དཀར་མཛེས་ཁུལ“9·5”ལྕགས་ཟམ་ས་འགུལ་གནོད་འཚེ་ཐེབས་རྗེས་སླར་གསོ་བསྐྱར་སྐྲུན་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་ལྔ་པ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2023-02-15

སྤྱི་ཟླ2པའི་ཚེས8ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་བསྐྱར་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲེན་དབྱང་གི་མངགས་བཅོལ་ལྟར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན། ཁུལ་བསྐྱར་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཧྥུང་ཧྥ་ཀུའེ་ཡིས་དཀར་མཛེས་ཁུལ“9·5”ལྕགས་ཟམ་ས་འགུལ་གནོད་འཚེ་ཐེབས་རྗེས་སླར་གསོ་བསྐྱར་སྐྲུན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་སློབ་སྦྱོང་ལག་བསྟར་དང་འབྲེལ་ཡོད་ལས་དོན་སྙན་སེང་ལ་གསན་པ་དང་ཕྱིན་ཆད་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། འགུལ་འགོག་གནོད་སེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་དཔོན་ཧོང་ཆང་གི་བླང་བྱ། ཞིང་ཆེན་བསྐྱར་སྐྲུན་ཨུ་ལྷན་དང་བསྐྱར་སྐྲུན་གཞུང་ལས་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་ཐོག་ནན་འཁྱོལ། གནོད་སྐྱོན་ཐེབས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། བསམ་ཕྱོགས་གསལ་པོ། བྱ་ཐབས་ཞིབ་ཕྲ། དམིགས་འབེན་དམ་འཛིན། དུས་མཚམས་སྟངས་འཛིན་བྱས་ནས་ལས་ཡུན་དང་སྤུས་ཚད་འགན་ལེན། མི་དང་འགན་འཁྲི་གཏན་འཁེལ། མང་ཚོགས་ཞུགས་ཐུབ་པ་འགན་བླངས་ཏེ་བསྐྱར་སྐྲུན་ལས་གཞི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་བསྐྱར་སྐྲུན་ལས་འགན་བསྒྲུབས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། དེ་བཞིན་ས་འགུལ་གནོད་འཚེ་ཐེབས་ཡུལ་གྱི་མང་ཚོགས་ལ་རྒྱུགས་ལན་ཡག་པོ་ཞིག་འབུལ་དགོས།

ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཁུལ་བསྐྱར་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲུའུ་ཏ་ཁྲུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་བསྐྱར་སྐྲུན་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཧྲི་ཀང་ཚོགས་འདུར་ཞུགས་པ་རེད།།



  • ལེ་ཚན་སྔོན་མ།:ཉག་ཆུ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་དམ་འཛིན་ནན་པོ་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་རྫོང་གསུམ་དང་གྲོང་རྡལ་གཉིས། གྲོང་སྡེ་ལྔ་བཅུ་དང་གླིང་ཁུལ་བཞི་བཅས་ཞིང་ཆེན་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་ལོ་འཁོར་གྱི་གཟི་བརྗིད་མིང་ཐོར་ཚུད།
  • དོ་སྣང་ཆེ་བའི་རྩོམ།