འབར་ཁམས་ནས་དར་མདོའི་བར་མྱུར་ལམ་བསྐྲུན་འཆར་གྱི་འཕྲིན་གསར།

ནོར་བུས་བསྒྱུར།        2023-02-23

    འབར་ཁམས་ནས་དར་མདོའི་བར་མྱུར་ལམ་བསྐྲུན་འཆར་གྱི་འཕྲིན་གསར།

   སྤྱི་ཟླ2པའི་ཚེས20ཉིན། ཁྲེང་ཏུའུ་རུ་སི་ཁྲོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་ལས་ཁག་གི་ཚོང་འགུགས་འོས་སྦྱོར་ཚོགས་འདུ་འཚོགས་པ་རེད། ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། G0615འབར་ཁམས་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ཚོང་འགུགས་ཀྱི་ལས་རིམ་ནང་ཚུད་པ་དང་། ཆེས་མགྱོགས་ན2025ལོ་ནས་ལས་འགོ་ཚུགས་རྒྱུ་རེད།

འབར་ཁམས་ནས་དར་མདོའི་བར་མྱུར་ལམ་བསྐྲུན་འཆར་གྱི་འཕྲིན་གསར།

   འབར་ཁམས་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ནི་སི་ཁྲོན་རྔ་བ་ཁུལ་དང་དཀར་མཛེས་ཁུལ་གྱི་ཁུལ་སྲིད་གཞུང་གི་གནས་ཡུལ་གཉིས་ཀ་སྦྲེལ་བའི་མྱུར་བགྲོད་གཞུང་ལམ་ཁོ་ན་དེ་ཡིན་ལ། ལམ་ཐིག་ནི་འབར་ཁམས་གྲོང་ཁྱེར་མཆོག་རྩེ་ནས་བསྐྲུན་ཟིན་པའིG4217ལམ་ཐིག་གི་ཝུན་ཁྲོན་ནས་འབར་ཁམས་ཀྱི་མྱུར་བགྲོད་གཞུང་ལམ་དང་སྦྲེལ་ཞིང་། དེ་ནས་དར་མདོའི་ར་རྔ་ཁ་གྲོང་རྡལ་དུ་བསྐྲུན་བཞིན་པའིG4218ལམ་ཐིག་གི་དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་དང་སྦྲེལ་མཐུད་བྱ་རྒྱུ་རེད། སྤྱིའི་རིང་ཚད་སྤྱི་ལེ238ཙམ་ཡོད་ཅིང་། ཕྱོགས་གཉིས་ཀའི་འཁོར་ལམ་བཞི་དང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ80དང་། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་བརྒྱ་ཆ87.7ལ་ཟིན་ཞིང་། ཚོད་རྩིས་བྱས་ན་སྤྱིའི་མ་འཇོག་སྒོར་དུང་ཕྱུར642ལ་ཟིན་རྒྱུ་དང་། ཆ་སྙོམས་སྤྱི་ལེ་རེར་སྒོར་དུང་ཕྱུར2.7ལ་ཟིན་རྒྱུ་རེད།

 འབར་ཁམས་ནས་དར་མདོའི་བར་མྱུར་ལམ་བསྐྲུན་འཆར་གྱི་འཕྲིན་གསར།

   རྔ་བ་ཁུལ་དང་དཀར་མཛེས་ཁུལ་གཉིས་སི་ཁྲོན་ནུབ་རྒྱུད་ཀྱི་ས་ཁུལ་མཐོ་ཤོས་སུ་གནས་ཤིང་། ད་ཆ་ཁུལ་གཉིས་ཀྱི་བར་རླངས་འཁོར་དུ་བསྡད་ན་ཅི་འདྲའི་མགྱོགས་ཀྱང་ཆུ་ཚོད6འགོར་གྱི་ཡོད། མྱུར་བགྲོད་གཞུང་ལམ་བསྐྲུན་ཟིན་རྗེས་འབར་ཁམས་ནས་དར་མདོའི་བར་ཆུ་ཚོད3ཙམ་བསྟུང་ཐུབ་རྒྱུ་རེད།

 

 


  • ལེ་ཚན་སྔོན་མ།:བྲོ་དང་གཞས་ཀྱིས་གནམ་ལོ་གསར་པ་བསུ།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།