《ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་གྱི་དོན་ཆེན་ཟིན་ཐོ》དབྱིན་ཡིག་པར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

    ཞིན་ཧྭ་གསར་འགྱུར་ཁང་།    2023-03-09

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ3ཚེས7ཉིན་གློག་འཕྲིན་འབྱོར་གསལ། 《ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་གྱི་དོན་ཆེན་ཟིན་ཐོ》དབྱིན་ཡིག་པར་མ་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

《ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་གྱི་དོན་ཆེན་ཟིན་ཐོ》ནི་ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་ཞིག་རེད། དཔེ་དེབ་དེའི་དབྱིན་ཡིག་པར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་གྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ5ལ་གོ་བ་གཏིང་ཟབ་ལེན་པ་དང་། དེ་བཞིན་ལོ5ཡི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་འབྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱེད་པ་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་གཅོག་པ། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་བ་བཅས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:སྲིད་གཞུང་ལས་དོན་སྙན་སེང་ཉིང་བསྡུས་མ།
  • ལེ་ཚན་རྗེས་མ།:བུད་མེད་མེ་ཏོག་བཞིན་དུ་མཚར། ལང་ཚོའི་བཀྲག་མདངས་རབ་ཏུ་འཚེར།
  • དོ་སྣང་ཆེ་བའི་རྩོམ།