བོད་ཀྱི་བྲིས་པ་ཞིག་ལ་ཧྲེན་ཀྲེན་ནས་བྱ་དགའ་ཞིག་ཐོབ་འདུག།

འབྲི་བརྒྱ་ལྷ་མཚོ།        2023-01-13

     ཉེ་ཆར། ཀྲུང་གོ་ཧྲེན་ཀྲེན་རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་བཤམས་སྟོན་འདུ་ཚོགས་སྐབས་བཅོ་བརྒྱད་པ་གྲོང་ཁྱེར་ཧྲེན་ཀྲེན་ཏུ་སྤེལ་བ་རེད། ཚོགས་འདུའི་རིང་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་འགྲན་སྡུར་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གིས“ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་འགྲན་སྡུར་ཆེན་མོ་སྐབས་བཅོ་ལྔ་པའི”དཔྱད་འདེམས་བྱེད་སྒོ་སྤེལ་བ་རེད།


བོད་ཀྱི་བྲིས་པ་ཞིག་ལ་ཧྲེན་ཀྲེན་ནས་བྱ་དགའ་ཞིག་ཐོབ་འདུག།

     ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་འགྲན་སྡུར་ཆེན་མོ་འདི་ནི་ཀྲུང་གོ་བཟོ་རྩལ་མཛེས་རྩལ་ལས་རིགས་ཀྱི་ཚད་གཞི་ཆེས་མཐོ་ཤོས་ཀྱི་དཔྱད་འདེམས་བྱེད་སྒོ་ཞིག་ཡིན་ལ་རིག་གནས་དངོས་མང་བཤམས་སྟོན་འདུ་ཚོགས་སྟེང་ཆེས་གལ་ཆེ་བའི་བྱེད་སྒོའི་གྲས་ཤིག་ཀྱང་རེད། སྐབས་འདིའི་འགྲན་སྡུར་ནང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས་སོགས་གྲོང་ཁྱེར་ཉེར་དྲུག་གིས་འོས་སྦྱོར་བྱས་པའི་ཡིག་གཟུགས་དང་རི་མོ་སོགས་ཀྱི་བརྩམས་ཆོས་སྟོང་ཕྲག་མང་པོ་དཔྱད་འདེམས་ནང་ཞུགས་ཡོད་ལ་བརྩམས་ཆོས་ཁྲི་ཕྲག་མང་པོ་བཤམ་སྟོན་བྱས་ཡོད། དེའི་ནང་དཀར་མཛེས་རྫོང་ཡིག་མཁན་གྲགས་ཅན་ཆོས་འགྲུབ་ཚེ་རིང་ངམ་བྱམས་པ་རྡོ་རྗེས་བྲིས་པའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས《རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་དབྱངས》ཞེས་པ་དེར་ཐེངས་འདིའི་ཚོགས་འདུར“ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་འགྲན་སྡུར”ནང་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ་པ་རེད།


བོད་ཀྱི་བྲིས་པ་ཞིག་ལ་ཧྲེན་ཀྲེན་ནས་བྱ་དགའ་ཞིག་ཐོབ་འདུག།

     བོད་ཡིག་གི་གསེར་རིས་ཡིག་གཟུགས་ནི་མིག་སྔར་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གྲས་སུ་ཚུད་ཡོད་པ་དང་། རྒྱ་ཆེའི་ཡིག་གཟུགས་ལ་དགའ་པོ་བྱེད་མཁན་དང་ཡིག་གཟུགས་ཉར་ཚགས་བྱེད་མཁན་ཚོས་གཅེས་ནོར་འཛིན་བཞིན་ཡོད།

     ཆོས་འགྲུབ་ཚེ་རིང་ངམ་བྱམས་པ་རྡོ་རྗེ་ནི་སི་ཁྲོན་དཀར་མཛེས་རྫོང་གི་བོད་ཡིག་ཡིག་གཟུགས་གསར་རྩོམ་པ་དང་བོད་ཤོག་བཟོ་སྐྲུན་མཁས་ཅན། དཀར་མཛེས་བོད་ལུགས་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་ཀྱི་སྤྱིའི་འགན་འཛིན་པ་དང་། དཀར་མཛེས་གནའ་དཔེ་གསེར་བྲིས་རིག་གནས་ཀྱི་རྒྱུན་འཛིན་པ། དཀར་མཛེས་ནོར་བུ་གླིང་ཤེས་ལྡན་མི་སྣ། ཁམས་པའི་རིག་གནས་རྒྱུན་འཛིན་ཕོ་ཉ།  ཁམས་པའི་ཁྱད་འཕགས་ལག་ཤེས་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཡིན་ལ། ད་དུང་འཛམ་གླིང་རང་བཞིན་གྱི་ཡིག་གཟུགས་ཅི་ཉི་སི༼吉尼斯༽ཡི་བྱ་དགའ་ཐོབ་མཁན་བཅས་ཡིན།


བོད་ཀྱི་བྲིས་པ་ཞིག་ལ་ཧྲེན་ཀྲེན་ནས་བྱ་དགའ་ཞིག་ཐོབ་འདུག།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན2023ལོའི་དུས་ཚིགས་དང་པོའི་ལས་གཞི་གལ་ཆེན་གྱི་ཡུལ་དངོས་སྐུལ་འདེད་བྱེད་སྒོ་ལས་དཀར་མཛེས་ཁུལ་ཡན་ལག་ཚོགས་རའི་བྱེད་སྒོ་ལྕགས་ཟམ་རྫོང་དུ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།