ལྷ་འཛོམས་ཀྱིས་བྲིས། 2022-08-24
“དེང་སང་ང་ཚོས་འདེབས་པའི་ཇ་ཉོ་སྒྲུབ་བྱེད་མཁན་སྤྱི་གཉེར་ཁང་ཡོད་པས། ལོ་འདི་ཁ་ཤས་ནང་དུད་ཚང་རེའི་ཇ་འདེབས་པའི་ཡོང་སྒོ་རྐྱང་པ་སྒོར་ཁྲི7ལྷག་ཡོད། མིག་སྔར་ཇའི་ཐོན་ལས་སྤེལ་བས་མ་ཚད། སླད་ཕྱིན་དུ་ང་ཚོས་ཡུལ་སྐོར་ལས་རིགས་ཀྱང་སྤེལ་རྒྱུ་ཡིན”ཅེས་པའི་སྐད་ཆ་འདི་ནི་བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་ལི་ཝུ་གྲོང་སྡེའི་ཡུལ་མི་ཚོས་ཉེ་དུས་སུ་གསར་འགོད་པར་བཤད་པའི་སྐད་ཆ་རེད།
བརྒྱད་ཟིལ་རྫོང་ནི་རང་ཁུལ་གྱི་སྤུས་ལེགས་ཀྱི་གནའ་བོའི་ཇ་ཐོན་ས་གཙོ་གནས་ཤིག་ཡིན་ཞིང་། ཇ་ཐོན་ཡུལ་ལྟེ་གནས་དེ་ཁེ་རྡོ་གྲོང་རྡལ་ཡིན་པས། དེ་གའི་གནམ་དབུགས་གཙང་ཞིང་ཆུ་དྭངས་བ་དེ་མཐོ་སའི་སྐྱེ་ཁམས་ཇ་འདེབས་པའི་ཆ་རྐྱེན་དང་མཐུན་ཞིང་། ཡུལ་མིའི་ཡོང་འབབ་འཕར་སྣོན་གཏོང་བའི་ཐབས་ལམ་ཞིག་བསྟན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དུས་རབས་གོང་མའི་ལོ་རབས80པར་ཁེ་རྡོ་གྲོང་རྡལ་གྱིས་གནའ་བོའི་ཇ་ཤིང་ལ་བརྟེན་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་བཏང་ཡོད་མོད། འོན་ཀྱང་འགྲིམ་འགྲུལ་མི་བདེ་བ་སོགས་ཀྱི་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་རྒྱལ་གཉེར་ཇའི་བཟོ་གྲྭར་ལས་མཚམས་བཞག་དགོས་བྱུང་། ཇ་ཤིང་སྡོང་རྒས་ཁ་ཤས་བཅད་དེ་ཞིང་ལས་ལོ་ཏོག་གཞན་དག་འདེབས་ཀྱི་ཡོད། 2005ལོ་ནས་བཟུང་བརྒྱད་ཟིལ་རྫོང་གིས་ས་གནས་དེ་གའི་ཐོན་ཁུངས་ལ་བརྟེན་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་གཞི་ཚུགས་ནས་ཇའི་ལྗང་གུ་དང་ཡོ་བྱད་ལ་རིན་པ་མི་དགོས་པས་སྤྲོད་པ་དང་དུས་བཀག་བཞིན་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཡུལ་དངོས་སུ་ལག་རྩལ་གསོ་སྦྱོང་དང་ཁ་གསབ་སྤྲོད་པའི་ཐོག། ཇ་ཞིང་གི་རྒྱ་ཁྱོན་ཆེ་རུ་གཏོང་ཞིང་། ཇའི་རྟེན་གཞི་འཛུགས་པ། ཚོང་འགུགས་དངུལ་འདྲེན་གྱིས་ཇའི་བཟོ་གྲྭ་སྐྲུན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་མང་ཚོགས་ཀྱིས་ཇ་འདེབས་པའི་ཧུར་བརྩོན་རང་བཞིན་ཆེ་རུ་བཏང་ནས་ཇའི་ཐོན་ལས་ལ་རོགས་སྐྱོར་ཤུགས་ཆེན་བྱས།
ལི་ཝུའུ་གྲོང་སྡེའི་ཇ་ཞིང་ཡང་འགྱུར་ལྡོག་ཆེན་པོ་བྱུང་ནས་རིམ་སྤོར་སྒྱུར་བཀོད་བྱས་རྗེས་ས་མཐོའི་ཇ་ཞིང་མཛེས་ལྗོངས་ཁུལ་དུ་གྱུར་ཡོད། ཡུལ་སྐོར་བས་ཇ་ཞིང་གི་མཛེས་ལྗོངས་ལ་ལྟད་མོ་ལྟ་ཐུབ་པས་མ་ཟད། ད་དུང་ཇ་འཐུ་བའི་སྤྲོ་སྣང་ཡང་མྱོང་རོལ་ཐུབ་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ཁེ་རྡོ་གྲོང་རྡལ་གྱིས་ཇ་ཞིང་དང་ཡུལ་སྐོར་གཞི་གཅིག་ཅན་ལ་བརྟེན་ནས་དེང་རབས་ཇའི་ཐོན་ལས་འཕེལ་རྒྱས་བཏང་བ་དང་། ས་གནས་དེ་གའི་ཕུགས་སྨིན་རིག་གནས་དང་མཉམ་འདྲེས་བྱས་ནས་ཇ་ཞིང་དེ་ཡུལ་སྐོར་དང་ལྗོངས་རྒྱུ། སྤྲོ་གསེང་ངལ་གསོ་བཅས་ཀྱི་མཛེས་ལྗོངས་ས་ཁུལ་ཞིག་ཏུ་བསྐྲུན་ནས་ཇའི་ཐོན་རྫས་དང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་དག་ཡུལ་སྐོར་ཐོན་རྫས་སུ་གསར་སྤེལ་བྱས་པ་རེད། རྨང་གཞིའི་འཛུགས་སྐྲུན་ཁྲོད་རིག་གནས་ཀྱི་གྱང་བཏོད་ནས་སྤྱི་གླིང་རྣམ་པའི་འཆར་འགོད་འདུ་ཤེས་གཞིར་བཟུང་ནས་ཇ་ཡིས“སྨྱན་སྦྱོར་”བྱས་པར་བརྟེན་ནས“ཐོན་ལས་དང་རིག་གནས། ཡུལ་སྐོར”བཅས་མཉམ་འདྲེས་ཚད་མཐོན་པོར་ཐུབ་པ་བྱས་ཏེ་ཡུལ་སྐོར་བར་ཇའི་རིག་གནས་མྱོང་རོལ་བྱེད་པའི་ཚོར་སྣང་ཇེ་ཟབ་ཏུ་བཏང་བ་རེད།
མིག་སྔར“བརྒྱད་ཟིལ་རྫོང་གི་སྐྱེ་ཁམས་ཇ་ལོའི་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ”ལ་ཁུལ་རིམ་པའི་ཞིང་ལས་ཐོན་ལས་གླིང་གི་ཆོག་མཆན་ཐོབ་པ་དང་ཆབས་ཅིག་ཁེ་རྡོ་གྲོང་རྡལ་གྱིས་ཀྱང་གླིང་ཁུལ་ལ་བརྟེན་ནས་ཡུན་ཧྲང་ཐེན་ཤང་ཞེས་པའི་མཛེས་ལྗོངས་ཁུལ་གསར་དུ་བསྐྲུན་པ་དང་འབྲེལ་རྒྱལ་ཁབ་ཀྱིAAAརིམ་པའི་མཛེས་ལྗོངས་ཁུལ་ཡང་བཏོད་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཁེ་རྡོ་གྲོང་རྡལ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་མིག་སྔའི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རི་སྐྱེས་ཇའི་འདེབས་ཡུལ་དང་སྐྱེ་འཚར་ཁུལ་གྱི་ཧ་ཅང་དཀོན་པའི་ཐོན་ཁུངས་ལ་བརྟེན་ནས“གངས་ལྗོངས་དང་མཐོ་སྒང་།སྐྱེ་ཁམས་། སྐྱེ་ལྡན”བཅས་ཀྱི་ཇའི་སྤུས་རྟགས་ཀྱི་འདུ་ཤེས་འཛུགས་རྒྱུ་རེད།།
མིག་སྔར་ཁེ་རྡོ་གྲོང་རྡལ་གྱིས་ཞིང་དུད་སྣེ་ཁྲིད་དེ་ཇ་ཞིང་མུའུ6000ལྷག་འདེབས་པ་དང་གནའ་བོའི་ཇ་ཤིང་ཁྲི་ཁ་ཤས་ཀྱི་བདག་གཉེར་དབང་ཆ་འབོ་མ་ལེན་པ་དང་ལོ་རར་ཐོན་དངུལ་སྒོར་ཁྲི1700ལྷག་ཙམ་བྱུང་བ། ཚོང་འགུགས་དངུལ་འདྲེན་བྱས་པའི་སྤྱི་གཉེར་ཁང་གིས་ཞིང་དུད1500ལྷག་དང་ཇ་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10