རིམས་ཚུལ་འགོག་ཟོན་འཚུབ་བསྟུན་ཐག་གཅོད་ལས་ཀའི་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས4པ་འཚོགས།

        2022-08-22

ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་འགོག་ཟོན་འཚུབ་བསྟུན་བཀོད་འདོམས་པུའུའི་ཚོགས་འདུ་ཐེངས66དང་ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་འགོག་ཟོན་འཚུབ་བསྟུན་ཐག་གཅོད་ལས་ཀའི་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས4པའི་ཐོག།

གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་དུས་ཐོག་ཏུ་ཆད་བཤེར་ཁ་གསབ། རིམས་ཚུལ་འགོག་ཟོན་གྱི་འགོག་རྒོལ་དམག་འཐབ་དྲག་པོ་ལས་རྒྱལ་ཁ་ཐོབ་པ་བྱ་དགོས་ཞེས་གསུངས།

སྤྱི་ཟླ8པའི་ཚེས16ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་འགོག་ཟོན་ཚོད་འཛིན་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཧྥུང་ཧྥ་ཀུའེ་ཡིས་གཙོ་སྐྱོང་གནང་ནས་ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་འགོག་ཟོན་ཚོད་འཛིན་འཚུབ་བསྟུན་བཀོད་འདོམས་པུའུའི་ཚོགས་འདུ་ཐེངས66དང་ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་འགོག་ཟོན་ཚོད་འཛིན་འཚུབ་བསྟུན་ཐག་གཅོད་ལས་ཀའི་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས4པ་འཚོགས་པ་རེད།

ཚོགས་འདུའི་ཐོག། ཞིང་ཆེན་གྱི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུའི་སྙིང་དོན་མགྱོགས་མྱུར་དུ་བརྒྱུད་བསྒྲགས་དང་། ལག་བསྟར་དོན་འཁྱོལ་བྱས་ཏེ་ལས་ཀ་ཁག་གི་ཆེད་ལས་འཛིན་གྲྭ་དང་་ལས་ཀའི་ཚོ་ཆུང་གི་གནས་ཚུལ་སྙན་ཞུར་ཉན་འཇོག་བྱས་པ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ། གཙོ་གནད་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཧྥུང་ཧྥ་ཀུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ཚུལ་འགོག་ཟོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱ་དགོས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་དུས་ཐོག་ཏུ་ཆད་བཤེར་ཁ་གསབ། རིམས་ཚུལ་འགོག་ཟོན་གྱི་འགོག་རྒོལ་དམག་འཐབ་དྲག་པོ་ལས་རྒྱལ་ཁ་ཐོབ་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

 བདེ་སྐྱིད་ཀྱིས་བསྒྱུར།


  • ལེ་ཚན་སྔོན་མ།:མགྱོགས་པོར་ལྟོས། བརྡ་ཐོ་ཛ་དྲག་མ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་འཚུབ་བསྟུན་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་བཅོས་བསྒྱུར་གཏིང་ཟབ་བྱས།
  • དོ་སྣང་ཆེ་བའི་རྩོམ།