དཀར་མཛེས་ཁུལ་གྱིས་ཆུ་དང་འབྲེལ་བའི་ཚོགས་འདུ་གལ་ཆེན་ཞིག་འཚོགས།

ཨོ་རྒྱན་གྱིས་བསྒྱུར།        2022-08-19

དཀར་མཛེས་ཁུལ་གྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་བཅས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་དང2022ལོའི་སྤྱི་ཁྱབ་ཆུ་དཔོན(རྒྱས་འཛོམས)ཚོགས་འདུ་འཚོགས།


     སྤྱི་ཟླ8པའི་ཚེས18ཉིན་དཀར་མཛེས་ཁུལ་གྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་བཅས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་དང2022ལོའི་སྤྱི་ཁྱབ་ཆུ་དཔོན(རྒྱས་འཛོམས)ཚོགས་འདུ་དར་མདོར་འཚོགས་ཤིང་། རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། སྤྱི་ཁྱབ་ཆུ་དཔོན་གྱི་ལས་འགན་སྒྲུབ་ཚུལ་སྙན་ཞུར་ཉན་པ་དང་ཕྱིན་ཆད་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་དང་། མགོ་ཁྲིད་ཚོ་ཆུང་གི་མགོ་གཙོ། ཁུལ་སྤྱི་ཁྱབ་ཆུ་དཔོན་བཅས་ཡིན་པའི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

     ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲི་ཆུ་དང་རྨ་ཆུའི་རྒྱུད་དུ་ཐེངས་མང་གཟིགས་ཞིབ་ཏུ་ཕེབས་ཤིང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་ང་ཚོར་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་བཅས་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་ཀྱི་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དཀར་མཛེས་ཁུལ་ནི་འབྲི་ཆུ་དང་རྨ་ཆུ་སི་ཁྲོན་དུ་བཞུར་བའི་ས་ཚུགས་དང་པོ་དང་སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་སྐྱེ་ཁམས་གནས་བབ་ཧ་ཅང་གལ་ཆེན་ལྡན་ཡོད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་དེ་བསམ་བློའི་ཁྲིད་སྟོན་དུ་འཛིན་པ་དང་། ཁོང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་པ་དང་ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་གྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་།“སྲུང་སྐྱོང་གཉིས”ལག་ལེན་མཐའ་གཅིག་ཏུ་བསྟར་ཞིང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་དང་། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དཀར་མཛེས་ཀྱི་ཆུ་བོ་དང་གཙང་པོ། རི་སྔོ་ཆུ་དྭངས་བཅས་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས་ཞེས་བསྟན་པ་རེད།

     ཚོགས་འདུའི་ཐོག། ཐོག་མཐའ་བར་གསུམ་དུ་རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱ་དགོས། རྒྱུད་རིམ་ལྡན་པའི་འདུ་ཤེས་སྲུང་སྐྱོང་དང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་། ཐན་པའི་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་དང་། བྱེར་འགྱུར་ས་ཞིང་བཅོས་སྐྱོང་། ས་ཆུ་ཤོར་བ་ཕྱོགས་བསྡུས་བཅོས་སྐྱོང་། ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་བཅས་དམ་འཛིན་ལེགས་པོ་བྱས་ཤིང་། ཁྲོ་ཤུལ་གོང་མའི་རྒྱལ་སྤྱིའི་འདམ་ར་གལ་ཆེན་སྲུང་སྐྱོང་ལེགས་པོ་བྱ་རྒྱུ་དང་། ཤུལ་བཞག་གཏེར་ཁའི་སྐྱེ་ཁམས་ཉམས་གསོ་དང་ལྗང་མདོག་གཏེར་རི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱ་དགོས། ཀྲུང་དབྱང་དང་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་ལ་དམ་འཛིན་ཏན་ཏིག་བྱས་ནས་རྩིས་ཁྲ་དོ་དམ་བྱས་ཏེ་རིམ་པ་བཞིན་དུས་བཀག་ནང་བཅོས་སྒྲིག་བྱེད་པ་དང་ཟུར་བསྟན་ལེབ་མཐོང་གིས་རྒྱུན་རྣམ་གྱི་ཕུགས་ཕན་དོ་དམ་ལམ་སྲོལ་འཛུགས་དགོས། ཐོན་ཁུངས་སྤྱི་དང་ལྷག་པར་དུ་ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་གོང་མཚམས་ནན་སྲུང་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་དམར་ཐིག་ལག་བསྟར་ནན་ཏན། ཆུ་གློག་ཆུང་གྲས་ཀྱི་ཐོན་སྒོ་འབྱེད་པ། “ལོ་བཅུའི་རིང་ཉ་འཛིན་མི་ཆོག་པ”སོགས་ཀྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བཅས་བྱས་ཏེ་ཆུ་གྲོན་ཆུང་དང་ཚོད་འཛིན་གཏིང་ཟབ་དང་། སྐྱེ་ཁམས་ཉམས་གསོའི་འགག་སྒྲོལ་ལས་ཀ་ཡག་པོ་བསྒྲུབ་དགོས་པར་བསྟན་པའོ།།

     ཚོགས་འདུའི་ཐོག། དཀར་མཛེས་ཁུལ་གྱི་རེས་སྐོར་གཉིས་པའི་གཙང་པོ་དང་མཚེའུ་དཔོན་གྱི་ལམ་ལུགས་ཀྱི་ལྐོག་བཤེར་ལྟ་ཞིབ་ལས་ཤེས་རྟོགས་བྱུང་བའི་དཔེ་མཚོན་གནད་དོན་གྱི་ཉེན་བརྡའི་པར་གཞི་དང་།《དཀར་མཛེས་ཁུལ་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ལག་བསྟར་ཇུས་གཞི》དང《དཀར་མཛེས་ཁུལ་གྱི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི2022ལོའི་གཙོ་གནད་ལས་ཀའི་གསལ་ཐོ》སོགས་ཀྱི་ཇུས་གཞིར་གྲོས་ཞིབ་བྱས། ལྕགས་ཟམ་ཁ་དང་སེར་ཤུལ། འབའ་ཐང་བཅས་ཀྱི་སྤྱི་ཁྱབ་ཆུ་དཔོན་དང་པོས་ཡུལ་དངོས་ནས་ལས་འགན་སྒྲུབ་ཚུལ་སྙན་ཞུ་ཕུལ་བ་དང་། ཁུལ་ཨུ་རྒྱུན་ཨུའི་ཁུལ་དཔོན་གཞོན་པ་ཏེང་ལི་ཅུན་གྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་དང་། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་བཅས་དང་དེ་བཞིན་གཙང་པོ་དང་མཚེའུ་དཔོན་ལམ་ལུགས་ཀྱི་ལས་དོན་སྤེལ་ཚུལ་བརྡ་བསྒྲགས་བྱས་པ་རེད།

     ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་དང་། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གི་འབྱུང་འཕྲོད་འཕེལ་རྒྱས་ཐད་ཀྱི་ཐུགས་དགོངས།
  • ལེ་ཚན་རྗེས་མ།:མགྱོགས་པོར་ལྟོས། བརྡ་ཐོ་ཛ་དྲག་མ།
  • དོ་སྣང་ཆེ་བའི་རྩོམ།