སློབ་གསོའི་ཐད་དམངས་ལ་ཕན་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་མི་འདང་ས་ཁ་གསབ་དགོས།

བདེ་སྐྱིད་ཀྱིས་བསྒྱུར།        2023-03-01

ཉེ་བའི་ལོ་ཤས་རིང་། ཁུལ་ཨུའི་སློབ་གསོ་ལས་དོན་ཨུ་ལྷན་དང་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ། སློབ་གསོའི་ལས་དོན་སྐོར་གྱི་རྒྱལ་ཁབ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ནན་པོར་འཁྱོལ་ནས་ཕྱོགས་བསྡུས་ཐོག་སྲིད་ཇུས་ལག་བསྟར་དང་། སློབ་གསོའི་དམངས་ཕན་སྤུས་ཚད་མཐོ་རུ་གཏང་རྒྱུར་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། སློབ་ཡོན་མི་དགོས་པའི་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོ་དང་གྲོང་སྡེ་གཅིག་ལ་བུ་བཅོལ་ཁང་གཅིག་གི་སློབ་གསོ་དམངས་ཕན་དང་དགེ་རྒན་རྐང་འཛིན་པ་སྐྱོང་བ་རྒྱུན་མཐུད་ངང་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོའི་མི་འདང་སར་ཁ་གསབ་ཧུར་ཐག་བྱས་ནས་ཕན་འབྲས་བཟང་པོ་ཐོབ་ཡོད་པ་རེད།

སློབ་ཡོན་མི་དགོས་པའི་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོར་ཤུགས་བརྒྱབ་ནས་སློབ་མ་ལས་ཞུགས་ཐུབ་པར་རོགས་རམ་བྱས། 2009ལོ་ནས་བཟུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སློབ་ཡོན་མི་དགོས་པའི་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོའི་དམངས་འཚོའི་ལས་གྲྭ་ལག་ལེན་བསྟར་ཚུན། རང་ཁུལ་གྱི་ཁྱོན་བསྡོམས་སློབ་མ21350སློབ་ཡོན་མི་དགོས་པའི་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གྲྭར་མངགས་ནས་སློབ་མ18326སློབ་མཐར་ཕྱིན་ཞིང་། སློབ་གྲྭར་ད་དུང་སློབ་མ3024ཡོད།

གྲོང་སྡེ་གཅིག་ལ་བུ་བཅོལ་ཁང་གཅིག་གི་དམགས་ཕན་སློབ་གསོ་ལ་སྐུལ་འདེད་བཏང་ནས་རྒྱ་ཆེ་བའི་ལོ་ལོན་བྱིས་པར་ཕན་བདེ་བསྐྲུན། གྲོང་སྡེ་གཅིག་ལ་བུ་བཅོལ་ཁང་གཅིག་གི་སློབ་གསོ་འཆར་འགོད་ནི་སི་ཁྲོན་ཞིང་ཆེན་གྱིས་ཞིང་ཆེན་ནང་ཁུལ་གྱི་མི་རིགས་ས་ཁུལ་གྱི་ཞིང་སྡེའི་ལོ་ལོན་པའི་བྱིས་པར་སྤྱི་སྐད་སྦྱོང་བ་དང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་སྦྱོང་གི་རྨང་གཞི་འདིང་བ་དང་ཆུང་དུས་ནས་འཚོ་བའི་གོམས་གཤིས་བཟང་པོ་འཇགས་ཆེད་སློབ་ཞུགས་གོང་གི་སློབ་གསོར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དེ་ནི་དབུལ་སྐྱོར་ལས་གྲྭ་དང་དམངས་འཚོའི་ལས་གྲྭ། མི་རིགས་མཐུན་སྒྲིལ་ལས་གྲྭ་གལ་ཆེན་ཞིག་ཡིན་པ་རེད།

དགེ་རྒན་རྐང་འཛིན་པ་བསྐྱངས་ནས་དགེ་རྒན་གྱི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏང་རྒྱུར་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ད་སྔར། 2022ལོའི་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ100བདམས་པ་དང་འབྲེལ་སློབ་ཁྲིད་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་བསྡུས་པར་མ་ཟད། ལོ་ལྔའི་དུས་འཁོར་གྱི་ལས་དོན་བསྒྲུབས་ཏེ་སློབ་ཁྲིད་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། དཀར་མཛེས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་བ་རེད།།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་སྐོར་ཞིབ་གནང་།
  • ལེ་ཚན་རྗེས་མ།:ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་དངུལ་བུན་སྒོར་དུང་ཕྱུར260བཏང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10