དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི45.66ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི 50224རག་ཡོད།

བདེ་སྐྱིད་ཀྱིས་བསྒྱུར།        2023-02-08

དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རང་ཁུལ་གྱི་ལྗོངས་ཁུལ་ཆེ་གྲས་ཁག་དང་ལྗོངས་གནས་སུ་ཡུལ་སྐོར་བྱེད་མཁན་མང་པོ་ཡོད་ཅིང་ཡུལ་སྐོར་ཁྲོམ་ར་དར་རྒྱས་ཆེན་པོ་བྱུང་། ལྗོངས་ཁུལ་ཁག་གིས་སྣེ་ལེན་བྱེད་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་ཞབས་ཞུའི་སྤུས་ཚད་ཡག་ལ་སྐུལ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་དོད་ཅིང་ཡུལ་སྐོར་ཁྲོམ་ར་ཉེན་མེད་དང་གོ་རིམ་ལྡན། ཁུལ་ཡོངས་སུ་ཡུལ་སྐོར་ལས་འཛོལ་ཚབས་ཆེན་ཐོན་མེད་པ་དང་ཡུལ་སྐོར་སྤུས་ཚད་ཀྱི་ཞུ་གཏུག་རྒྱག་མཁན་མེད། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་སླར་གསོ་ཤུགས་ཆེན་བྱེད་པའི་རྣམ་པ་མངོན་པ་རེད།

རང་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་དང་ཡུལ་སྐོར་ལྗོངས་ཁུལ་ཁག་གིས་རྣམ་པ་གསར་རྐྱང་དང་། ཁྱད་ཆོས་གསལ་པོ། ནང་དོན་ཕུན་སུམ་ཚོགས་པའི་གཙོ་དོན་ཡུལ་སྐོར་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས་དཀར་མཛེས་ཁུལ་གྱི་དཔྱིད་གསར་དུས་ཆེན་གྱི་བྲོ་བ་ཧ་ཅང་ཆེ་བས་བྱེད་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཡོད། གང་འཁྱགས་ཡུལ་སྐོར་དང་དམངས་སྲོལ་ཡུལ་སྐོར་སོགས་རིག་གནས་ཡུལ་སྐོར་ཐོན་རྫས་ལ་ཡུལ་སྐོར་བ་རྒྱ་ཆེན་གྱིས་དགའ་པོ་བྱེད་ཀྱི་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི45.66ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི50224རག་ཡོད་ལ། ན་ནིང་གི་དུས་མཉམ་ལས་བརྒྱ་ཆ106.33དང་བརྒྱ་ཆ107.42འཕར་ནས2019ལོའི་དུས་མཉམ་ལས་བརྒྱ་ཆ92.94དང་བརྒྱ་ཆ102.23འཕར་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:དུང་དཀར་ལུང་པའི་ལྗོངས་ཁུལ་དུ་དམངས་ཡོངས་ཀྱི་ལུས་སྦྱོང་རྒྱུག་འགྲན་སྐབས་བཅུ་པ་གཉེར།
  • ལེ་ཚན་རྗེས་མ།:གྲོང་སྡེའི་དགོང་ཚོགས་ལས་ལོ་སར་གྱི་ཉམས་འགྱུར་དང་བསྐྱར་སྐྲུན་གྱི་སྟོབས་ཤུགས་མངོན།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10