རང་བཞེངས་དབྱངས་ཅན་རྒྱན་མདུད་མ།

ཆོས་འབྱོར།        2022-08-19

དགེ་རྒན་ངག་ལ་ཕུལ།

ཚིག་རིན་ཆེན་ནོར་བུ་འབྲུག་མགོ་མ།།

དེའི་སྐུད་པ་སེན་མོའི་བར་ན་རྒྱུ།།

ངའི་རྟོགས་པ་སད་དང་མ་སད་ཀྱིས།།

ངའི་ངག་ལ་ངག་གི་མགྲོན་པོ་བྱོན།།

ངའི་རྣམ་ཤེས་རླུང་ལ་མ་འདྲེས་ཤིང་།།

ངའི་ཚེག་ཁྱིམ་མཁའ་ན་རྩེ་ཞིང་འདུར།།

ཚེ་ད་ལྟའི་རྣམ་སྨིན་ཡང་ངམ་ཅི།།

རྟ་གཤོག་ཐོགས་མཁའ་རི་འབྲོ་རྩོམ་པ།།

ངས་སྒ་ཐོག་ཚིག་ཀྱང་རིང་དུ་བཅུན།།

རླུང་གཡུག་གཡུག་སྡོང་ལོ་ཡུག་ཡུག་འདར།།

རི་བྱེ་མའི་ཐང་ཆེན་ཐང་སྟོང་ནས།།

བལྟས་བལྟས་ཀྱི་ད་ལྟའི་སྙན་ངག་རེད།།

དྲིན་ཆེ་བའི་ཕ་མ་གཉིས་ཀ་ལ།།

དགའ་ཟེར་ཡང་མཆོད་པ་ལྷག་ནས་འདུག།

པུས་བཙུགས་ནས་ཐལ་སྦྱར་མི་དགོས་སྐད།།

སྐད་དེ་ཡི་ལན་ལ་དབྱངས་བརྒྱ་བཞེངས།།

ཚིག་ཐ་སྙད་དབུ་མའི་གནད་ལ་ཁེལ།།

དོན་ཟབ་མོ་རྫོགས་སྐོར་འབུམ་ཕྲག་བཤུས།།

ཚིག་དོན་གཉིས་བསྒྲུན་ན་དོ་མེད་པ།།

ངག་མིང་ཅན་གཡུ་ཆུང་དྲུག་དཀར་རེད།།

ཚེགས་སྤྱད་པའི་ཐ་སྙད་ལྗིད་ཀྱང་དོག།

དེ་ཁུར་ན་རྣ་སྒོ་གཟེར་ཞིང་ལྕི།།

གོ་བདེ་བའི་ནེ་ཙོའི་མགྲིན་པའི་གླུ།།

གསན་གསན་གྱིན་ལུང་བསྟན་འགྱུར་ཡང་སླ།།



  • ལེ་ཚན་སྔོན་མ།:ཨ་ཅེ་རྒྱང་ལ་མ་འགྲོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།