དཀར་མཛེས་ཁུལ་གྱིས་ཏོག་གསར་གློ་ཚད་རིམས་ཚུལ་འགོག་ཟོན་ཚོད་འཛིན་འཚུབ་བསྟུན་བཀོད་འདོམས་པུའུའི་ཚོགས་འདུ་འཚོགས།

ཨ་མགོན་གྱིས་བསྒྱུར།        2022-08-17

   སྤྱི་ཟླ8པའི་ཚེས13ཉིན་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་འདབ་པ་རྫོང་དུ་ཏོག་གསར་གློ་ཚད་རིམས་ཚུལ་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུའི་ཚོགས་འདུ་འཚོགས་ནས་རིམས་ནད་བྱུང་ཚུལ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་ཆབས་ཅིག། འདབ་པ་རྫོང་དུ་ཕྱི་ནས་གསར་དུ་ཁྱབ་མཆེད་བྱུང་བའི་རིམས་ནད་བྱུང་ཚུལ་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

   ཧྲེན་དབྱང་གིས་བསྟན་དོན། མིག་སྔར་རྒྱལ་ཁབ་ནང་ཁུལ་གྱི་རིམས་ནད་བྱུང་ཚུལ་གྱི་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བ་དང་།ལྷག་པར་དུ་མཐའ་སྐོར་ས་ཁུལ་གྱི་རིམས་ནད་རྒྱུན་མཐུད་དུ་མང་དུ་འགྲོ་བའི་ཐོག། དབྱར་ཁར་གུང་གསེང་ཡུལ་སྐོར་བྱེད་མཁན་འབེལ་བའི་དུས་ལ་འཁེལ་ཡོད་པར་བརྟེན།ཕྱི་ནས་ཁྱབ་མཆེད་ཡོང་བའི་རིམས་ནད་འགོག་ཟོན་བྱ་རྒྱུའི་ལས་འགན་ཧ་ཅང་ལྗིད་པོ་ཡིན་པ་རེད། ད་ཐེངས་འདབ་པ་རྫོང་དུ་ཕྱི་ནས་ཁྱབ་མཆེད་ཡོང་བའི་རིམས་ཚུལ་གྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ཉེན་བརྡ་བཏང་བ་དེ་ནི་ཁུལ་ཡོངས་ཀྱི་རིམས་ཚུལ་སྔོན་འགོག་ཚོད་འཛིན་བྱེད་པར་དངོས་འཐབ་ཐུབ་པའི་འཇོན་ནུས་ཉམས་སད་བྱེད་པ་ཡིན་ལ།རིམ་ཁག་ཏང་ཨུ་དང་སྲིད་གཞུང་གི་སྲིད་འཛིན་ཆུ་ཚད་ལའང་ཞིབ་དཔྱད་བྱས་པ་རེད།རྫོངགྲོང་ཁྱེརཁག་དང་ལྷག་པར་དུ་འདབ་པ་རྫོང་གིས་བསམ་བློའི་ཐོག་མཐོང་ཆེན་བླ་ན་མེད་པར་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས“ནད་གཞི་མེད་པ”བྱ་རྒྱུའི་སྤྱི་ཡོངས་ཀྱི་བྱེད་ཕྱོགས་དང“རིམས་ཚུལ་འགོག་ཟོན་ཐུབ་པ། དཔལ་འབྱོར་བརྟན་པོ་ཡོང་བ།འཕེལ་རྒྱས་ཉེན་མེད་ཡོང་བའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱ་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར།མི་དམངས་གཙོ་བོར་འཛིན་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་ཀྱིས་མ་མཐའི་མཚམས་ཐིག་བསམ་གཞིག་དང་མཐའ་སྣེའི་བསམ་གཞིག་བརྟན་པོ་བཅངས་ནས་ནུས་ཤུགས་ཡོད་རྒུས་རེས་འདིའི་རིམས་ནད་བྱུང་བར་ཁ་གཏད་གཅོག་རྒྱུ་ནི་མིག་སྔའི་ལས་འགན་ཨང་དང་པོར་བརྩིས་ཏེ་ཅི་མགྱོགས་གང་མགྱོགས་ཀྱིས་གསོག་ཚད་མེད་པ་དང་འཕར་ཚད་གཏནའགོག་བྱས་པར་བརྟེན། རིམས་ཚུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཉུང་དུ་གཏོང་གང་ཐུབ་བྱ་དགོས། 

    ཧྲེན་དབྱང་གིས་ནན་གསུང་གནང་དོན། བྱ་སྤྱོད་སེམས་ཐག་བཅད་ནས་སྤེལ་ཏེ་མགྱོགས་མྱུར་དུ་འཚུབ་བསྟུན་ཐག་གཅོད་བྱེད་སྟངས་ཀྱི་སྔོན་ཚོད་ཇུས་འགོད་བཟོས་ནས་སེམས་ཐག་གཙང་བཅད་ཀྱིས་རིམས་ཚུལ་ཁྱབ་མཆེད་འགྲོ་བར་གཏན་འགོག་བྱ་དགོས།བྱེད་ཐབས་འཕྲལ་ཐག་ཆོད་པོ་བྱས་ནས་རིམ་པ་བགོས་ནས་འགོག་བཅོས་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ་ཉེན་ཁའི་ས་ཁོངས་ཀྱི་མི་ཚང་མར་ཉིང་སྐྱུར་ཚགས་བཤེར་རེས་མང་པོ་བྱེད་པ་དང་ཆབས་ཅིག།ཉེ་སར་ཐད་ཀ་ཐུག་འཕྲད་དང་གཞན་བརྒྱུད་དུ་ཐུག་འཕྲད་བྱེད་མཁན་མི་སྣ་གཏན་འཁེལ་གནད་སྨིན་བྱ་དགོས། སྤྱི་ཚོགས་བརྟན་བརླིང་ཡོང་བར་བྱས་ནས་ཆ་འཕྲིན་ཁྱབ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡག་པོ་བྱས་པར་བརྟེན། ཉེན་ཁ་ཆེ་བའི་ས་ཁུལ་གྱི་ཡུལ་སྐོར་བའི་བསམ་ཚུལ་ལ་ཁྲིད་སྟོན་དང་ཞབས་ཕྱི་འགན་སྲུང་ཇེ་དྲག་ཏུ་བཏང་བ་དང་ཆབས་ཅིག། སེམས་ཤུགས་བསྒྲིམས་ལ་བརྩེ་སེམས་བཅངས་པའི་སྒོ་ནས་མང་ཚོགས་ལས་དོན་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་ཀྱི་རྒྱུན་ལྡན་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏང་དགོས། འགན་ལེན་ནུས་ལྡན་བྱས་ནས་ལས་ཕྱོད་ཆེ་བའི་བསམ་གཞིག་བརྟན་པོ་བཅངས་ཏེ་རྒྱུན་ལྡན་གྱི་ཁུངས་འདེད་དང་ཉིང་སྐྱུར་དཔེ་བཤེར།ལོགས་སུ་བཀར་ནས་འཇོག་ས།གྲུ་ཤག་སྨན་ཁང་སོགས་ཀྱི་ཞན་ཆ་གང་མགྱོགས་མེད་པ་བཟོས་ནས་གཞི་ཁྱོན་ཆེ་བའི་རིམས་ཚུལ་ལ་ཁ་གཏད་གཅོག་པའི་ཆ་རྐྱེན་འོག་གི་དངོས་ཟོག་འགན་ལེན་དང་སྟོབས་ཤུགས་གྲ་སྒྲིག་ཡག་པོ་བྱ་དགོས།ལས་དོན་གནས་སུ་འཁེལ་བ་བྱས་ནས་ཁུལ་དང་རྫོང་གིས་ཡོངས་ཁྱབ་རང་བཞིན་གྱི་བཀོད་འདོམས་མ་ལག་བཙུགས་ཏེ་རིམ་ཁག་མགོ་ཁྲིད་ལས་བྱེད་པ་མགྱོགས་མྱུར་དུ་རིམས་ཚུལ་ལ་ཁ་གཏད་གཅོག་པའི་ལས་དོན་ནང་ཞུགས་དགོས། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀའི་མཉམ་ཤུགས་ཆགས་པ་བྱ་དགོས། རིམས་ནད་མ་བྱུང་བའི་ས་ཁུལ་གྱིས“ཕྱི་ནས་ཁྱབ་མཆེད་ཡོང་བ་དང་ནང་དུ་བསྐྱར་དུ་ཐོན་རྒྱུ་འགོག་ཟོན་བྱ་རྒྱུའི”བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ནས་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་རིམས་ནད་འགོག་ཟོན་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་སེམས་ཤུགས་གཅིག་བསྒྲིལ་གྱིས་རིམས་ཚུལ་ལ་འཕྲད་པ་ལས་རྒྱལ་ཁ་ཐོབ་པ་བྱ་དགོས།

   ཧྥུང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན།འདབ་པ་རྫོང་གིས“ཡོད་ན་མི་སྐྲག་ཁྱབ་མཆེད་འགྲོ་ན་སྐྲག་པའི”འདུ་ཤེས་བཅངས་ནས་བྱེད་པོའི་འགན་འཁྲི་འཁུར་བ་དང་།མ་མཐའི་མཚམས་ཐིག་བསམ་གཞིག་ཇེ་དྲག་ཏུ་གཏོང་བ།མིག་སྔའི་རྙོག་འཛིང་ཆེ་བའི་དུས་བབ་ལ་བློ་རིག་པ་དྭངས་མོས་ངོས་འཛིན་བྱེད་པ།བློ་ཤུགས་གཅིག་འདུས་དང་བསྒྲུབས་ནས་མེད་པ་བྱེད་པའི་བྱེད་སྟངས་རྒྱུན་འཁྱོངས་ཏེ་འཕྲལ་ཐག་ཆོད་པོས་བྱ་སྤྱོད་སྤེལ་དགོས།འཚུབ་བསྟུན་ཐག་གཅོད་བཀོད་འདོམས་མ་ལག་བཙུགས་ནས་རྫོང་རིམ་པའི་ལས་བྱེད་པ་སྔོན་དུ་བསྐྱོད་ནས་བཀོད་འདོམས་དང་ལས་གྲྭ་དང་པོའི་ཐོག་ལས་དོན་བསྒྲུབས་ནས་ནད་ཡམས་རིག་པའི་བརྟག་དཔྱད་དང་།སྤྱི་ཁུལ་གྱི་འགོག་ཟོན་ཚོད་འཛིན།དྲིལ་བསྒྲགས་ཁྲིད་སྟོན།ཁྲོམ་རའི་ལྟ་སྐུལ་དོ་དམ།སྨན་བཅོས་སྐྱོབ་བཅོས།མི་སྣ་སྐྱེལ་བསུ།དངོས་ཟོག་འགན་ལེན་སོགས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་ཁ་ཆེ་བའི་ས་ཁུལ་བགོས་ནས་རིམ་པ་རིགས་འབྱེད་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དང་བྱེད་ཐབས་བཟོ་དགོས། དུས་ཚོད་སྐར་ཆ་ཙམ་ལ་ཡང་བརྩོན་ལེན་བྱས་ནས་འབྱུང་རྩ་ལེགས་སྒྲིག་བྱས་ཏེ་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པ་བྱས་ནས་མགྱོགས་མྱུར་བརྒྱུད་སྤེལ་གྱི་འབྲེལ་ཐག་གཅོད་དགོས། 

    ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཏེང་ལི་ཅུན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་རིག་གནས་རྒྱང་བསྒྲགས་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་།འདབ་པ་རྫོང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་ཏོག་གསར་གློ་ཚད་སྐོར་གྱི་སྤྱི་བསྒྲགས་ཛ་དྲག་མ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས“ཀྲུང་གོའི་མི་བཟང་”གཉིས་ལ་ཡིག་ལན་བསྐུར་གནང་བ།
  • དོ་སྣང་ཆེ་བའི་རྩོམ།