རང་ཁུལ་གྱི་འཐུས་མི་ཚོགས་པས་ཁྲེང་ཏུའུ་དང་གཡག་རྔར་རྟོག་ཞིབ་དང་སློབ་སྦྱོང་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2023-02-22

རང་ཁུལ་གྱི་འཐུས་མི་ཚོགས་པས་ཁྲེང་ཏུའུ་དང་གཡག་རྔར་རྟོག་ཞིབ་དང་སློབ་སྦྱོང་བྱས།

རང་ཁུལ་འཐུས་མི་ཚོགས་པས་ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཏུའུ་ཆུས་ཀྱི་ཧྲན་ཧོ་གྲོང་སྡེར་ཡུལ་སྡེ་དར་རྒྱས་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་བཞིན་པའི་ཚུལ།

སྤྱི་ཟླ2པའི་ཚེས17ནས18ཉིན་བར་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་འཐུས་མི་ཚོགས་པ་ཁྲིད་དེ་ཁྲེང་ཏུའུ་གྲོང་ཁྱེར་དང་གཡག་རྔ་གྲོང་ཁྱེར་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་སར་སོང་བ་རེད། ཁྲེང་ཏུའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ། ཁྲེང་ཏུའུ་གྲོང་ཨུའི་ཧྲུའུ་ཅི་ཧྲི་ཞའོ་ལིན་དང་། ཁྲེང་ཏུའུ་གྲོང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་དཔོན་ཝང་ཧྥུང་ཁྲའོ། ཁྲེང་ཏུའུ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲང་ཡན། གཡག་རྔ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལི་ཙུའོ། གཡག་རྔ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་དཔོན་ཕེང་དབྱིན་མེན་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

ཁྲེང་ཏུའུ་གྲོང་ཁྱེར་དུ་འཐུས་མི་ཚོགས་པ་དང་བཅས་པ་ཁྲེང་ཏུའུ་ཞིན་ཏུའུ་ཟོག་འགྲེམས་གླིང་ཅིང་ཏུང་ཨེ་ཤེ་ཡ་དང་པོར་སོང་ནས་གློག་རྡུལ་ཚོང་དོན་སིལ་ཚོང་དང་རིག་ལྡན་ཟོག་འགྲེམས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་རེད། ངོ་སྤྲོད་ལ་ཞིབ་མོས་གསན་རྗེས། ཧྲེན་དབྱང་གིས་ཚོང་དོན་མཉམ་ལས་དང་ཞིང་འབྲོག་ཞིང་སྡེ་སོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ལ་མཐོང་རྒྱ་ཆེ་རུ་གཏོང་བ་དང་བསམ་ཕྱོགས་གསར་གཏོད་བྱས་ནས་ཅིང་ཏུང་ཟོག་འགྲེམས་བར་སྤེལ་རེས་མཉམ་ལས་ལ་ཤུགས་བསྣན་ཞིང་། དེང་རབས་ཅན་གྱི་ཟོག་འགྲེམས་མ་ལག་ཧུར་ཐག་འཛུགས་པ་དང་། ཁྲོམ་རའི་དཔལ་འབྱོར་འཁོར་སྐྱོད་ཐུབ་ཅིང་། དཀར་མཛེས་ཁུལ་གྱི་སྐྱེ་ཁམས་འབྱུང་འཕྲོད་ཀྱི་ཞིང་ལས་ཐོན་རྫས་དེ་བས་མང་པོ་ལེགས་ཤིང་མྱུར་བའི་སྒོ་ནས་ཁུལ་ཕྱིར་འཚོང་ཐུབ་པ་བྱས་ཏེ་དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་རྟེན་གཞི་དང་རྒྱལ་ཁབ་རིམ་པའི་ནོར་གནག་ཐོན་ལས་འདུས་ཚོགས་གསར་དུ་འཛུགས་པར་སྐུལ་འདེད་གཏང་དགོས་ཞེས་མངག་བཅོལ་གནང་བ་རེད།

གཡག་རྔ་གྲོང་ཁྱེར་དུ་འཐུས་མི་ཚོགས་པ་ཀྲུང་གོ·གཡག་རྔ་གྲངས་གཞི་ཆེན་མོའི་ཐོན་ལས་གླིང་དང་། ཡ་ཧྭ་ལི་ལས་ཚད་ཡོད་སྤྱི་གཉེར་ཁང་། གཡག་རྔའི་ཇ་བཟོ་གྲྭ། ཕིང་ཆང་ཏུའུ་སོགས་སུ་བསྐྱོད་དེ་གཡག་རྔའི་གྲངས་འཛིན་དཔལ་འབྱོར་དང་བཟོ་ལས་འཕེལ་རྒྱས། ཁྱད་ཆོས་ཐོན་ལས་སྐྱེད་སྲིང་སོགས་ཀྱི་གནས་ཚུལ་སློབ་སྦྱོང་དང་རྟོག་ཞིབ་བྱས། ལམ་བར་དུ་ཚང་མས་གཡག་རྔའི་འཕེལ་རྒྱས་དང་འགྱུར་ལྡོག་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། ཧྲེན་དབྱང་གིས་གཡག་རྔ་གྲོང་ཁྱེར་དང་དཀར་མཛེས་ཁུལ་ནི་མཛའ་ཞིང་མཐུན་པའི་ཁྱིམ་མཚེས་ཡིན་པས། གནའ་བོའི་ཚོང་འདྲེན་བརྡལ་ལམ་ནས་ས་གནས་གཉིས་བར་སྤེལ་རེས་དང་མཉམ་འདྲེས་བྱས་ཡོད་ལ།ལྷག་པར་དུ་ད་སྔར་ཕྱོགས་གཉིས་པོས་མཉམ་དུ“9·5”ཡི་ལྕགས་ཟམ་ས་འགུལ་གནོད་འཚེ་ཐེབས་ཡུལ་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་དཔེ་མཚོན་དུ་བསྐྲུན་རྒྱུའི་གཟི་བརྗིད་ལས་འགན་ཕྲག་ཏུ་ཁུར་ནས་ཁྱབ་ཁོངས་དེ་བས་རྒྱ་ཆེ་ཞིང་། རིམ་པ་དེ་བས་མཐོ་བའི་མཉམ་ལས་ཀྱི་མདུན་ལམ་ལ་སྐུལ་འདེད་གཏང་རྒྱུ་རེད། དཀར་མཛེས་ཁུལ་གྱིས་གཡག་རྔ་གྲོང་ཁྱེར་ས་འགུལ་གནོད་འཚེ་ཐེབས་རྗེས་བསྐྱར་སྐྲུན་དང་བཅོས་བསྒྱུར་འཕེལ་རྒྱས། ཐོན་ལས་འཕེལ་རྒྱས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སོགས་ཐད་ཀྱི་ཉམས་མྱོང་རྩ་ཆེན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པོར་གཞི་ཚུགས་ཏེ། ལེགས་ཆ་འདོན་སྤེལ་དང་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམས་ཏེ། གཡག་རྔ་གྲོང་ཁྱེར་དང་ལག་གདང་སྦྲེལ་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་བྱས་རྗེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་གསུང་གནང་བ་རེད།།



  • ལེ་ཚན་སྔོན་མ།:མི་ཉག་རྡོ་ར་དཀར་མོ་རུ་ལག་རྩལ་སྦྱོང་བའི་སློབ་མ་སྡུད་བཞིན་འདུག།
  • ལེ་ཚན་རྗེས་མ།:ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ལི་ཡན་མིང་གིས་འགོ་ཡག་པོ་ཞིག་རྩོམ་གང་ཐུབ་བྱས་ནས་མང་ཚོགས་ཀྱི་དགོས་གཏུག་ཆེ་ཤོས་ཏེ་གྲོང་སྡེ་ཟླ་སྒྲིལ་བའི་འགྲོ་ལམ་ཐད་སྦྲེ
  • དོ་སྣང་ཆེ་བའི་རྩོམ།