རང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་བྱས་ནས་དཔལ་འབྱོར་བརྟན་པོ་ཡོང་བར་བྱས།

        2022-08-22

《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་སྤེལ་བྱས་ཏེ་འཛད་སྤྱོད་རྒྱུན་མཐུད་སླར་གསོ་ཡོང་བར་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་བསམ་འཆར》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རིམས་ཚུལ་འགོག་ཟོན་ཚོད་འཛིན་དང་འཛད་སྤྱོད་ལ་སྐུལ་སྤེལ་གཏང་བའི་ལས་དོན་གཅིག་གྱུར་འཆར་འགོད་བྱས་ནས་ཡག་པོ་བསྒྲུབ་ཆེད། རང་ཁུལ་གྱིས་དུས་ཡུན་རིང་ཐུང་ཟུང་འབྲེལ་དང་དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ཟུང་འབྲེལ། མཁོ་སྤྲོད་ཀྱི་གཞོགས་གཉིས་མཐུན་སྦྱོར་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྲིད་ཇུས་ཕྱོགས་བསྡུས་ལག་བསྟར་བྱས་ཏེ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་པས་དཔལ་འབྱོར་བརྟན་པོ་ཡོང་བར་བྱས་པ་རེད།

སྲིད་ཇུས་ཀྱིས་འཛད་སྤྱོད་རྒྱ་སྐྱེད་བཏང་། སྲིད་ཇུས་ཀྱི་སྐུལ་སློང་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས《དཀར་མཛེས་ཁུལ་གྱི་འཛད་སྤྱོད་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ལག་བསྟར་ཞིབ་སྲོལ》དང《དཀར་མཛེས་ཁུལ་གྱི་ཚོང་རའི་གྲུབ་ཆ་གཙོ་བོ་བརྟན་འཇགས་དང་འཕར་སྣོན་ཡོང་བའི་བྱེད་ཐབས་དུ་མ》《དཀར་མཛེས་ཁུལ་གྱི་འཛད་སྤྱོད་ཚོང་རའི་གྲུབ་ཆ་གཙོ་བོ་གསོ་སྐྱོང་བྱེད་པའི་ལས་ཀའི་ཇུས་གཞི》སོགས་སྲིད་ཇུས་ཀྱི་ཡིག་ཆ་རབ་དང་རིམ་པ་གཏན་འབེབས་བྱས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་གཙོ་བོ་འཛད་སྤྱོད་འཛིན་ཤོག་དང་ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད། བཟའ་བཏུང་འཛད་སྤྱོད། བྲིན་ཚོང་བྱེད་སྒོ་བཅས་ལ་འཛད་སྤྱོད་ཕན་འབྲས་ཐོན་སླ་བའི་ཕྱོགས་བཞི་ལ་ཤུགས་བརྒྱབ་པ་རེད།

ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་རོགས་ཤུགས་ཆེན་བྱས། ཁྲལ་གྲོན་མཉམ་སྡེབ་རྣམ་པའི་རྒྱབ་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཤུགས་ཆེན་པོས་སྔོན་དཔག་ལྟར་གཙོ་གཟུགས་བརྟན་པོ་ཡོང་བ་བྱས། རིམས་ནད་གྱིས་ཐོན་སྐྱེད་གཉེར་སྐྱོང་ལ་གནས་སྐབས་དཀའ་ངལ་འཕྲད་པའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས། ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ལ་དུས་མཚམས་རང་བཞིན་གྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་དུས་འགྱངས་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་ནས་རིམས་འགོག་འགྲོ་གྲོན་ཁ་གསབ་དང་སྤྱི་ཚོགས་འགན་སྲུང་གི་ཁ་གསབ། དངུལ་བུན་སྐྱེད་གསབ་སོགས་ཀྱི་རྒྱབ་སྐྱོར་བྱས་ཡོད། ནུས་ལྡན་གྱིས་འཛུགས་སྐྲུན་ཁེ་ལས་ཀྱི“དངུལ་རྒྱུགས”ཁུར་པོ་ཡང་དུ་གཏོང་ཆེད་ཁག་ཐེག་དངུལ་འཇལ་སྤྲོད་བྱེད་སྟངས་གསར་པ་ཧུར་ཐག་གིས་བཏོད་ཡོད། སྤྱི་ཟླ6པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་ཁྲལ་སློག་དང་གྲོན་དངུལ་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་དང་དུས་མཚམས་རང་བཞིན་གྱི་དཔྱ་ཁྲལ་ནར་འགྱངས་བྱ་ཐབས་སྒོར་དུང་ཕྱུར15ལས་བརྒལ་བ་དང་རྒྱལ་ཁབ་ལ་དབང་བའི་སྡོད་ཁང་གི་བོགས་དངུལ་སྒོར་ཁྲི400ཆག་ཡང་དང་རྩ་ཆག་བཏང་བས་ཁྲོམ་རའི་གཙོ་གཟུགས་དུད་ཚང230ལ་ཕན་པ་ཐོབ། དངུལ་རྩའི་སྒྲིག་གཞིར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས། ཁེར་རྐྱང་བཟོ་ཚོང་དུད་ཚང4340འོས་སྦྱོར་བྱས་པར་རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར64.09བཏང་བ་རེད། འཛུགས་སྐྲུན་ཁེ་ལས་ཀྱི“དངུལ་རྒྱུགས”སྒོར་ཁྲི3000ཙམ་ནུས་ལྡན་ངང་ཉུང་དུ་བཏང་བས་ཁུལ་ཡོངས་ཀྱི་ལས་གཞི46ལ་ཕན་པ་ཐོབ་པ་རེད།

བྲིན་ཚོང་བྱེད་སྒོས་གདིང་ཤུགས་མངོན་དུ་བཅུག། “གནས་མཆོག་གི་དཀར་མཛེས•དགའ་སྐྱིད་ཀྱི་འཚོ་བའི”དམངས་ཕན་བྲིན་ཚོང་བྱེད་སྒོ་སྤེལ་ནས་ཁུལ་དང་རྫོང་མཉམ་འགུལ། སྲིད་གཞུང་དང་གཙོ་གནད་ཁེ་ལས་མཉམ་འགུལ། དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་བཅས་ལ་དོ་སྣང་བྱས་ཡོད། སྤྱི་ཟླ6པའི་ཟླ་མཇུག་བར། ཁེ་ལས་སྒྲིག་འཛུགས་བྱས་ནས་དྲ་ཐོག་དང་དྲ་ཕྱི་ཁྲོམ་རའི་རྒྱ་སྐྱེད་བྱེད་སྒོ་ཐེངས5ནང་ཞུགས་པ་དང་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་ཐེངས72སྤེལ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངུལ་སྒོར་དུང་ཕྱུར1ལས་བརྒལ་བར་སྐུལ་ཁྲིད་བྱས་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་མ་དངུལ་སྒོར་ཁྲི180དོན་འཁྱོལ་བྱས། 2020ལོ་དང2021ལོར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གཞི་རྒྱ་འཕར་བ་དང་ཚོད་འཛིན། གནས་སྤོའི་རིམ་སྤོར་བྱ་དགའ། ཁ་གསབ་མ་དངུལ་བཅས་སྒོར་ཁྲི759དོན་འཁྱོལ་བྱ་རྒྱུའི་སྙན་ཞུ་ཕུལ་བ་རེད།

ལས་ཞུགས་ལ་བརྟེན་ནས་སྒུལ་ཤུགས་འཕེལ། ཁེ་ལས་ལ་རྒྱབ་སྐྱོར་དང་ལས་གནས་བརྟན་པོ་ཡོང་བ། ལས་གནས་རྒྱ་སྐྱེད་གཏོང་བ། གཙོ་གནད་ཚོགས་སྤྱི་ལས་ཞུགས་ཐུབ་པའི་ལས་དོན་ལེགས་པོར་བསྒྲུབས། ཁེ་ལས་ཆེ་གྲས་ཀྱི་ལས་ཤོར་འགན་བཅོལ་ལས་གནས་བརྟན་དུ་བཏང་ནས་ཕྱིར་སློག་བསྡུར་ཚད་བརྒྱ་ཆ50བར་མཐོ་རུ་བཏང་བ་དང་ཁེ་ལས་འབྲིང་གྲས་དང་ཆུང་གྲས། ཆེས་ཆུང་གྲས། སྒེར་གཉེར་བཟོ་ཚོང་དུད་ཚང་བརྒྱ་ཆ90བར་མཐོ་རུ་བཏང་། ཁེ་ལས187ལ་ལས་གནས་བརྟན་དུ་གཏོང་བར་ཁ་གསབ་སྒོར་ཁྲི173.88སྤྲད་པ་བཅས་རེད། ཞིང་སྡེའི་ངལ་རྩོལ་མི་ལག་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཐུབ་པའི་ཐབས་ལམ་རྒྱ་སྐྱེད་བཏང་ནས་དྲ་རྒྱའི་གདན་ཞུའི་ཚོགས་འདུ་ཐེངས35སྒྲིག་འཛུགས་བྱས་ནས་ལས་གནས77263མཁོ་འདོན་བྱས་པ་དང་ཁུལ་ཡོངས་ཀྱི་དབུལ་ཐར་མང་ཚོགས་ལས་ཞུགས་གཞན་སྒྱུར་གྱི་གཞི་ཁྱོན་མི་ཁྲི4.8691ལ་ཟིན་ཡོད་པ་རེད། ཁྲོན་བོད་ལྕགས་ལམ་དང་གུད་ཚབ་ལས་སྤྲོད་སོགས་ཀྱི་ལས་གཞི་འཛུགས་སྐྲུན་གྱི་དགོས་མཁོར་དམིགས་ཏེ་གཙོ་གནད་ཨར་ལས་ཀྱི་ལས་གཞི་སྡེ་ཚན་ལ་ངལ་རྩོལ་མི་ལག་བཏང་ནས་མི1424ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད་པ་རེད།།

རྟ་མགྲིན་རྡོ་རྗེས་བསྒྱུར།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་འཚུབ་བསྟུན་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་བཅོས་བསྒྱུར་གཏིང་ཟབ་བྱས།
  • ལེ་ཚན་རྗེས་མ།:ཁམས་བྱང་གི་འབྲུ་མཛོད་དུ་སྟོན་ཐོག་བསྡུ་བའི་དུས་ཚིགས་འཆར།
  • དོ་སྣང་ཆེ་བའི་རྩོམ།