ཧྲེན་དབྱང་གིས་དར་མདོར་རིམས་ཚུལ་འགོག་ཟོན་ལས་དོན་ལ་ལྟ་ཞིབ་གནང་།

        2022-08-16

    སྤྱི་ཟླ8པའི་ཚེས14ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོ་གྲོང་ཁྱེར་དུ་རིམས་ཚུལ་འགོག་ཟོན་ལས་དོན་ལ་ལྟ་སྐུལ་ཁྲིད་སྟོན་དང་ཞིབ་བཤེར་གནང་བ་དང་། བརྙན་འཕྲིན་བརྒྱུད་དེ་འབྲི་ཆུའི་རྒྱུད་ངོགས་ཀྱི་རྫོང་ཁག་གི་རིམས་ཚུལ་འགོག་ཟོན་ལས་དོན་ལ་བཀོད་གཏོང་གནང་ཞིང་། རིམས་འགོག་གི་ལས་ཡུལ་དུ་ཡོད་པའི་ལས་བྱེད་པ་དང་ལས་བཟོ་བ་རྒྱ་ཆེན་དང་ལྷག་པར་སྨན་དོན་མི་སྣ་རྣམས་ལ་གུས་བཀུར་བླ་ན་མེད་པ་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་རེད། ཁོང་གིས་ཁུལ་ཡོངས་ཀྱི་ས་གནས་ཁག་དང་རིམ་པ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལག་ལེན་མཐར་ཕྱིན་ནན་པོར་བསྟར་དགོས་ཤིང་། རིམས་ནད་ཕྱི་ནས་འགོ་བ་དང་ནང་ནས་བསྐྱར་དུ་ལོག་པ་སྔོན་འགོག་བྱེད་པའི་སྤྱིའི་ཐབས་ཇུས་དང་འགྱུར་ཚུལ་ལ་བསྟུན་ནས་རིམས་ནད་མི་ཐོན་པའི་སྤྱིའི་བྱེད་ཕྱོགས་མཐའ་གཅིག་ཏུ་རྒྱུན་འཁྱོངས་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐེངས་འདིའི་རིམས་ཚུལ་གྱི་སྤྱིའི་བཀོད་སྒྲིག་ལྟར། བྱ་སྤྱོད་མྱུར་དུ་སྤེལ་ཞིང་མགྱོགས་པོས་མགྱོགས་པོ་འདུལ་བ་དང་ཕྱོགས་མང་མཉམ་རུབ་ཀྱི་སྒོ་ནས་རིམས་ཚུལ་འགོག་ཟོན་གྱི་འགོག་རྒོལ་དམག་འཐབ་དྲག་པོ་ལས་རྒྱལ་ཁ་ཐོབ་པར་བྱས་ཏེ། རིམས་ཚུལ་ཁྱབ་མཆེད་དུ་འགྲོ་བ་མཐའ་གཅིག་ཏུ་བཀག་འགོག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ཉེན་མེད་ཡོང་བར་སྲུང་སྐྱོང་ཧུར་ཐག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྲེན་དབྱང་ཁུལ་བདེ་ཐང་འཕྲོད་བསྟེན་ཨུ་ལྷན་དུ་ཕེབས་ནས་དུས་ཚོད་དམ་འཛིན་གྱིས་མི་སྣ་ཉེན་ཁ་ཅན་ལ་ཚགས་བཤེར་དང་ཉིང་སྐྱུར་དཔེ་བཤེར་ཐེངས་གྲངས་མང་དུ་གཏོང་ཞིང་། གོ་སྒྲིག་ཡོད་པའི་སྒོ་ནས་ལོགས་བཀར་ཚོད་འཛིན་དང་ནད་ཡམས་རིག་པའི་བརྟག་དཔྱད་དང་ནད་ཁུངས་རྩད་སྙེག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་རིམས་ཚུལ་གྱི་བརྒྱུད་ལམ་མཐའ་གཅིག་ཏུ་གཅད་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཏེ་དངོས་ཟོག་ཡོ་བྱད་དང་སྨན་རྩལ་སྟོབས་ཤུགས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ་དང་རྫོང་དང་གྲོང་ཁྱེར་ཁག་ལ་ལྟ་སྐུལ་ཁྲིད་སྟོན་ཡག་པོ་བྱ་དགོས་པ་བསྟན་པ་རེད།

ཧྲེན་དབྱང་ཁུལ་རིམས་འགོག་ལྟེ་གནས་སུ་ཕེབས་ནས། རྒྱུན་ཆད་མེད་པར་འཐབ་འཛིང་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་ཞིང་། ཡིད་ཆེས་བརྟན་པོ་དང་ངར་ཤུགས་ཆེན་པོས་ཉིང་སྐྱུར་བརྟག་བཤེར་ལ་མཁོ་བའི་མི་སྣ་དང་སྒྲིག་ཆས། དངོས་ཟོག་སོགས་འགན་སྲུང་ཡག་པོ་བྱེད་ཅིང་། ཉིང་སྐྱུར་བརྟག་བཤེར་གྱི་ནུས་པ་སྔར་ལས་ཆེ་རུ་བཏང་སྟེ་ཁུལ་ཡོངས་ཀྱི་རིམས་ཚུལ་འགོག་ཟོན་སྤྱི་ཡོངས་ལ་ལག་རྩལ་གྱི་འདེགས་སྐྱོར་སྟོབས་དང་ལྡན་པ་མཁོ་འདོན་བྱ་དགོས་ཞེས་བསྟན་པ་རེད།

ཁུལ་རིམས་འགོག་ལྟེ་གནས་སུ་ཕེབས་ནས་འབྲེལ་ཡོད་ལས་དོན་རྒྱུས་ལོན་གནང་བཞིན་པ།

ཧྲེན་དབྱང་དར་མདོ་གྲོང་ཁྱེར་གྲུ་ཤག་སྨན་ཁང་དུ་ཕེབས་ནས། གྲ་སྒྲིག་ཡོད་ན་ཉེན་ཁ་ཆུང་བའི་མཐིལ་ཚད་ཀྱི་བསམ་གཞིག་བརྟན་པོར་བཅངས་ནས། དངོས་ཡོད་གནས་ཚུལ་ལ་གཞི་ཚུགས་ཤིང་མིག་ཕུགས་རིང་པོར་ལྟ་བ། སྔོན་ཚུད་དུ་བརྡ་གཅོད་བྱེད་ཅིང་གྲ་སྒྲིག་གང་ལེགས་བྱས་ཏེ། གྲུ་ཤག་སྨན་ཁང་སྤུས་འབོར་གཉིས་ལྡན་ཞིག་བསྐྲུན་ཏེ་ལོག་བཀར་བསྡུ་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། སྨན་བཅོས་སྲོག་སྐྱོབ་དང་སྨན་ཁང་ནང་ཁུལ་གྱི་རིམས་འགོག་བཀོལ་སྤྱོད་སྒྲིག་སྲོལ་དོན་ཐོག་ནན་འཁྱོལ་བྱས་ཏེ་གྲུ་ཤག་སྨན་ཁང་འཁོར་སྐྱོད་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས་ཞེས་བསྟན་པ་རེད།


དར་མདོ་གྲོང་ཁྱེར་གྲུ་ཤག་སྨན་ཁང་དུ་ཕེབས་ནས་རིམས་འགོག་ལས་དོན་ཁྲིད་སྟོན་གནང་བཞིན་པ།

ཧྲེན་དབྱང་མི་རྒོད་མཚོ་ལྗོངས་ཁུལ་དུ་ཕེབས་ནས། ཁོངས་གཏོགས་ཀྱི་འགན་འཁྲི་དང་སྡེ་ཁག་གཙོ་གཉེར་པའི་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་དོན་ཐོག་ནན་འཁྱོལ་བྱེད་པ་དང་། བདེ་ཐང་ཨང་རྟགས་བཤེར་ཞིང་ལྟ་བ། ཉིང་སྐྱུར་མཇུག་འབྲས་ལ་ལྟ་བ། ཁ་ཤུགས་རྒྱག་པར་སྐུལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རིམས་འགོག་གི་སྲུང་ར་བརྟན་པོར་བཟོ་དགོས། རིམས་ཚུལ་འགོག་ཟོན་དང་སྒྲིག་ལམ་སྲུང་བ་སྤྱི་འདོམས་བྱེད་ཅིང་ཞིབ་བཤེར་འགག་ཚུགས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ་དང་ལྗོངས་ཁུལ་གྱི་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་སྤུས་ཚད་མཐོན་པོས་ཕྱོགས་བཞིའི་འགྲུལ་པར་བསུ་དགོས་ཞེས་བསྟན་པ་རེད།

མི་རྒོད་མཚོ་ལྗོངས་ཁུལ་དུ་ཕེབས་ནས་རིམས་འགོག་ལས་དོན་སྤེལ་ཚུལ་ཞིབ་བཤེར་གནང་བཞིན་པ།

ཧྲེན་དབྱང་གིས་བརྙན་འཕྲིན་བཀོད་གཏོང་གནང་དུས་ནན་གསུང་གནང་དོན། རྫོང་དང་གྲོང་ཁྱེར་ཁག་གིས་རིམས་ཚུལ་གྱི་གནས་བབ་ལ་ཞིབ་གཅོད་གནད་ལ་སྨིན་བ་བྱ་དགོས། དཀའ་ངལ་དང་འགྲན་སློང་ལ་ངོས་འཛིན་གསལ་པོ་བྱ་དགོས་ལ་རིམས་ཚུལ་ཁྱབ་མཆེད་མི་འགྲོ་བ་དང་རྒྱལ་ཁ་འཐོབ་ངེས་པའི་ཆོད་སེམས་བརྟན་པོ་ཡོད་དགོས། སྔར་ལྷག་གིས་མི་སྣ་གཙོ་བོ་དང་གནས་ཡུལ་གཙོ་བོ། ས་ཁོངས་གཙོ་བོ་བཅས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་རིམས་ཚུལ་འགོག་ཟོན་གྱི་སྲུང་ར་བརྟན་པོ་བཟོ་དགོས། བོད་ལྗོངས་སོགས་ས་ཁུལ་གཙོ་བོ་ནས་ཡོང་མཁན་དང་ཕྱིར་ལོག་མཁན་མི་སྣ་ལ་ཚགས་བཤེར་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སི་ཁྲོན་དུ་ཡོང་ཕྱིན་ཉིང་སྐྱུར་དཔེ་བཤེར་བྱ་དགོས་པའི་བླང་བྱ་དོན་འཁྱོལ་གནད་སྨིན་བྱེད་ཅིང་། བརྟག་བཤེར་བྱ་དགོས་ཚད་ལ་བརྟག་བཤེར་དང་དོ་དམ་བྱ་དགོས་རིགས་ལ་དོ་དམ། རླངས་འཁོར་གཅིག་དང་མི་གཅིག་ཀྱང་མི་ལུས་པའི་སྒོ་ནས་སི་ཁྲོན་གྱི་ནུབ་སྒོ་བརྟན་པོ་བསྲུང་དགོས། ཆ་འཕྲིན་ཁྱབ་སྤེལ་དང་གླེང་ཕྱོགས་ལ་སྣེ་ཁྲིད། འགྲུལ་བར་ཞབས་ཞུ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། སྤྱི་ཚོགས་ཡོངས་རྫོགས་ཀྱིས་རིམས་འགོག་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར། དེར་ཞུགས་པ་བཅས་བྱ་རྒྱུར་སྐུལ་ཁྲིད་ཡག་པོ་བྱ་དགོས། རྒྱུད་རིམ་ཡོད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཞིང་། རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་ཅིང་། རིམས་ཚུལ་འགོག་ཐུབ་པ་དང་དཔལ་འབྱོར་བརྟན་པོར་ཡོང་བ། འཕེལ་རྒྱས་ཉེན་མེད་ཡོང་བ་བཅས་ཁག་ཐེག་བྱས་ཏེ། གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས།།

ཐུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་དུ་ཏོག་གསར་གློ་ཚད་ཀྱི་ནད་པ1འཕར་བའི་གནས་ཚུལ།
  • ལེ་ཚན་རྗེས་མ།:རང་ཁུལ་ཏོག་གསར་གློ་ཚད་སྐོར་གྱི་སྤྱི་བསྒྲགས་ཛ་དྲག་མ།
  • དོ་སྣང་ཆེ་བའི་རྩོམ།