ཞི་ཅིན་ཕིང་གི་འབྱུང་འཕྲོད་འཕེལ་རྒྱས་ཐད་ཀྱི་ཐུགས་དགོངས།

ཨོ་རྒྱན་གྱིས་བསྒྱུར།        2022-08-19

“རི་གཉིས”འདུ་ཤེས་ཀྱིས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འབྱུང་འཕྲོད་ལམ་དུ་བསྒྱུར།

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་ཁྲིད་འོག་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་དུ་གྱུར་ནས་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་སྒྱུར་བའི་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་བར་བསྐུལ་ཡོད།

ཞི་ཅིན་ཕིང་གི་འབྱུང་འཕྲོད་འཕེལ་རྒྱས་ཐད་ཀྱི་ཐུགས་དགོངས།

     ཀྲེ་ཅང་ཧུའུ་ཀྲོའུ་ཨན་ཅི་རྫོང་དུ་བསྐྱོད་སྐབས་ས་གཞིར་སྔོ་ལྗང་གིས་ཁེངས་པ་དང་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་ཁྲོད་དུ་མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ལྡན་ཞིང་།“མཛེས་སྡུག་ལྡན་པའི་ཀྲུང་གོའི”པར་རིས་གསོན་ཉམས་དོད་པོ་ཞིག་མངོན་གྱི་ཡོད། མི་རྣམས་ཀྱི་བློ་ཡུལ་དུའང་འཆར་དཀའ་བ་ཞིག་ལ། སྔོན་ཆད་འདི་ན་རྡོ་བརྐོས་པའི་རྐྱེན་གྱིས་གང་སར་ཁ་ཤོར་སྣ་རལ་དང་ཐལ་རྡུལ་གྱིས་ཁེངས་ཡོད།

     2005ལོའི་ཟླ་བ8ཚེས15ཉིན། སྐབས་དེར་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་བཞིན་པའི་བློ་མཐུན་ཞི་ཅིན་ཕིང་འཕེལ་རྒྱས་བྱེད་སྟངས་སྒྱུར་བཞིན་པའི་སྒང་གི་ཨན་ཅི་རྫོང་ཡུས་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་འདུ་ཤེས་བཏོན་གནང་ཡོད། དེའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་བའི་ཐད་ཀྱི་དགོངས་པ་ཟབ་མོ་འདུས་ཡོད།

ཞི་ཅིན་ཕིང་གི་འབྱུང་འཕྲོད་འཕེལ་རྒྱས་ཐད་ཀྱི་ཐུགས་དགོངས།

     “རི་གཉིས”འདུ་ཤེས་ཀྱི་སྣེ་ཁྲིད་འོག་ཨན་ཅི་རྫོང་གིས་འཕེལ་རྒྱས་འཆར་འགོད་སླར་ཡང་ལེགས་སྒྲིག་བྱས་ནས“སྨྱུག་མའི”ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་སྐྱེ་ཁམས་སྤྲོ་གསེང་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ2021ལོའི་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར365ཟིན་ཡོད་ལ། ལོ་གསུམ་བསྟུད་མར་རྒྱལ་ཡོངས་ཀྱི་རྫོང་ཁོངས་ཡུལ་སྐོར་ཕྱོགས་བསྡུས་སྟོབས་ཤུགས་ཆེས་ཆེ་བའི་རྫོང་བརྒྱའི་ཨང་དང་པོ་ཐོབ་པ་རེད།    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་མཐོང་ཆེན་གནང་ཞིང་། ཧྲའན་ཞི་རུ་ཁོང་གིས་རི་སྔོན་ཆུ་དྭངས་ནི་རང་བྱུང་གི་རྒྱུ་ནོར་ཡིན་ལ་དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན། ཡུལ་མི་ཚོས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་སྤེལ་བ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཀུའེ་ཀྲོའུ་རུ་ཁོང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་བྱེར་འགྱུར་དང་རྡོར་འགྱུར། ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་དོན་ཆེན་དེ་རྒྱུན་ཆད་མེད་པར་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

 ཞི་ཅིན་ཕིང་གི་འབྱུང་འཕྲོད་འཕེལ་རྒྱས་ཐད་ཀྱི་ཐུགས་དགོངས།

     2020ལོའི་ཟླ་བ11པར་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུགས་ཀྱི་འཆར་འགོད་གནང་བ་རེད། ཁོང་གིས“འབྲི་ཆུའི་དཔལ་འབྱོར་ཁུལ་དེ་རང་རྒྱལ་གྱི་སྐྱེ་ཁམས་སྔོན་ལ་སྤེལ་ཞིང་འབྱུང་འཕྲོད་འཕེལ་རྒྱས་གཏོང་བའི་གཡུལ་ས་གཙོ་བོ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ལྡན་གྱི་འཕར་རྩ་གཙོ་བོ། དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་བྱེད་པའི་གཙོ་ཤུགས་དམག་བཅས་སུ་འགྱུར་བར་བྱ་དགོས”ཞེས་གསུངས་པ་རེད།

 ཞི་ཅིན་ཕིང་གི་འབྱུང་འཕྲོད་འཕེལ་རྒྱས་ཐད་ཀྱི་ཐུགས་དགོངས།

“ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་དམ་དུ་འཛིན་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པ”དང་། འབྲི་ཆུར“ལོ་བཅུའི་རིང་ལ་ཉ་འཛིན་མི་ཆོག”པ། འབྲི་ཆུ་རྒྱུད་ཀྱི་ཉ་པ་ཁྲི23མཚོ་འགྲམ་ནས་ཕྱིར་འཐེན་བྱས་ཏེ་ཐོན་སྐྱེད་གཞན་སྒྱུར་གྱི་ལས་ཀ་གཉེར་བཞིན་ཡོད་པ་རེད། 

     ད་སྔའི་བར་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར11ཏུ་རིམ་རྩིས་བྱས་ན་འབྲི་ཆུའི་འགྲམ་རྒྱུད་ཀྱི་བར་ཁོངས་སྤྱི་ལེ457ཕྱིར་འཐེན་བྱས་པར་བརྟེན། སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་བ་དང་ཆབས་ཅིག་སྤུས་ལེགས་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་བར་ཁོངས་བཞག་ཡོད་པ་རེད། ཧུའུ་པེ་དབྱི་ཁྲང་དུ་དེ་སྔའི་རྫས་འགྱུར་བཟོ་ལས་ཀྱིས་འབྲི་ཆུ་སྐོར་བའི་ཁེ་ལས་འབྱུང་འཕྲོད་བཟོ་ལས་གླིང་ཁུལ་དུ་སྤོས་པ་རེད། ཁེ་ལས་འདིས་ཐོན་སྐྱེད་བྱས་པའི་གློག་རྡུལ་རིམ་པའི་ཁིལ་ནཱ་རྫས་ནི་འདུས་སྙིང་རྒྱུ་ཆའི་གཙོ་བོ་ཞིག་ཡིན་པ་དང་། སྒྱུར་བཀོད་རིམ་སྤོར་བྱས་རྗེས་ཀྱི་ཐོན་རྫས་ལྷད་མེད་ཚད་དེ་འཛམ་གླིང་གི་རྩེར་སོན་ཆུ་ཚད་དུ་སླེབས་ནས་མཆོང་ཐེངས་གཅིག་ལ་གོ་ལ་ཧྲིལ་པོའི་གློག་རྡུལ་རིམ་པའི་ཁིལ་ནཱ་རྫས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད། 

     རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་ནས་རྒྱལ་ཡོངས་ས་གནས་ཁག་གི་གསོན་ཉམས་ལྡན་པའི་ལག་ལེན་ལས་མཛེས་སྡུག་ལྡན་པའི་ཀྲུང་གོའི་རི་མོ་གསར་པ་འབྲི་བཞིན་ཡོད།

ཞི་ཅིན་ཕིང་གི་འབྱུང་འཕྲོད་འཕེལ་རྒྱས་ཐད་ཀྱི་ཐུགས་དགོངས།

     མའོ་ཝུའུ་སུའུ་བྱེ་ཐང་ནི་ཀྲུང་གོའི་བྱེ་ཐང་ཆེན་པོ་བཞིའི་གྲས་ཤིག་རེད། ལོ་བཅུའི་རིང་། དེ་གའི་མི་རྣམས་ཀྱིས་བྱེ་བཅོས་ནགས་བཟོའི་ལས་ལ་བརྟེན་ནས་ཤར་ཕྱོགས་སུ་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཀྱི་སར་ལྗང་མདོག་རྒྱ་བསྐྱེད་བཏང་བ་དང་། སྤྱི་ལེ་གྲུ་བཞི་མ་ཁྲི1ལྷག་ཙམ་གྱི་བྱེ་ཐང་ལྗང་མདོག་ཏུ་བསྒྱུར་པ་དང་། འཁོར་སྐར་རྒྱང་ཚོར་པར་རིས་ནས་དེ་གའི་བྱེ་ཐང་སྔོ་ལྗང་དུ་འགྱུར་བའི་ངོ་མཚར་གསལ་པོར་མཐོང་ཐུབ། 

     འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་དང་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་གཏང་དགོས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རིར་བསྒྱུར་བའི་ཐབས་ལམ་ཡང་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དུ་འགྲོ་བཞིན་ཡོད། 

     ཅང་ཞིའི་ཧྲང་རའོ་ཡི་ལྷ་གཟིགས་ལུང་གི་རྡོ་གཏེར་འདོན་ཡུལ་དེ་སྐྱེ་ཁམས་མཛེས་ལྗོངས་ཁུལ་དུ་བསྒྱུར་ཏེ། དཔལ་འབྱོར་ཡོང་འབབ་ཆེས་ཆེར་འཕར་ཡོད།

ཞི་ཅིན་ཕིང་གི་འབྱུང་འཕྲོད་འཕེལ་རྒྱས་ཐད་ཀྱི་ཐུགས་དགོངས།

     ཀོང་ཞི་ཀུའེ་ལིན་དུ་འགྲན་ཟླ་བྲལ་བའི་ལི་ཅང་རི་ཀླུང་གིས“མཛེས་སྡུག་ལྡན་པའི་ཉམས་འགྱུར”དེ“ཕུན་སུམ་ཚོགས་པའི་རིན་ཐང”ལ་སྒྱུར་བཞིན་ཡོད་པ་རེད།

 ཞི་ཅིན་ཕིང་གི་འབྱུང་འཕྲོད་འཕེལ་རྒྱས་ཐད་ཀྱི་ཐུགས་དགོངས།

      ལོ་བཅུའི་རིང་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་སུ་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 2021ལོར་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་བརྒྱ་ཆ87.5བར་འཕར་ཞིང་། 2015ལོ་ལས་བརྒྱ་ཆའི་གྲངས6.5འཕར་བ་དང་། རྒྱལ་ཡོངས་ཀྱི་ཆུ་ངོས་རིགས་དང་པོ་ནས་གསུམ་པའི་བར་གྱི་བསྡུར་ཚད་དེ་བརྒྱ་ཆ84.9བར་མཐོ་རུ་ཕྱིན་ནས2015ལོ་ལས་བརྒྱ་ཆའི་གྲངས18.9འཕར་ཡོད་པ་རེད། ལོ་བཅུའི་རིང་རང་རྒྱལ་གྱིས་རིམ་རྩིས་བྱས་ན་མུའུ་དུང་ཕྱུར9.6གི་ནགས་བཟོའི་ལས་འགན་བསྒྲུབས་ནས་གྲུབ་པ་དེས་གོ་ལ་ཧྲིལ་པོའི་མིའི་ཐབས་ལ་བརྟེན་ནས་ནགས་བཟོའི་བཞི་ཆ་གཅིག་ཟིན་ཏེ་ཉེ་བའི་ལོ་བཅུའི་ནང་གོ་ལ་ཧྲིལ་པོའི་ནགས་ཚལ་ཐོན་ཁུངས་འཕར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད།

     “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི”ཡིན། འདི་ནི་རྒྱལ་ཁབ་ཅིག་གི་འཕེལ་རྒྱས་གཏོང་བའི་འདུ་ཤེས་དང་བྱེད་སྟངས་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་པ་ཞིག་ཡིན་ལ་ཀྲུང་གོ་གུང་ཁྲན་ཏང་མིས་འགྲོ་བ་མིའི་དཔལ་ཡོན་འཕེལ་རྒྱས་ཀྱི་ཆོས་ཉིད་དང་། རང་བྱུང་ཆོས་ཉིད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ཤེས་རྟོགས་གཏིང་ཟབ་ལོན་པ་ཞིག་ཀྱང་ཡིན་པས་དུས་རབས་གསར་པའི་ཀྲུང་གོ་བ་དང་རང་བྱུང་བར་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྣེ་ཁྲིད་བྱས་ཡོད།།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་ས་ཁོངས་ཧྲིལ་པོ་ལ།མཛེས་སྡུག་ངོ་མཚར་ལྟ་བས་ཆོག་མི་ཤེས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།