ཧྥུང་ཧྥ་ཀུའེ་ཡིས་རིམས་ཚུལ་འགོག་ཟོན་ཐད་ལ་ནན་གསུང་འདི་འདྲ་གནང་།

ཐུབ་ཀྱིས་བསྒྱུར།        2022-08-23

   སྤྱི་ཟླ8པའི་ཚེས20ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ཏོག་གསར་གློ་ཚད་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་མགོ་གཙོ། ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་འཚུབ་བསྟུན་ཐག་གཅོད་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་འཚུབ་བསྟུན་ཐག་གཅོད་ལས་དོན་མགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས8པ་གཙོ་སྐྱོང་གནང་སྟེ། ལས་དོན་ཆེད་ལས་ཚན་ཁག་དང་ལས་སྒྲུབ་ཚོ་ཆུང་། དེ་བཞིན་འབྲེལ་ཡོད་རྫོང་བཅས་ཀྱི་གནས་ཚུལ་སྙན་སེང་ལ་གསན་འཇོག་གནང་ཞིང་། ད་སྔའི་དུས་བབ་ལ་དབྱེ་ཞིབ་དང་བརྡ་གཅོད། ཕྱིན་ཆད་ཀྱི་ལས་དོན་གཙོ་བོ་བཀོད་སྒྲིག་གནང་བ་རེད།

     ཁོང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ཚུལ་འགོག་ཟོན་ལས་དོན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་། ཁུལ་བཅས་ཀྱི་རིམས་ཚུལ་འགོག་ཟོན་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་ཅིང་། རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་ནས་འགོག་ཟོན་ཤུགས་ཆེན་བྱས་ཏེ་མཉམ་འགོག་མཉམ་ཟོན་གྱི་སྲུང་ར་དམ་པོ་མཐའ་གཅིག་ཏུ་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།

     ཧྥུང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན། འགྱུར་ཚུལ་དང་བསྟུན་ནས་རིམས་ནད་མི་ཐོན་པའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་ལྷོད་མེད་དང་། གཅིག་གཉིས་གསུམ་གསུམ་གྱི་འགོག་ཟོན་བསམ་ཕྱོགས་ལ་དམ་དུ་དམིགས་ཤིང་། རིམས་ཚུལ་འགོག་ཟོན་ཐག་གཅོད་ལས་དོན་ཡག་པོ་བསྒྲུབས་ཏེ་དོན་རྐྱེན་ངན་པ་ཚབས་ཆེན་མི་འབུད་པ་དང་ས་གནས་ཀྱི་ནད་པ་བརྒྱུད་རབས་གཉིས་པ་མི་འབྱུང་བར་ཁག་ཐེག་བྱ་དགོས།


གཅིག་ནི་དེ་མ་ཐག་རིམས་འགོག་གི་བླང་བྱ་གསར་པ་དོན་ཐོག་འཁྱོལ་དགོས།

གཉིས་ནི་ཉེན་ཁ་ཡོད་པའི་མི་སྣར་ཚགས་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས།

གསུམ་ནི་ཉིང་སྐྱུར་དཔེ་བཤེར་གྱི་སྤུས་ཚད་ཇེ་མཐོར་གཏང་དགོས།

བཞི་ནི་ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་བྱ་དགོས།

ལྔ་ནི་འཁོར་སྐྱོད་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས།།


  • ལེ་ཚན་སྔོན་མ།:ཁམས་བྱང་གི་འབྲུ་མཛོད་དུ་སྟོན་ཐོག་བསྡུ་བའི་དུས་ཚིགས་འཆར།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གིས་རིམས་འགོག་བྱ་ཡུལ་དུ་སྐྱེས་སྐར་བསུ་བའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།