རྨི་ལམ་གྱི་མཚན་མོ།

ཁྱེའུ་ལྷ་སྲས།        2023-01-13

སྐྱ་རེངས་མ་ཤར་སྔོན་ལ།

ངས་ལྷིང་འཇགས་གྱི་རྩྭ་ཐང་དུ།

སྐར་ཚོགས་ཀྱི་ལུག་ཁྱུ་འཚོས་ནས་ཡོད།

བག་ཕེབས་ཀྱི་མཚན་མོས་ང་ལ་རྨི་ལམ་གནང་བྱུང་།

རྨི་ལམ་གྱིས་རྒྱང་རིང་ཞེས་པའི་

མགུར་དབྱངས་གྱེར་བྱུང་།

རྨི་ལམ་གྱི་མཚན་མོ་དེའི་ག་ཤེད་ཅིག་ནས།

རྒྱང་རིང་གི་མགུར་དབྱངས་ལ་ཆགས་

པའི་བདག་གིས།

མཚན་མོ་དཀྲོག་པའི་ཉིན་མོ་དཀར་དཀར་དང་།

དུས་གཏན་དུ་ཁ་གྱེས་རྒྱུ་བྱུང་ན་ཅི་མ་

རུང་སྙམ་འོང་།

རྨི་ལམ་གྱི་རྩྭ་ཐང་གིས་འཛད་མཐའ་

མེད་པའི་མེ་ཏོག་གསོས་བྱུང་།

རྨི་ལམ་གྱི་ཁུ་བྱུག་གིས་སུན་པ་མེད་

པའི་གསུང་སྙན་སྒྲོག་བྱུང་།

རྨི་ལམ་གྱི་རྒོད་པོ་ཡིས་ཞུམ་པ་མེད་པའི་གཤོག་

ཟུང་བརྐྱངས་བྱུང་།

དེ་བས་ཁ་ཕྱོགས་ངེས་གཏན་མེད་པའི་

གནས་སྐབས་ཀྱི་མགྲོན་པོ་ངས་ཀྱང་།

རྨི་ལམ་ནི་གཉིད་དུ་ཡུར་དུས་ཀྱི་

འཁྲུལ་སྣང་ཁོ་ན་མིན་པར་རྟོགས་བྱུང་།

ད་ནི་ང་ཚོས་ཕྱིར་འགྱངས་མི་བྱེད་པར།

ཁོད་ཡངས་པའི་མཚན་མོའི་གར་སྟེགས་སྟེང་དུ།

རང་ཉིད་རྨི་ལམ་གྱི་གར་མཁན་དེ་བྱས་ནས།

མི་ཚོགས་ལ་སྤྲོ་སེམས་འཁོལ་བའི་

ཞབས་བྲོ་རྒྱག་ཤོག།

རྣ་བའི་བུ་རམ་ལྟ་བུའི་མགྲིན་གཞས་

དེ་དག་ངག་ནས་འཐེན་ཤོག།


  • ལེ་ཚན་སྔོན་མ།:རྨི་ལམ་གྱི་མཐོང་བ།
  • ལེ་ཚན་རྗེས་མ།:མི་ཚེ་དབྱངས་ལ་བསྟར་བ།