི་སྒེར་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་བྱ་དགོས།


ཆེད་རམས་པའི་གསལ་འདེབས་ཛ་དྲག་མ།

  ད་ལྟ་ཡུལ་སྐོར་ཚ་ཤོས་སུ་སླེབས་ཤིང་། རྒྱལ་ནང་དང་ཞིང་ཆེན་ནང་ཁུལ། ཁུལ་ནང་ཁུལ་བཅས་ལ་རིམས་ཚུལ་ཐོན་ཡོད། རིམས་ཚུལ་ཁྱབ་མཆེད་མི་འགྲོ་བ་དང་མང་ཚོགས་ཀྱི་བདེ་ཐང་ཉེན་མེད་ཡོང་བར་འགན་སྲུང་བྱ་ཆེད། འདིར་ཆེད་རམས་པས་གསལ་འདེབས་ཛ་དྲག་མ་བཏོན་པ་སྟེ།

གཅིག། མ་བསྐུལ་དང་ལེན་ངང་ཆ་འཕྲིན་གྱི་དྲན་སྐུལ་ལ་དོ་ཁུར་བྱ་དགོས།

  མང་ཚོགས་ཀྱིས་མ་བསྐུལ་དང་ལེན་གྱིས་ས་གནས་ཁག་གིས་ཁྱབ་བསྒྲགས་བྱས་པའི་ནད་པའི་འགྲོ་སྐྱོད་གནས་ཚུལ་དང་བདེ་ཐང་དྲན་སྐུལ་སོགས་ལ་དོ་ཁུར་བྱ་དགོས། གལ་ཏེ་རིམས་ཚུལ་འགོག་ཟོན་གྱི་གསལ་འདེབས་འཕྲིན་ཐུང་འབྱོར་བ་དང་། ཡང་ན་བདེ་ཐང་ཨང་རྟགས་སེར་པོ་དང་དམར་པོར་འགྱུར་བ། ཡང་ན་བརྡ་ཁྱབ་བྱས་པའི་ནད་པ་དང་ཡུལ་དུས་ཀྱི་འབྲེལ་བ་ཡོད་པ་ཡིན་ན། དེ་མ་ཐག་ས་དེ་གའི་སྤྱི་ཁུལ་དང་གྲོང་སྡེ། ལས་ཁུངས་དང་འགྲུལ་ཁང་བཅས་ལ་སྙན་སེང་ཞུ་དགོས་པར་མ་ཟད། ཉིང་སྐྱུར་དཔེ་བཤེར་སོགས་རིམས་འགོག་བྱེད་ཐབས་ཁག་ལ་གཞོགས་འདེགས་ཡག་པོ་བྱ་དགོས།

གཉིས། མ་བསྐུལ་དང་ལེན་གྱིས་ཉིང་སྐྱུར་དཔེ་བཤེར་བྱ་དགོས།

ཉིང་སྐྱུར་དཔེ་བཤེར་ནི་དེ་མ་ཐག་ནད་དུག་ཕོག་མཁན་རྙེད་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན། རང་དང་ཁྱིམ་མི། ལས་གྲོགས། གྲོགས་པོ་སོགས་ཀྱི་བདེ་ཐང་ཉེན་མེད་ཡོང་ཆེད། ཉེན་ཁ་ས་ཁུལ་ནས་ཡོང་མཁན་དང་ལོག་མཁན་ཚང་མས་ཐག་ཉེ་ས་དང་སྟབས་བདེ་སར་ཉིང་སྐྱུར་དཔེ་བཤེར་ཐེངས་གཅིག་བྱ་དགོས།

གསུམ། ཉིང་སྐྱུར་དཔེ་བཤེར་བྱེད་དུས་ཀྱི་དོ་སྣང་དོན་ཚན།

   ཉིང་སྐྱུར་དཔེ་བཤེར་སྔོན་ལ།ཆུ་ཚོད་གཉིས་ཀྱི་ནང་ཚུད་ལ་ཟ་མ་མི་ཟ་བ་དང་། སྐར་མ30ཡི་སྔོན་ལ་ཆུ་དང་ཆང་རག་མི་འཐུང་བ། ཁ་གཙང་ཐང་ཆུ་མི་ཟ་བ་བཅས་བྱས་ཏེ། དཔེ་བཤེར་བྱེད་དུས་སྐྱུག་པ་དང་དང་ཁ་མི་བདེ་བ་མི་ཡོང་བ་བྱ་དགོས། ཁ་ཤུབས་རྒྱག་པ་དང་བར་ཐག་བཞག་པ། བང་ཡག་པོ་སྒྲིག་པ་དང་། ཁ་བརྡ་ལབ་མི་ཉན།

   ཉིང་སྐྱུར་དཔེ་བཤེར་བྱེད་དུས།བརྟག་བཤེར་སྟེགས་བུའི་ཐོག་གི་དངོས་པོ་ལ་མི་རེག་པ་དང་། ལག་ཁྱེར་ཁ་པར་དང་ཐོབ་ཐང་ལག་ཁྱེར། ལྡེ་མིག་སོགས་མི་སྒེར་གྱི་དངོས་རྫས་སྟེགས་བུར་གཞག་རྒྱུ་མེད། སྨན་དོན་མི་སྣའི་བླང་བྱ་ལྟར་དེ་འབྲེལ་གྱི་བྱ་སྤྱོད་སྤེལ་ཏེ་ནད་དུག་ཕན་ཚུན་མི་འགོ་བར་བྱ་དགོས།

    ཉིང་སྐྱུར་དཔེ་བཤེར་བྱས་རྗེས། ཁ་ཤུབས་ཡག་པོ་བརྒྱབ་ནས་དེ་མ་ཐག་འགྲོ་དགོས། དཔེ་བཤེར་བྱེད་སར་བསྡད་མི་རུང་། དཔེ་བཤེར་བྱས་རྗེས་མུ་མཐུད་དེ་རང་ཉིད་འགོག་སྲུང་ཡག་པོ་བྱེད་པ་དང་། ལག་པ་གཙང་མ་བཀྲུ་དགོས།།


  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་འགྲིམ་འགྲུལ་སྔོན་དུ་སྤེལ་བའི་འཐབ་ཇུས་ལག་བསྟར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས།
  • ལེ་ཚན་རྗེས་མ།:ཚེས15ཉིན་ལ་རང་ཁུལ་དུ་ཏོག་གསར་གློ་ཚད་ཀྱི་ནད་པ1འཕར་འདུག།
  • དོ་སྣང་ཆེ་བའི་རྩོམ།