ཞི་ཅིན་ཕིང་གིས“ཀྲུང་གོའི་མི་བཟང་”གཉིས་ལ་ཡིག་ལན་བསྐུར་གནང་བ།

བདེ་ཆེན་གྱིས་བསྒྱུར།        2022-08-17

 ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ8པའི་ཚེས13ཉིན་ལ་ཨན་ཧུའེ་ཧོང་ཧྲན་ལྗོངས་ཁུལ་གྱི་ལས་སྒྲུབ་མི་སྣ་ལི་ཕེ་ཧྲེང་དང་ཧུའུ་ཞའོ་ཁྲུན་གཉིས་ལ་ཡིན་ལན་བསྐུར་གནང་སྟེ། ཁོ་ཚོར“ཀྲུང་གོའི་མི་བཟང་”གི་དཔེ་བཟང་ནུས་པ་མུ་མཐུད་ནས་འདོན་སྤེལ་བྱ་རྒྱུའི་ཐད་རེ་བ་ནན་པོ་བཏོན་གནང་བ་རེད།

  ཞི་ཅིན་ཕིང་གིས་ཡིག་ལན་ནང་གསུངས་དོན། ཁྱོད་ཚོས་ལོ་མང་པོར་རི་བྲག་བར་གྱི་ཁོར་ཡུག་གཙང་མ་བཟོ་བ་དང་། ཉིན་ལྟར་ལོ་ངོ་སྟོང་གི་མགྲོན་བསུའི་ཐང་ཤིང་ལ་གཅེས་པར་སྐྱོང་ཞིང་། བརྩེ་སེམས་ཆེན་པོས་མཛེས་སྡུག་ལྡན་པའི་རི་བོ་ཧོང་ཧྲན་སྲུང་བ་བཅས་ཀྱི་ཐོག་ནས་ལས་བཀུར་བློས་འབུལ་གྱི་སྙིང་སྟོབས་གང་ལེགས་མངོན་ཡོད་པ་རེད།

  ཞི་ཅིན་ཕིང་གིས་བསྟན་དོན། “ཀྲུང་གོའི་མི་བཟང་”གི་ཆེས་རྩ་ཆེ་ཤོས་ནི་སྤྱིར་བཏང་གི་ལས་དོན་ཁྲོད་སྤྱིར་བཏང་མིན་པའི་བྱས་རྗེས་གཏོད་རྒྱུ་དེ་རེད། ཁྱོད་ཚོས་མུ་མཐུད་ནས་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། བདེན་ལེགས་མཛེས་གསུམ་ཁྱབ་སྤེལ་དང་དྲང་ཕྱོགས་ནུས་པ་བརྒྱུད་སྤྲོད་ཧུར་ཐག་བྱས་ནས་ཉེ་འགྲམ་གྱི་མི་དེ་བས་མང་པོ་དྲང་ལམ་དགེ་ཕྱོགས་སུ་སྐུལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་དར་སྤེལ་གཏོང་ཞིང་། སྤྱི་ཚོགས་ཀྱི་སྤྱི་དམངས་བཟང་པོ་དང་ལས་ཁུངས་ཀྱི་ལས་མི་བཟང་པོ། ཁྱིམ་ཚང་གི་ཁོངས་མི་བཟང་པོ་བཅས་གང་ཐུབ་ཐུབ་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་རང་ཉིད་ཀྱི་ནུས་པ་འབུལ་རོགས།

   2008ལོ་ནས་བཟུང་། ཀྲུང་དབྱང་དཔལ་ཡོན་གཞུང་ལས་ཁང་གིས་རྩ་འཛུགས་བྱས་ནས་དྲྭ་ཐོག་ཏུ“ངས་ཉེ་འགྲམ་གྱི་མི་བཟང་འོས་སྦྱོར་དང་དཔྱད་མོལ་བྱེད”ཅེས་པའི་བྱེད་སྒོ་སྤེལ་ཏེ།ད་བར་དུ“ཀྲུང་གོའི་མི་བཟང་མིང་ཐོ”ཐེངས150ཁྱབ་བསྒྲགས་བྱས་ཤིང་། ཁྱོན་བསྡོམས་མི16228“ཀྲུང་གོའི་མི་བཟང་”གི་གྲས་སུ་བདམས་པ་རེད། ལི་ཕེ་ཧྲེང་དང་ཧུའུ་ཞའོ་ཁྲུན་གཉིས་ཀྱིས་རི་བོ་ཧོང་ཧྲན་ལྗོངས་ཁུལ་དུ་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་དང་མགྲོན་བསུའི་ཐང་ཤིང་སྐྱོང་བའི་ལས་ཀ་བསྒྲུབས་ཡོད། 2012ལོ་དང2021ལོར་སྔ་རྗེས་སུ་ལས་བཀུར་བློས་འབུལ་རིགས་ཀྱི“ཀྲུང་གོའི་མི་བཟང”ནང་བདམས་པ་རེད། ཉེ་ཆར། ལི་ཕེ་ཧྲེང་དང་ཧུའུ་ཞའོ་ཁྲུན་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་ལས་ཀའི་གནས་ཚུལ་དང་མྱོང་ཚོར་སྙན་སེང་ཞུས་ཏེ་མཛེས་སྡུག་ལྡན་པའི་རི་བོ་ཧོང་ཧྲན་སྲུང་སྐྱོང་དང་ཀྲུང་གོ་མཛེས་སྡུག་ལྡན་པ་བསྐྲུན་རྒྱུར་སྟོབས་ཤུགས་བྱས་རྗེས་སུ་འབུལ་རྒྱུའི་ཆོད་སེམས་མཚོན་པ་རེད།།

ཞི་ཅིན་ཕིང་གིས“ཀྲུང་གོའི་མི་བཟང་”གཉིས་ལ་ཡིག་ལན་བསྐུར་གནང་བ།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱིས་ཏོག་གསར་གློ་ཚད་རིམས་ཚུལ་འགོག་ཟོན་ཚོད་འཛིན་འཚུབ་བསྟུན་བཀོད་འདོམས་པུའུའི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་གྱི་རིམས་ཚུལ་གསར་ཤོས།
  • དོ་སྣང་ཆེ་བའི་རྩོམ།