ཁ་སང་རྒྱལ་ཡོངས་སུ་ས་གནས་རང་ནས་ཐོན་པའི་ཏོག་གསར་གློ་ཚད་ནད་པ614ཡོད།

ཐུབ་ཀྱིས་བསྒྱུར།        2022-08-11

    སྤྱི་ཚེས11ཉིན་གྱི་སྔ་དྲོའི་ཆུ་ཚོད9པར། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་བཀོལ་སྣེ་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ8པའི་ཚེས10ཡི་ཆུ་ཚོད0ནས24བར། ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར31དང་། དེ་བཞིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་ས་གནས་རང་ནས་ཐོན་པའི་ཏོག་གསར་ནད་པ614ཡོད་པའི་སྙན་སེང་འབྱོར་བ་དང་། དེའི་ནང་དུ་ཧའེ་ནན་ལ559དང་། ཀོང་ཏུང་ལ25དང་། ཀྲེ་ཅང་ལ11དང་། ནང་སོག་ལ4དང་། ཧྥུ་ཅན་ལ4དང་། པེ་ཅིང་ལ2དང་། ཅང་ཞི་ལ2དང་། ཁྲུང་ཆིང་ལ2དང་། ལྷ་ས་ལ2དང་། ཧུའུ་ནན་ལ1དང་། ཧྲའན་ཞི་ལ1དང་། ཀན་སུའུ་ལ1བཅས་ཡོད།

    སྤྱི་ཟླ8པའི་ཚེས10ཡི་ཆུ་ཚོད0ནས24བར། ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར31དང་། དེ་བཞིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་སྙན་སེང་ཞུས་པ་ལྟར་ན་ད་ལྟར་ཏོག་གསར་གློ་ཚད་ཕོག་པའི་ནད་པ3471ཡོད་ལ། དེའི་ནང་ནད་པ་ཚབས་ཆེན7ཡོད། ཏོག་གསར་གློ་ཚད་ཀྱི་ནད་རྟགས་མེད་ཀྱང་ནད་དུག་ཕོག་ཡོད་མཁན1466ཡོད་ཅིང་། དེའི་ནང་ཕྱི་རྒྱལ་ནས་ཡོང་མཁན87ཡོད་པ་དང་། ས་གནས་རང་གི1379ཡོད། དེའི་ནང་ཧའེ་ནན་ལ805དང་། ཞིན་ཅང་ལ380དང་། ལྷ་ས་ལ66དང་། ཀྲི་ཅང་ལ56དང་། ཅང་ཞི་ལ16དང་། དམག་ཚོགས་ལ15དང་། ཧུའུ་པེ་ལ8དང་། ནང་སོག་ལ6དང་། ཀན་སུའུ་ལ6དང་། ཀོང་ཏུང་ལ5དང་། ཀོང་ཞི་ལ5དང་། སི་ཁྲོན་ལ5དང་། ཧོ་པེ་ལ་2དང་། ཁྲུང་ཆིང་ལ2དང་། ཅི་ལིན་ལ1དང་། ཧའོ་ནན་ལ1བཅས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:མཐོང་ཟུར་མི་འདྲ་བ་ནས་ཀྲུང་གོའི་འཕྲོ་གློག་རྒྱང་ཤེལ་གྱི་མཛེས་སྡུག་ཉམས་སུ་མྱོང་།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་ཏོག་གསར་སྨན་ཐོག་མའི་རིན་གོང་གཏན་འཁེལ་འདུག
  • དོ་སྣང་ཆེ་བའི་རྩོམ།