​ཧྥུང་ཧྥ་ཀུའེ་ལུགས་རྙིང་ལོ་སར་རན་ལ་འཚམས་འདྲིར་ཕེབས་འདུག།

ནོར་བུས་བསྒྱུར་ཞུས་བྱས།        2023-01-20

     ལུགས་རྙིང་ལོ་སར་དང་བོད་ཀྱི་ལོ་སར་ཚེས་ལ་ཉེ་བའི་སྐབས་འདིར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་རུ་ཁག་གི་སྣེ་ཁྲིད་དེ་ལོ་སར་ལ་འཚམས་འདྲིར་ཕེབས་པའི་བྱེད་སྒོ་སྤེལ་བ་སྟེ། ལས་གནས་དང་པོར་ཡོད་པའི་ལས་བྱེད་ལས་བཟོ་དང་། ཤེས་ལྡན་མི་སྣ། ལས་འཁྱུར་ངལ་གསོའི་ལས་བྱེད་པ་རྒན་གྲས། ས་འགུལ་གྱི་གནོད་ཐེབས་མང་ཚོགས། ཏང་མི་རྒན་གྲས། དཀའ་ངལ་ཡོད་པའི་ཏང་མི། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་མཐུན་འབྲེལ་དུད་ཚང་བཅས་སུ་ཕེབས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་བསྐྱལ་བ་དང་འབྲེལ་ལོ་སར་རན་བཀྲ་ཤིས་པའི་སྨོན་འདུན་བཟང་པོ་ཞུས་པ་རེད།

​ཧྥུང་ཧྥ་ཀུའེ་ལུགས་རྙིང་ལོ་སར་རན་ལ་འཚམས་འདྲིར་ཕེབས་འདུག།
ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་གྱི་གནོད་ཐེབས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལུའོ་ཞན་ཀོང་ལ་འཚམས་འདྲི་གནང་བ།

   དར་མདོ་གྲོང་ཁྱེར་ཕག་མོ་རིའི་ནགས་ཚལ་མེ་ཟོན་ཞིབ་བཤེར་ས་ཚུགས་སུ་ཧྥུང་ཧྥ་ཀུའེ་ཡིས་ལས་རེས་མི་སྣར་འཚམས་འདྲི་གནང་ནས་ས་ཚུགས་ཀྱི་ལས་ཀའི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

​ཧྥུང་ཧྥ་ཀུའེ་ལུགས་རྙིང་ལོ་སར་རན་ལ་འཚམས་འདྲིར་ཕེབས་འདུག།
དར་མདོ་གྲོང་ཁྱེར་ཕག་མོ་རིའི་ནགས་ཚལ་མེ་ཟོན་ཞིབ་བཤེར་ས་ཚུགས་སུ་ལས་རེས་མི་སྣར་འཚམས་འདྲི་གནང་བ།

   ཀྲུང་གོ་ཞིང་ལས་དངུལ་ཁང་དཀར་མཛེས་ཁུལ་ཡན་ལག་དངུལ་ཁང་དང་། ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་དཀར་མཛེས་ཁུལ་ཡན་ལག་དངུལ་ཁང་། ཁུལ་ཁྲལ་དོན་ཅུས་བཅས་སུ་ཧྥུང་ཧྥ་ཀུའེ་ཡིས་ཁུལ་དུ་བཅའ་སྡོད་བྱེད་པའི་དངུལ་རྩ་སྒྲིག་གཞིའི་ལས་སྒོ་སྤེལ་ཚུལ་དང་སྒྲིག་གཞིའི་འཁོར་སྐྱོད་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་དངུལ་རྩའི་སྒྲིག་གཞི་ཁག་ལ2022ལོར་ཐོབ་པའི་གྲུབ་འབྲས་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཁྲལ་དོན་སྡེ་ཚན་དང་ཁྲལ་དོན་ལས་བྱེད་པས་ལོ་གཅིག་རིང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།

   ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་ཧྥུང་ཧྥ་ཀུའེ་ཡིས་ལས་གནས་དང་པོའི་མི་དམངས་ཉེན་རྟོག་པ་དང་རེ་རེ་བཞིན་ཕྱག་བཏང་བར་མ་ཟད། འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཁུལ་ཡོངས་ཀྱི་ཤར་བགྲོད་འགན་ལེན་གྱི་ལས་དོན་ལ་ཐོབ་པའི་ཕུལ་བྱུང་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

​ཧྥུང་ཧྥ་ཀུའེ་ལུགས་རྙིང་ལོ་སར་རན་ལ་འཚམས་འདྲིར་ཕེབས་འདུག།

ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ལས་གནས་དང་པོའི་འགྲིམ་འགྲུལ་ཉེན་རྟོག་པར་འཚམས་འདྲི་གནང་བ།

   ཁུལ་ནད་ཡམས་ཚོད་འཛིན་ལྟེ་གནས་སུ་ཧྥུང་ཧྥ་ཀུའེ་ཡིས་ལས་གནས་དང་པོར་འབད་འཐབ་བྱེད་མཁན་གྱི་ནད་ཡམས་འགོག་ཟོན་མི་སྣར་བདེ་འདྲི་དང་དུས་ཆེན་གྱི་འཚམས་འདྲི་གནང་བ་རེད།

​ཧྥུང་ཧྥ་ཀུའེ་ལུགས་རྙིང་ལོ་སར་རན་ལ་འཚམས་འདྲིར་ཕེབས་འདུག།
ཁུལ་ནད་ཡམས་ཚོད་འཛིན་ལྟེ་གནས་སུ་ནད་ཡམས་ཚོད་འཛིན་མི་སྣར་འཚམས་འདྲི་གནང་བ།

   དར་མདོ་སློབ་འབྲིང་དང་ཁུལ་སྨན་ཁང་དུ་ཧྥུང་ཧྥ་ཀུའེ་ཡིས་འབྲེལ་གཏུག་བྱ་ཡུལ་མཐོ་རིམ་ཤེས་ལྡན་མི་སྣར་འཚམས་འདྲི་གནང་བ་དང་། ཁོང་ཚོས་དཀར་མཛེས་ཁུལ་གྱི་སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁོང་ཚོ་བརྒྱུད་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དང་ལས་བཟོ། སྨན་དོན་མི་སྣར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་རེད།

   ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དང་གདན་ཐོག་གྲོང་རྡལ་དུ་ཧྥུང་ཧྥ་ཀུའེ་ཡིས9·5ས་འགུལ་གྱི་གནོད་འཚེ་ཕོག་པའི་དཀའ་ངལ་ཡོད་པའི་མང་ཚོགས་དང་། ཏང་མི་རྒན་གྲས། དཀའ་ངལ་ཡོད་པའི་ཏང་མི། ཆ་སྒྲིག་མཐུན་འབྲེལ་དུད་ཚང་བཅས་ལ་འཚམས་འདྲི་གནང་བ་རེད།

​ཧྥུང་ཧྥ་ཀུའེ་ལུགས་རྙིང་ལོ་སར་རན་ལ་འཚམས་འདྲིར་ཕེབས་འདུག།
ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་གྱི་ཏང་མི་རྒན་པ་ཝང་ཧན་ཡིའུ་ལ་འཚམས་འདྲི་གནང་བ།

   ཁུལ་སྲིད་གཞུང་ཞིབ་འཇུག་ཁང་དང་ཁུལ་སྲིད་གཞུང་གི་ལས་རེས་ཁང་དུ་ཧྥུང་ཧྥ་ཀུའེ་ཡིས་ལས་ཁུངས་ཀྱི་ལས་བྱེད་པས་དཀའ་སྤྱད་སྡུག་རུས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

   དེའི་རིང་ཧྥུང་ཧྥ་ཀུའེ་ད་དུང་ཁྲེང་ཏུའུ་གྲོང་ཁྱེར་དུ་འབྲེལ་གཏུག་བྱ་ཡུལ་གྱི་ལས་འཁྱུར་ངལ་གསོའི་ལས་བྱེད་རྒན་གྲས་ལ་འཚམས་འདྲིར་ཕེབས་ཤིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་མགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས་ནས་ཁོང་ཚོས་གཟུགས་པོར་བདག་གཅེས་དང་སྔར་བཞིན་དཀར་མཛེས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཞུས་པ་རེད།


  • ལེ་ཚན་སྔོན་མ།:རྣམ་རྟོག་ཆུ་འཛིན་འཁྲིགས་པའི་རླབས་ཕྲེང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།