ཚེས15ཉིན་ལ་རང་ཁུལ་དུ་ཏོག་གསར་གློ་ཚད་ཀྱི་ནད་པ1འཕར་འདུག།

བདེ་ཆེན་གྱིས་བསྒྱུར།        2022-08-18

  སྤྱི་ཟླ8པའི་ཚེས15ཉིན་གྱི་ཆུ་ཚོད0པ་ནས24པའི་བར། དཀར་མཛེས་ཁུལ་དུ་ཏོག་གསར་གློ་ཚད་ཀྱི་ནད་པ1གསར་དུ་འཕར་བ་དང་། ནད་རྟགས་མེད་པའི་ནད་པ2གསར་དུ་འཕར་ཡོད་པ་རེད།

ས་གནས་རང་ནས་གསར་དུ་འཕར་བའི་ནད་པའི་གནས་ཚུལ།

ཏོག་གསར་གློ་ཚད་ཀྱི་ནད་པ་བཞི་པ།

 ཞིང་ཆེན་གཞན་ནས་དཀར་མཛེས་ཁུལ་དུ་ཡོང་བའི་མི་སྣ་ཡིན་ཞིང་། “སི་ཁྲོན་དུ་ཡོང་བའི་ས་ཚུགས་དང་པོའི”གཙོ་གནད་མི་ཚོགས་ཟུར་བཀར་དོ་དམ་ཚོད་འཛིན་བྱེད་པའི་ཁྲོད་ནས་བྱུང་ཡོད། སྤྱི་ཟླ8པའི་ཚེས15ཉིན་གྱི་ཉིང་སྐྱུར་དཔེ་བཤེར་མཇུག་འབྲས་ནི་ནད་དུག་ཡོད་པ་ཡིན། ཁུལ་རིམ་པའི་ཆེད་མཁས་ཚོ་ཆུང་གིས་ཕྱོགས་བསྡུས་ཞིབ་འཇུག་བྱས་ནས་ཏོག་གསར་གློ་ཚད་ཀྱི་ནད་པར(ཡང་མོ)ངོས་བཟུང་སྟེ་ཕྱིར་འབྲེལ་མེད་པར་བརྒྱུད་བསྐྱལ་བྱས་ནས་དམིགས་འཛུགས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།

ཏོག་གསར་གློ་ཚད་ཀྱི་ནད་རྟགས་མེད་པའི་ནད་པ་གཉིས་གསར་དུ་འཕར་བའི་གནས་ཚུལ།

ནད་རྟགས་མེད་པའི་ནད་པ་དང་པོ། ཞིང་ཆེན་གཞན་ནས་སི་ཁྲོན་དུ་ཡོང་མཁན་ཡིན་ཞིང་།ཏོག་གསར་གློ་ཚད་ཀྱི་ནད་པ་གསུམ་པ་དང་འབྲེལ་འདྲིས་བྱེད་མཁན་ཡིན། སྤྱི་ཟླ8པའི་ཚེས15ཉིན་གྱི་ཉིང་སྐྱུར་དཔེ་བཤེར་གྱི་མཇུག་འབྲས་ནི་ནད་དུག་ཡོད་པ་ཡིན། ཁུལ་རིམ་པའི་ཆེད་མཁས་ཚོ་ཆུང་གིས་ཕྱོགས་བསྡུས་ཞིབ་འཇུག་བྱས་ནས་ཏོག་གསར་གློ་ཚད་ཀྱི་ནད་རྟགས་མེད་པའི་ནད་པ་ལ་ངོས་བཟུང་སྟེ་ཕྱིར་འབྲེལ་མེད་པར་བརྒྱུད་བསྐྱལ་བྱས་ནས་དམིགས་འཛུགས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།

ནད་རྟགས་མེད་པའི་ནད་པ་གཉིས་པ། ཞིང་ཆེན་གཞན་ནས་སི་ཁྲོན་དུ་ཡོང་མཁན་ཡིན་ཞིང་། ཏོག་གསར་གློ་ཚད་ཀྱི་ནད་པ་བཞི་པ་དང་འབྲེལ་འདྲིས་བྱེད་མཁན་ཡིན་ཅིང་། སྤྱི་ཟླ8པའི་ཚེས15ཉིན་གྱི་ཉིང་སྐྱུར་དཔེ་བཤེར་གྱི་མཇུག་འབྲས་ནི་ནད་དུག་ཡོད་པ་ཡིན། ཁུལ་རིམ་པའི་ཆེད་མཁས་ཚོ་ཆུང་གིས་ཕྱོགས་བསྡུས་ཞིབ་འཇུག་བྱས་ནས་ཏོག་གསར་གློ་ཚད་ཀྱི་ནད་རྟགས་མེད་པའི་ནད་པར་ངོས་བཟུང་སྟེ་ཕྱིར་འབྲེལ་མེད་པར་བརྒྱུད་བསྐྱལ་བྱས་ནས་དམིགས་འཛུགས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།

ནད་པའི་འགྲོ་སྐྱོད་གནས་ཚུལ།

སྤྱི་ཟླ8པའི་ཚེས12ཉིན། 

དར་མདོ་གྲོང་ཁྱེར།

ཆུ་ཚོད9:50ལ་ཧྲོང་ལིའུ་གནམ་ཐང་ནས་དུས་གཏན་གནམ་གྲུ3U8639པར་བསྡད་དེ་དར་མདོའི་གནམ་ཐང་དུ་སླེབས། དར་མདོའི་གནམ་ཐང་དུ་ཉིང་སྐྱུར་དཔེ་བཤེར་བྱས་རྗེས་སྒེར་འཁོར་དུ་བསྡད་ནས་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་དུ་སོང་། 

ཆུ་ཚོད11:00ནས12:00ཡས་མས་སུ་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་གྱི་ཁང་པེ་སྨན་ཚོང་ཁང་དུ་སྨན་ཉོས་པ་དང་། ཡཱ་ཤང་ཡོན་ཟས་ཁང་དུ་ཟ་མ་བཟས། ཐེན་ལ་ལ་ཚོང་ཁང་དུ་སིལ་ཟས་ཉོས།

ཆུ་ཚོད12:40ཐོག་ལ་རྐང་ཐང་དུ་གྲོགས་པོའི་ཁྱིམ་དུ་སོང་ནས་ཕྱིར་བསྐྱོད་མེད།

སྤྱི་ཟླ8པའི་ཚེས13ཉིན།

འབའ་ཐང་རྫོང་།

ཆུ་ཚོད01:00-07:00ལ་འབྲི་ཆུ་ཟམ་ཆེན་བརྒྱུད་ནས་འབའ་ཐང་རྫོང་གྲུ་བ་ནང་ཡུལ་ཤོག་ཏུ་སླེབས།

ཆུ་ཚོད7:00ཐོག་འབའ་ཐང་རྫོང་གྲུ་བ་ནང་འགག་ཚུགས་སུ་ཉིང་སྐྱུར་དཔེ་བཤེར་བྱས།

ཆུ་ཚོད9:00ཐོག་ཕྱིར་འབྲེལ་མེད་པར་བརྒྱུད་བསྐྱལ་བྱས་ནས་འབའ་ཐང་རྫོང་བྱ་ཁྱུང་གྲོང་རྡལ་ཨན་ཁང་ལམ་ཆེན་ཨང122སུ་ཟུར་བཀར་བྱས།

ཆུ་ཚོད16:00ཐོག་ཕྱིར་འབྲེལ་མེད་པར་བརྒྱུད་བསྐྱལ་བྱས་ནས་ན་ནོ་ལན་མགྲོན་ཁང་དུ་གཅིག་སྡུད་ཟུར་བཀག་བྱས།  

   གོང་གི་ནད་པའི་འགྲོ་སྐྱོད་དང་འབྲེལ་བ་ཡོད་པའི་གྲོང་མིས་དེ་མ་ཐག་སྤྱི་ཁུལ་དང་གྲོང་སྡེ། ལས་ཁུངས། མགྲོན་ཁང་བཅས་ལ་སྙན་སེང་ཞུ་དགོས། ཁ་ཤུབས་ཡག་པོ་བརྒྱབ་ནས་མགྱོགས་པར་ཐག་ཉེ་སར་ཉིང་སྐྱུར་དཔེ་བཤེར་བྱེད་སར་འགྲོ་དགོས། ལམ་བར་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དུ་བསྡད་རྒྱུ་མེད།


  • ལེ་ཚན་སྔོན་མ།:རང་ཁུལ་དུ་ཡོང་མཁན་དང་ལོག་མཁན་ཚོས་ཡག་པོ་ལྟ་རོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།