ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་རྐང་དཔོན་ཀྲང་ཡུང་ལི་ལ་ཐུག་འཕྲད་མཛད།

ལྷ་འཛོམས་ཀྱིས་བསྒྱུར།        2023-02-27

ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་རྐང་དཔོན་ཀྲང་ཡུང་ལི་ལ་ཐུག་འཕྲད་མཛད།

   སྤྱི་ཟླ2པའི་ཚེས20ཉིན་ལ།ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་ཁྲེང་ཏུའུ་རུ་ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་རྐང་དཔོན་ཀྲང་ཡུང་ལི་ལ་ཐུག་གནང་བ་དང་ཕྱོགས་གཉིས་པོས་ཁྱབ་ཁོངས་མང་བའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ས་གནས་ཁེ་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་གནང་བ་རེད།

   ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཉེ་བའི་ལོ་ཤས་རིང་ནུབ་རྒྱུད་གཏེར་ལས་ཀྱིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་སྤྱི་གཉེར་ཁང་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཡང་ཞུས་པ་རེད། ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནུབ་རྒྱུད་གཏེར་ལས་ཀྱིས་རང་ཁུལ་དུ་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ནས་ཞབས་ཞུའི་འགན་ལེན་ཡག་པོ་བྱེད་པ་དང་འབྲེལ་ཡོད་གནད་དོན་ཐག་གཅོད་པར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ནུབ་རྒྱུད་གཏེར་ལས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་།མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུར་སྣང་ཆེན། ཉེན་མེད་ཐོན་སྐྱེད་དོན་འཁྱོལ་ནན་པོ་བཅས་བྱས་ནས་འབྱུང་འཕྲོད་གཏེར་ལས་འཕེལ་རྒྱས་དང་འབྱུང་འཕྲོད་གཏེར་རི་འཛུགས་སྐྲུན་བྱ་རྒྱུའི་རེ་བ་ཡོད། དེ་དང་ཆབས་ཅིག་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་། ཐོན་ལས་འཕེལ་རྒྱས། ཡུལ་སྡེ་དར་རྒྱས་སོགས་ཐད་ཀྱི་མཉམ་ལས་ཁྱབ་ཁོངས་རྒྱུན་མི་ཆད་པར་རྒྱ་ཆེར་གཏང་རྒྱུ་ཡིན་ཞེས་གསུངས་པ་རེད།

   ཀྲང་ཡུང་ལིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནུབ་རྒྱུད་གཏེར་ལས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་སྤྱི་གཉེར་ཁང་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་ཀྱང་གནང་། ཁོང་གིས་ཉེ་བའི་ལོ་ཤས་རིང་ཁུལ་དང་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ནུབ་རྒྱུད་གཏེར་ལས་དེ་དཀར་མཛེས་ཁུལ་འཕེལ་རྒྱས་དང་འཛུགས་སྐྲུན་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་དུས་ཐོག་ཏུ་མཐུན་སྦྱོར་ངང་གནད་དོན་ཐག་གཅོད་བྱས་ཏེ་མ་འཇོག་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། ནུབ་རྒྱུད་གཏེར་ལས་ཀྱིས་དཀར་མཛེས་ཁུལ་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་རྒྱག་པ་དང་།མ་འགུལ་དང་བླངས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ཞུགས་པ། ལས་གཞིའི་འཕེལ་རིམ་མགྱོགས་སུ་གཏོང་བ། ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ།མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་ཚན་རིག་དང་མཐུན་པའི་གསར་སྤེལ་ཐོན་ཁུངས་དང་ས་གནས་ཀྱི་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན་བཤད་པ་རེད།།

  • ལེ་ཚན་སྔོན་མ།:ཆིན་ཞའོ་ཆང2022ལོ་འཁོར་གྱི་ཁྲིམས་སྐྱོང་མི་སྣར་བདམས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་ལ་འཕེལ་རྒྱས་གསར་པ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།