ཞི་ཅིན་ཕིང་གིས་འཛམ་གླིང་ལས་རིགས་ལག་རྩལ་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

    མི་དམངས་ཉིན་རེའི་ཚགས་པར།    2022-08-25

       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ8ཚེས19ཉིན་གློག་འཕྲིན་འབྱོར་གསལ། ཟླ8ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ལས་རིགས་ལག་རྩལ་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

        ཞི་ཅིན་ཕིང་གིས་ལས་རིགས་སློབ་གསོ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་ཡོད། ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོས་ལས་རིགས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཀྲུང་ཕྱིའི་ལས་རིགས་སློབ་གསོའི་སྤེལ་རེས་དང་མཉམ་ལས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ཕན་ཚུན་སློབ་སྦྱོང་དང་མིག་དཔེར་འཛིན་པ་དང་། མཉམ་སྐྲུན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་མཉམ་དུ་དོན་འཁྱོལ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་མགྱོགས་མྱུར་དོན་འཁྱོལ་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

        འཛམ་གླིང་ལས་རིགས་ལག་རྩལ་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་ཚེས19ཉིན་ཐེན་ཅིན་དུ་འཚོགས་ཤིང་། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། “རིམས་ནད་རྗེས་ཀྱི་དུས་རབས་ཀྱི་ལས་རིགས་ལག་རྩལ་སློབ་གསོ་འཕེལ་རྒྱས་ཏེ། འགྱུར་ལྡོག་གསར་པ་དང་། བྱེད་ཐབས་གསར་པ། རྩལ་ནུས་གསར་པ”ཞེས་པ་དེ་ཡིན་ཞིང་། སློབ་གསོ་པུའུ་དང་ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།



  • ལེ་ཚན་སྔོན་མ།:གྲངས་ཉུང་མི་རིགས་སྐད་ཡིག་སྲུང་སྐྱོབ་སྐོར་ལ་དྲིས་ལན་འདི་འདྲ་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།