དངོས་ཕན་གྱི་འབྲས་བུ་མཐོ་སྒང་དུ་སྨིན།

བདེ་སྐྱིད་ཀྱིས་བྲིས།        2023-02-10

ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་དཀར་མཛེས་ཁུལ་འཕེལ་རྒྱས་ཡོང་བར་ཞབས་ཕྱི་བསྒྲུབས་པའི་དངོས་བྲིས།

དངོས་ཕན་གྱི་འབྲས་བུ་མཐོ་སྒང་དུ་སྨིན།

ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། མགོ་འཛིན་ལི་པོ་ཡིས་ལོ་སུམ་ཅུའི་རིང་ལ་དཀར་མཛེས་ཁུལ་དུ་ཞབས་ཕྱི་བསྒྲུབས་པའི་དུམ་རིམ་ནང་ངས་དུས་དང་རྣམ་པ་ཀུན་ཏུ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་སེམས་ཁུར་བྱས་པ་ཡིན། ངས་དཀར་མཛེས་ཁུལ་དུ་ལས་དོན་བསྒྲུབས་ནས་ཧ་ལམ་ལོ30འདས་ཡོད། ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་བདེན་དཔང་བྱེད་ཐུབ་ངེས་ཡིན། ད་སྔར། ཏང་གི་ཚོགས་ཆེན་ཉི་ཤུ་པས་འཆར་གཞི་བཀོད་ཡོད་པར་བརྟེན།དངུལ་ཁང་ཡོངས་ཀྱི་ཕྲག་ཐོག་ཏུ་དངུལ་རྩ་ཡིས་ཡུལ་སྡེ་དར་རྒྱས་གཏོང་བའི་ལས་འགན་བསྒྲུབ་རྒྱུ་ནི་དེ་བས་དཀའ་ཚེགས་ཆེ་ཞིང་གཟི་བརྗིད་ལྡན་པ་ཞིག་རེད། ང་ཚོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ་དམངས་ཀྱི་དོན་དུ་དངུལ་རྩ་བརྟན་སྲུང་བྱ་རྒྱུ་ཐོག་མའི་བསམ་འདུན་དེ་མི་འགྱུར་བ་དང་། དངུལ་རྩའི་སྟོང་ཆ་སྐོང་བ། གྲོང་ཡུལ་ལ་ཞབས་ཕྱི་སྒྲུབ་ཤུགས་མི་ཉམས་པ་དང་དངོས་གཉེར་དཔལ་འབྱོར་ལ་ཞབས་ཕྱི་སྒྲུབ་པའི་ལྟེ་གནས་མི་འགྱུར་བ་བྱས་ཏེ་དངུལ་རྩའི་ཐོན་ཁུངས་དང་དངུལ་རྩའི་ཞབས་ཞུ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་དགོས། ཡིན་རྟོན་དངུལ་བུན་གྱི་ཐོན་རྫས་གསར་གཏོད་དང་ཐབས་ལམ་ལེགས་སྒྱུར་བྱེད་པའི་ཞབས་ཕྱི་སྒྲུབ་སྟངས་གསར་གཏོད་བྱས་ནས། ཡུལ་སྡེ་དར་རྒྱས་གཏོང་བའི་དངུལ་རྩའི་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དངུལ་རྩས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ཞབས་ཕྱི་སྒྲུབ་པའི་ལེའུ་གསར་པ་བརྩམ་དགོས་ཞེས་བཤད་པ་རེད།

དངོས་ཕན་གྱི་འབྲས་བུ་མཐོ་སྒང་དུ་སྨིན།

དྲིལ་བསྒྲགས་ལ་དགའ་བསུ་ཆེན་པོ་ཐོབ།

གཅིག།དགུན་སྟོད་ཀྱི་མཐོ་སྒང་ནི་གནམ་གཤིས་གྲང་ངར་ཆེ་ཡང་དཀར་མཛེས་རྫོང་རྡོ་ཐོག་ཡུལ་ཤོག་གི་འབྲོག་པ་པད་མ་ཚང་གི་འབྲོག་རའི་ནང་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཤིང་། ཁོས་དཀའ་སྤྱད་ལས་སྒྲུབ་བྱས་ནས་གསོ་ཚགས་བྱས་ཏེ་ཤ་ཤེད་རྒྱས་པའི་གནག་ཕྱུགས་དེ་དག་མིག་ལམ་དུ་མངོན་དུས་པད་མའི་ངོ་ལ་ཡི་རང་བའི་འཛུམ་མདངས་མངོན་བཞིན་མཆིས།

གནག་ཕྱུགས་གསོ་ཚགས་བྱས་པའི་བརྒྱུད་རིམ་སྐོར་བཤད་སྐབས་པད་མས་སེམས་འགུལ་ཐེབས་པའི་ངང་ནས་ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གི་ཞིང་ཕནeདངུལ་བུན་གྱི་ང་ལ་རོགས་སྐྱོར་བྱས་ནས་ཞིང་ལས་གསར་པའི་དངོས་ཕན་ཐད་ཀར་ཐོབ་ནས་གནག་ཕྱུགས་གསོ་ཚགས་འཕེལ་རྒྱས་མགྱོགས་མྱུར་དུ་གཏོང་ཐུབ་སོང་ཞེས་བཤད་པ་རེད།

པད་མས་གནག་ཕྱུགས་གསོ་ཚགས་བྱས་ནས་ལོ7གྱི་རིང་ལ། བཤས་ཁོངས་སུ་གཏོང་ཚད་མགོ་གྲངས140ལ་ཟིན་པ་རེད། དེའི་དུས་སུ་གནག་ཕྱུགས་གསོ་ཚགས་ཐོན་ལས་འཕེལ་རྒྱས་གཏོང་བར་མ་དངུལ་མི་འདང་བའི་གནས་ཚུལ་འཕྲད་མྱོང་། ཅི་བྱ་གཏོལ་མེད་དུ་གྱུར་སྐབས་ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་རོགས་སྐྱོར་བྱས་ནས་ཞིང་ཕནeདངུལ་བུན་གཡར་ནས་ཁོ་ལ་དངུལ་བུན་སྒོར་ཁྲི30ལྷག་ཙམ་བཏང་སྟེ། མ་དངུལ་གྱི་དཀའ་ངལ་སེལ་རོགས་བྱས་པར་བརྟེན། གནག་ཕྱུགས་གསོ་ཚགས་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

པད་མ་ནི་ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་ཡུལ་སྡེ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཟིགས་སྐྱོང་ཐོབ་མཁན་ཡ་གྱལ་ཞིག་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་སི་ཁྲོན་ནུབ་རྒྱུད་མཐོ་སྒང་དུ་གཞི་ཚུགས་པ་དང་། ཡུལ་སྡེ་དར་རྒྱས་གཏོང་བར་ཞབས་ཕྱི་བསྒྲུབས་ནས“ཞིང་གསུམ”ལ་ཞབས་ཕྱི་བསྒྲུབ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩི་རྒྱུ་རྒྱུན་འཁྱོངས་ཏེ“ཞིང་གསུམ”གྱི་དངུལ་རྩའི་ཞབས་ཕྱི་རྒྱུན་ཆད་མེད་པར་གཏིང་ཟབ་དང་གསར་གཏོད་བྱས་ཏེ། ཁྱད་ཆོས་ལྡན་ཞིང་དཔེ་མཚོན་ཡོད་པ། སྤུས་རྟགས་ཡོད་པའི“ཞིང་གསུམ”གྱི་དངུལ་རྩའི་ཞབས་ཕྱི་ནུས་ཤུགས་ཡོད་རྒུས་བཏོད་ཡོད་པ་རེད།

ཞིང་ལས་སྟོབས་ལྡན་གྱུར་པར་ཕྱོགས་མང་པོ་ནས་འགག་སྒྲོལ་བྱས་པ་རེད། དངོས་གཉེར་དཔལ་འབྱོར་ལ་ཞབས་ཕྱི་བསྒྲུབ་རྒྱུ་རྒྱུན་འཁྱོངས་ནས་དངུལ་བུན་གཏང་དགོས་སར་དངུལ་བུན་བཏང་ཡོད། ཉེ་ལམ་ལོ་གསུམ་རིང་ལ་དངུལ་ཁང་དེས་ཁུལ་ཡོངས་ཀྱི་ལས་གཞི་དང་ཐོན་ལས། ཞིང་དུད་བཅས་ལ་དམ་པོར་དམིགས་ནས་རིམ་རྩིས་བྱས་ན་དངུལ་བུན་གཏོང་འཇོག་སྒོར་དུང་ཕྱུར165ལྷག་ཙམ་དང་། ལོ་གསུམ་ནང་དངུལ་བུན་སྒོར་དུང་ཕྱུར51བཏང་། དངུལ་བུན་འཕར་ཚད་ཁྲོམ་རའི་བགོ་སྐལ་ཁུལ་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་བསྡོམས་འབོར་གྱི་བརྒྱ་ཆ47ལས་བརྒལ་བ། བཅོལ་དངུལ་དང་དངུལ་བུན་གྱི་གཞི་ཁྱོན་སྒོར་དུང་ཕྱུར700ལས་བརྒལ་ཡོད། ལས་རིགས་གཅིག་པའི་ནང་ཨང་དང་པོར་བསླེབས་ནས། ད་ཆ་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར254ལ་ཟིན་ནས་ཡུལ་སྡེ་དར་རྒྱས་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་ཐུབ་ཡོད་པ་རེད།

དངོས་ཕན་གྱི་འབྲས་བུ་མཐོ་སྒང་དུ་སྨིན།

ཞབས་ཞུ་སྒོ་ཁར་སྐྱེལ་བ།

གཉིས།ཞིང་ཕན་གྱི་ཐབས་ལམ་སྔོན་དུ་སྤེལ་བ་རེད། ཐབས་ལམ་བཀོད་སྒྲིག་ལེགས་པོ་བྱ་རྒྱུ་རྒྱུན་འཁྱོངས་ནས་ཡུལ་སྡེར་ཁེབས་པར་བྱས། དངོས་ཁམས་དྲྭ་ཚུགས་དང་རང་འདེམས་དངུལ་ཁང་། ཞིང་ཕན་ཞབས་ཞུའི་ས་ཚུགས། ལག་ཐོགས་ཁ་པར་དངུལ་ཁང་། སྐོར་སྐྱོད་དངུལ་རྩའི་ཞབས་ཞུ་བཅས“ཕྱོགས་ལྔ་གཞི་གཅིག”གི་ཐབས་ལམ་ཞབས་ཕྱིའི་མ་ལག་འཛུགས་སྐྱོང་བྱས་ནས་གྲངས་གཞིའི་གྲོང་སྡེ་འཛུགས་སྐྱོང་བྱས་པར་རྒྱབ་སྐྱོར་བྱས་ཏེ། ཡུལ་སྡེ་དར་རྒྱས་གཏོང་བར་རིག་ནུས་ཞབས་ཕྱི་མཁོ་འདོན་བྱས་ནས་དངུལ་རྩའི་མང་ཚོགས་ལ་ཞབས་ཕྱི་བསྒྲུབ་རྒྱུ་ལྷག་ལུས་མེད་པ་བྱས་ཡོད། ཉེ་ལམ་ལོ་གསུམ་ནང་དངུལ་ཁང་དེས་རིམ་རྩིས་བྱས་ན་དངུལ་རྩ་མེད་པའི་ཡུལ་ཤོག་དང་གྲོང་རྡལ་གྱི་དྲྭ་ཚུགས63གསར་སྐྲུན་བྱས་པ་དང་། རང་འདེམས་དངུལ་ཁང་གི་ཞབས་ཕྱི་ཡུག་སྦྲེལ་ཁུལ2གསར་སྐྲུན་དང་རང་འགུལ་འཕྲུལ་ཆས་དང་སྒྲིག་ཆས160ལྷག་ཙམ་གསར་སྣོན་བྱས་ཤིང་། ཁག་བགོས་ནས་ཁམས་ཤར་དང་ཁམས་ལྷོ། ཁམས་བྱང་བཅས་སུ་སྐོར་སྐྱོད་དངུལ་ཁང་གི་ཞབས་ཞུའི་རླངས་འཁོར4བཀོད་སྒྲིག་བྱས་པ་རེད། ད་སྔའི་བར་དངུལ་ཁང་དེའི་གསོག་འཇོག་དངུལ་འབོར་དུད་ཚོང་ཁྲི27ལ་ཟིན་པ་ལས་ཉོ་ཚོང་ཁག་ཁྲི3966ལ་ཟིན་པ། དངུལ་གྲངས་བསྡོམས་འབོར་སྒོར་དུང་ཕྱུར229ལ་ཟིན་ཡོད་པ་རེད། དཀར་མཛེས་དང་སེར་ཤུལ། སྡེ་དགེ། དཔལ་ཡུལ། ལི་ཐང་། ཕྱག་ཕྲེང་།འདབ་པ་བཅས་རྫོང་ཁག་ལ་དྲྭ་དངུལ་དཔེ་སྟོན་གྲོང་སྡེ་འཛུགས་སྐྱོང་བྱས་ཡོད་པ་རེད། ཞིང་ཕན་དངུལ་ལེན་ཞབས་ཞུའི་ས་ཚུགས2290བཙུགས་ནས་སྲིད་འཛིན་གྲོང་སྡེ་བརྒྱ་ཆ91ལ་ཁྱབ་པ་དང་། 2022ལོར་ཉོ་ཚོང་ཁག་ཁྲི10ལྷག་ཙམ་ལ་ཟིན་པ་དང་དངུལ་འབོར་སྒོར་དུང་ཕྱུར1.77ལ་ཟིན་ཡོད་པ་རེད།

ཞིང་པ་ཕྱུག་པོར་ཆགས་པར་ནུས་ཤུགས་གང་ཡོད་བཏོན། ཞིང་ཕནeདངུལ་བུན་གཡར་བ་གཞི་རྟེན་དུ་བྱས་ནས་ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས《སི་ཁྲོན་དཀར་མཛེས་གནག་ཕྱུགས་ཐོན་ལས་འདུས་འཛོམས་འཛུགས་སྐྲུན་ཇུས་གཞི》ལ་དམ་པོ་དམིགས་ནས་རང་ཁུལ་གྱི་གནས་ཚུལ་དང་ཐོན་ལས་འཆར་འགོད་ཀྱི་དོན་དངོས་ལྟར།《ཀྲུང་གོ་ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་དཀར་མཛེས་ཁུལ་གནག་ཕྱུགས་ཐོན་ལས་གཅིག་འདུས་འཛུགས་སྐྱོང་

ལ་རྒྱབ་སྐྱོར་བྱེད་པའི་དངུལ་རྩའི་ཞབས་ཕྱིའི་བྱེད་ཐབས་བཅུ》བཏོན་ནས་རང་ཁུལ་གྱི་གནག་ཕྱུགས་ཐོན་ལས་གཅིག་འདུས་འཕེལ་རྒྱས་ལ་སྤུས་ཚད་ཡག་ཅིང་ཕན་སུམ་ཚོགས་པའི་ཕྱོགས་བསྡུས་དངུལ་རྩའི་ཞབས་ཕྱི་མཁོ་འདོན་བྱས་ཏེ། རིམ་རྩིས་བྱས་ན་ཁུལ་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་དུད་ཚང18313ལ་དངུལ་བུན་སྒོར་དུང་ཕྱུར17.54བཏང་བ་དང་ད་ཆ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར9.68ལ་ཟིན་པ་རེད།

གསུམ།མཐོ་སྒང་ལ་གཞི་བཙུགས་ནས་དཀར་མཛེས་ཁུལ་ལ་ཞབས་ཕྱི་བསྒྲུབས། ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་བདེ་དྲོད་ཡོད་པ་དང་བརྩེ་སེམས་ཡོད་པ། འགན་འཁུར་ཕོད་པ་བཅས་ཀྱི“གསུམ་ཅན”དངུལ་ཁང་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་ཆབས་ཅིག། ཞལ་འདེབས་ཁག་ཅིག་འབུལ་བའི་བྱེད་སྒོ་སྤེལ་བ་རེད། ཉེ་ལམ་ལོ་ཤས་རིང་། རིམས་ཚུལ་འགོག་ཟོན་གྱི་དམག་འཐབ་དང་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ། འགུལ་འགོག་གནོད་སེལ་བྱས་པའི་ཁྲོད་རིམ་རྩིས་བྱས་ན་ཁ་ཤུབས་དང་བཙན་སྡོམ་དངོས་ཟོག་སོགས་རིགས་སྣ་ཚོགས་ཀྱི་གཅེས་སེམས་རྒྱུ་ནོར་ཞལ་འདེབས་འབུལ་ཐེངས20ལྷག་ཙམ་སྤེལ་བ་ལས་དངུལ་འབོར་སྒོར་ཁྲི300ལྷག་ཙམ་ལ་ཟིན་པ། དེ་དང་ཆབས་ཅིག་དམིགས་འཛུགས་རོགས་སྐྱོར་གྱི་ཞལ་འདེབས་མ་དངུལ་དོན་འཁྱོལ་བྱས་པ་རེད། དཔེར་ན། སྒོར་ཁྲི10ཞལ་འདེབས་བརྒྱབ་ནས་གནག་ཕྱུགས་དགུན་བརྒལ་རྩྭ་གཟན་གྱི་རྟེན་གཞི་འཛུགས་སྐྱོང་དང་།སྒོར་ཁྲི100སེར་ཤུལ་རྫོང་གི་ཁྲོན་པ་འཛུགས་སྐྲུན་སོགས་ཀྱི་ལས་གཞིར་སྤྱོད་པའི་དུས་མཚུངས་སུ། ལས་གནས་ཁག་གཅིག་ལ་བྱས་རྗེས་བཞག་ཡོད། ཉེ་ལམ་ལོ་གསུམ་རིང་རིམ་རྩིས་བྱས་ན་ཁུལ་ནས་ཐོན་པའི་སློབ་མ166དཀར་མཛེས་ཞིང་ལས་དངུལ་ཁང་དུ་ལས་ཞུགས་བརྟན་པོ་བྱེད་པར་གདན་དྲངས་པ་དེས་ས་གནས་དེ་གའི་ལས་ཞུགས་ཀྱི་གནོན་ཤུགས་ཆུང་དུ་བཏང་ནས་སྤྱི་ཚོགས་ལ་བྱས་རྗེས་འཇོག་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད་པ་རེད། མང་ཚོགས་ཁག་ཅིག་ལ་གཉེན་འཚོལ་རོགས་རམ་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་གཏིང་ཟབ་སྤེལ་ནས། ལས་རིགས་ཡོངས་ཀྱི་ལས་བཟོ་དུད་ཚང་རེ་རེར་ཆ་སྙོམས་མཐུན་འབྲེལ་དུ་ཚང127ལ་ཁྱབ་ནས་ཁྱིམ་ཚང་གི་མཐུན་འབྲེལ་ལམ་སྲོལ་ཆགས་པ་རེད། དེ་དང་ཆབས་ཅིག་དངུལ་ཁང་དེའི་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ལྕགས་ཟམ་རྫོང་དུ་སྤྱི་ཟླ9པའི་ཚེས5ཉིན་བྱུང་བའི་ས་འགུལ་གྱི་གནོད་འཚེ་ཐེབས་པའི་དུད་ཚང5ལ་མཐུན་འབྲེལ་རོགས་སྐྱོར་བྱས་པ་རེད།

ལོ་ཟླའི་ཟིན་ཐོ་མདུན་དུ་སྐྱོད་པའི་འཁོར་ལོ་ཡིས། རྗེས་ཤུལ་ཁྲོད་དུ་གཡུར་ཟ་བའི་གྲུབ་འབྲས་ཐོབ་ནས་མ་འོངས་པར་རེ་བས་ཁེངས་པ་རེད། ལང་ཚོ་དར་ལ་བབ་པའི་ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་དེ་བས་དཔའ་ངར་ཆེར་བསྐྱེད་ཀྱི་གོམ་སྟོབས་བརྟན་དུ་གཏང་རྒྱུ་ཡིན་ཞིང་། བདེ་རྩར་ཐུག་པའི་གོམ་སྟབས་ཀྱིས་མཐོ་སྒང་གི་ཡུལ་སྡེ་དར་རྒྱས་ལ་ཞབས་ཕྱི་བསྒྲུབ་རྒྱུའི་ལེའུ་གསར་པ་མུ་མཐུད་བརྩམས་ཏེ། མཐུན་སྒྲིལ་འབྱོར་ཕྱུག། འཆམ་མཐུན་དང་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པར་སྟོབས་ཤུགས་དེ་བས་ཆེ་བ་དང་བྱས་རྗེས་དེ་བས་ཆེན་པོ་གཞག་རྒྱུ་ཡིན་པ་རེད།།




  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན2023ལོའི་གཤམ་སྤེལ་གསུམ་གྱི་བྱེད་སྒོ་སྤེལ་འགོ་ཚུཊ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།