གཞུང་དོན་དུ་ཚེ་ལས་འདས་པའི་འབའ་ཐང་གི་ཕོ་གསར་འདི་ལོ35ལས་སོན་མེད།

བདེ་ཆེན་གྱིས་བསྒྱུར།        2022-08-23

    གཞུང་དོན་དུ་ཚེ་ལས་འདས་པའི་འབའ་ཐང་གི་ཕོ་གསར་འདི་ལོ35ལས་སོན་མེད།

   སྤྱི་ཟླ8པའི་ཚེས21ཉིན་གྱི་ཕྱི་དྲོའི་ཆུ་ཚོད7དང་སྐར་མ10ཙམ་ལ། འབའ་ཐང་རྫོང་གི་འབྲི་ཆུའི་ཟམ་ཆེན་དུ་རིམས་ཚུལ་འགོག་ཟོན་ལས་དོན་སྒྲུབ་བཞིན་ཡོད་པའི་ཏུའུ་ཡུང་ངལ་དུབ་ཀྱིས་མནར་བའི་རྐྱེན་ལས་གློ་བུར་དུ་སྙིང་ནད་ཕོག་ནས་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་གཞུང་དོན་དུ་ཚེ་འདས་པ་རེད།

གཞུང་དོན་དུ་ཚེ་ལས་འདས་པའི་འབའ་ཐང་གི་ཕོ་གསར་འདི་ལོ35ལས་སོན་མེད།

     ཏུའུ་ཡུང་ནི་བོད་རིགས་ཡིན་ཞིང་འབའ་ཐང་རྫོང་བྱ་ཁྱུང་གྲོང་རྡལ་གྱི་མི་ཡིན། 1987ལོའི་ཟླ་བ8པའི་ཚེས26ཉིན་ལ་སྐྱེས་ཤིང་། 2010ལོའི་ཟླ་བ3པར་ལས་ཀར་ཞུགས་ཡོད། ཚེ་ལས་མ་འདས་སྔོན་འབའ་ཐང་རྫོང་ཕྱོགས་འདུས་ཁྲིམས་འཛིན་ཅུས་ཀྱི་ཁྲིམས་འཛིན་ལག་རོགས་མི་སྣ་ཡིན། བློ་མཐུན་ཏུའུ་ཡུང་གིས་མ་བསྐུལ་དང་ལེན་ངང་རིམས་ཚུལ་འགོག་ཟོན་གྱི་ལས་ཡུལ་དུ་ལས་དོན་སྒྲུབ་བཞིན་ཡོད། སྤྱི་ཟླ8པའི་ཚེས10ཉིན་ལ་བོད་ལྗོངས་སུ་རིམས་ཚུལ་བྱུང་རྗེས། རིམས་ཚུལ་འགོག་ཟོན་གྱི་ལས་འགན་དཀའ་ཚེགས་ཆེ་བ་དང་འཕྲད་པས། ཏུའུ་ཡུང་གིས་ཚམ་ཚོམ་མེད་པར་འབའ་ཐང་རྫོང་གྲུ་བ་ནང་འབྲི་ཆུའི་ཟམ་ཆེན་འགག་ཚུགས་སུ་རིམས་འགོག་ལས་དོན་སྤེལ་དུ་འགྲོ་ཆོག་པའི་ཁས་བླངས། ཁོང་གིས་ཉིན་མཚན་བསྟུད་མར11ལ་འབད་འཐབ་བྱས་ཤིང་། རྩ་འཛུགས་ཀྱིས་ལས་རེས་ངལ་གསོའི་བཀོད་སྒྲིག་བྱས་ཀྱང་ཁོང་གིས་ལས་ཡུལ་ནས་ཕྱིར་འཐེན་མི་བྱེད་པ་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱས། 

གཞུང་དོན་དུ་ཚེ་ལས་འདས་པའི་འབའ་ཐང་གི་ཕོ་གསར་འདི་ལོ35ལས་སོན་མེད།
གཞུང་དོན་དུ་ཚེ་ལས་འདས་པའི་འབའ་ཐང་གི་ཕོ་གསར་འདི་ལོ35ལས་སོན་མེད།

   སྤྱི་ཟླ8པའི་ཚེས21ཉིན་གྱི་ཕྱི་དྲོར། བློ་མཐུན་ཏུའུ་ཡུང་ལས་སྒྲུབ་འགག་ཚུགས་སུ་གློ་བུར་དུ་སྙིང་ནད་ཕོག་ནས་མྱུར་སྐྱོབ་མ་ཐུབ་པར་གཞུང་དོན་དུ་ཚེ་ལས་འདས་པ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་སྐོར་གླེང་བ།
  • ལེ་ཚན་རྗེས་མ།:ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུས“ཀྲུང་གོའི་ལོ་འདི་བཅུའི་རིང་གི·སི་ཁྲོན”གྱི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།