ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2023-03-08

སྤྱི་ཟླ3པའི་ཚེས2ཉིན་ལ། 2023ལོའི་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་ཆེད་དོན་སློབ་སྦྱོང་ཐེངས་དང་པོ་དང་ཁུལ་ཨུ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཚན་ཁག། ཁུལ་སྲིད་གཞུང་གི་ཏང་ཚན་ཁག། ཁུལ་སྲིད་གྲོས་ཏང་ཚན་ཁག་བཅས་ཀྱི་ཐུན་མོང་སློབ་སྦྱོང་དཔྱད་གླེང་ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་གསར་དུ་ཞུགས་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་ཞིབ་གྲོས་འཛིན་གྲྭའི་འགོ་འཛུགས་མཛད་སྒོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱིས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་ཁྲིད་སྟོན་བྱེད་པར་དམིགས་ཏེ་བགྲོ་གླེང་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད།

ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་སྲིད་གྲོས་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་ཞི་ལེ་ཅན་ཕིང་སློབ་སྦྱོང་ནང་ཞུགས་པ་རེད།

ཚོགས་འདུ་མ་འཚོག་གོང་ཚོགས་ཞུགས་བློ་མཐུན་ཚོས་སློབ་སྦྱོང་གི་བརྗོད་བྱ་གཙོ་བོར་དམིགས་ནས་རང་སྦྱོང་ནན་ཏན་བྱས་པར་མ་ཟད་གཏམ་བཤད་ཀྱང་བྱས་པ་རེད། བློ་མཐུན་ཧྲུའུ་ཏ་ཁྲུན་དང་ལེ་ཅན་ཕིང་། ཡིའུ་ཞང་ཧྥེ། རྡོ་རྗེ། ཁྲེན་པོ་ཐའོ། དབྱང་ཆིང་ཧྭ་སོགས་ཀྱིས་བསམ་བློའི་ངོས་འཛིན་དང་ལས་ཀའི་དོན་དངོས་དང་ཟུང་དུ་སྦྲེལ་ནས་ཚོགས་འདུར་གཙོ་གནད་ཐོག་གཏམ་བཤད་གནང་བ་དང་བློ་མཐུན་ཝང་ཡུས་ཆུང་དང་ཡོན་མིང་ཀོང་སོགས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་བྱས་པ་རེད།

ཚོགས་འདུར་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ནང་ཧུར་ཐག་ཞུགས་པ་དང་ཞབས་འདེགས་ཞུ་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་བརྟན་པོ་ཡོང་བར་བསྐུལ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ནུས་ཤུགས་ཡོད་རྒུས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་འགྲན་ལམ་གསར་པར་གྲུབ་འབྲས་ཡག་པོ་འཐོབ་པ་བྱ་དགོས་པ་ནན་པོར་བསྟན་པ་རེད།

ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཚན་ཁག་དང་། ཁུལ་སྲིད་གཞུང་གི་ཏང་ཚན་ཁག། ཁུལ་སྲིད་གྲོས་ཏང་ཚན་ཁག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་ཁོངས་མི་སློབ་སྦྱོང་ནང་ཞུགས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་ཕོག་ཐག་ཡུལ་ཤོག་གིས་ཐོན་ལས་སྣ་མང་མཉམ་དུ་སྤེལ་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱས།
  • དོ་སྣང་ཆེ་བའི་རྩོམ།