རང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཡུལ་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་།

རྟ་མགྲིན་གྱིས་བསྒྱུར།        2023-02-27

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས“ཞིང་གསུམ”ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེའི་གནས་བབ་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་དང་། ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཏན་ཏིག་བྱས་ཏེ་གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་ཡོད།

ཚན་རིག་དང་མཐུན་པའི་འཆར་འགོད་བྱས། 《དཀར་མཛེས་ཁུལ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་སྤྱི་གཉེར་ཁང་དུ་བསྒྱུར་བཅོས་ལག་བསྟར་ཇུས་གཞི》བཏོན་ནས་ཐུན་མོང་ཡོང་འབབ་རྒྱུན་མཐུད་ངང་བགོ་འགྲེམས་བྱེད་པའི་ལམ་སྲོལ་བཙུགས་ཏེ་སྤྱི་གཉེར་ཁང་གཉེར་སྐྱོང་ལ་སྔོན་དུ་ཉར་བའི་ཡོང་འབབ་བརྒྱ་ཆ40ལས་མི་དམའ་བ་གྲབས་གསོག་མ་དངུལ་དུ་བྱས་ནས་ཡོང་འབབ་ལྷག་མ་གྲོང་ཚོའི་སྤྱི་པའི་ལས་དོན་ནང་འཇོག་པའི་སྐུལ་ལྕག་བྱས་ཤིང་། ད་སྔར་ཁུལ་ཡོངས་ཀྱི་སྤྱི་པའི་ལས་དོན་གྱི་ཐུན་མོང་ཡོང་འབབ་སྒོར་ཁྲི7000ལྷག་ལ་ཟིན་ཡོད་པ་རེད།

འཕེལ་རྒྱས་སྣ་མང་གཏོང་སྟངས་སྤྱད། ཞིང་ལས་ལྟ་སྐོར་སོགས་མཉམ་འདྲེས་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བར་སྐུལ་ལྕག་དང་། ཐུན་མོང་སྤྱི་གཉེར་ཁང་འཛུགས་པར་ཁྲིད་སྟོན། འབྲེལ་ཡོད་ཡུལ་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ལོ་རེའི་ཡོང་འབབ་བརྒྱ་ཆ10ཡན་འཕར་བར་སྐུལ་འདེད་བྱས་པ་རེད།

བདག་གཉེར་བྱེད་ཤུགས་ཆེ་རུ་བཏང་། ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ2181གི་གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་མ་རྐང་དཔལ་འབྱོར་མཉམ་ལས་མཉམ་འབྲེལ་ཁང་བཙུགས་པ་དང་། ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཚད་ལྡན་མིང་འདོགས་དང་སྒོ་བྱང་བཀལ་བ་ལེགས་འགྲུབ། རྒྱུ་ནོར་གཙང་བཤེར་དང་རྒྱུ་ནོར་གཙང་བཤེར་གྱི་གྲངས་གཞི་ཅན་དང་། ཁོངས་མིའི་ཆ་འཕྲིན་རྒྱལ་ཡོངས་ཀྱི་ཡུལ་སྡེའི་ཐུན་མོང་རྒྱུ་ནོར་ལྟ་སྐུལ་དོ་དམ་གྱི་ལས་སྟེགས་ནང་བཅུག་པ་རེད། ད་སྔའི་བར་ཁུལ་ཡོངས་ཀྱིས་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཁྲི22.01དང་མི་ཁྲི93.98 དང་། ཐུན་མོང་རྒྱུ་ནོར་སྒོར་དུང་ཕྱུར119.08ལ་ཞིབ་དཔྱད་བྱས་པ་རེད།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་ལ་འཕེལ་རྒྱས་གསར་པ་བྱུང་།
  • ལེ་ཚན་རྗེས་མ།:རྟའུ་རྫོང་གི་མང་ཚོགས་ཀྱིས་སྒོ་ཁར་ལས་གནས་འདེམས་པར་བྲེལ།
  • དོ་སྣང་ཆེ་བའི་རྩོམ།