ཀྲུང་གོའི་ཤིང་ཟམ་རིང་ཤོས་ལ་མེ་ཤོར་ནས་ཟམ་པ་བརྡིབས།

        2022-08-12

 མི་དམངས་དྲ་བའི་འཕྲིན། ཧྥུའུ་ཅན་ཞིང་ཆེན་ཉིང་ཏེ་གྲོང་ཁྱེར་ཕིང་ནན་རྫོང་ཨུ་དྲིལ་བསྒྲགས་པུས། ཟླ་8ཚེས་6ཉིན་གྱི་ཆུ་ཚོད་21དང་སྐར་མ་10ཙམ་ལ། ཕིང་ནན་རྫོང་ཁྲང་ཆའོ་གྲོང་རྡལ་གྱི་ཝན་ཨན་ཟམ་པའི་ཐོག་མེ་སྐྱོན་ཤོར། མིག་སྔར། མེ་བསད་ཅིང་ཟམ་པ་ཐོར་ཞིག་ཏུ་སོང་བ་དང་། གནས་སྐབས་སུ་མི་ཤི་རྨས་བྱུང་མེད། མེ་སྐྱོན་གྱི་རྒྱུ་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བརྡ་ཁྱབ་བཏང་བ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ཝན་ཨན་ཟམ་པ་ནི་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་དང་། རང་རྒྱལ་གྱི་ད་ཡོད་ཀྱི་གཞུ་དབྱིབས་ཀྱི་ཤིང་ཟམ་རིང་ཤོས་དེ་ཡིན་པ་དང་། ད་བར་ལོ་900ལྷག་ཙམ་གྱི་ལོ་རྒྱུས་ཡོད། 1708ལོར་མེ་སྲེག་ཐེབས་པ་དང་1742ལོར་བསྐྱར་སྐྲུན་བྱས། ཕྱིས་སུ་ཉམས་གསོ་ཐེངས་མང་བྱས་ཡོད་པ་རེད།
     ཝན་ཨན་ཟམ་པ་དེ་1990ལོའི་ཟླ་10ཚེས་9ཉིན། རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པར་ཆོག་མཆན་སྤྲད་པ་དང་། 1991ལོའི་ཟླ་3པར་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པར་ཆོག་མཆན་སྤྲད། 2006ལོའི་ཟླ་5ཚེས་25ཉིན“ཧྥུའུ་ཅན་བྱང་ཤར་བར་ཁྱམས་ཟམ་པའི”གྲས་ཤིག་ཡིན་པའི་ངོས་ནས་ཁག་དྲུག་པའི་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་ཁྱབ་བསྒྲགས་བྱས་པ་རེད། 

  • ལེ་ཚན་སྔོན་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའི་གསལ་བསྒྲགས།
  • ལེ་ཚན་རྗེས་མ།:སློབ་གསོ་པུའུ་སོགས་སྡེ་ཁག་མང་པོས་མཐོ་སློབ་མཐར་ཕྱིན་སློབ་མ་གཞི་རིམ་དུ་བྱས་རྗེས་འཇོག་པར་བསྐྱོད་པར་ཁྲིད་སྟོན་དང་སྐུལ་ལྕག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10