ལོ་སར་གྱི་སྟ་གོན།

ཛམ་བིརྱ།        2023-01-20

མཐོན་མཐིང་མཁའ་དབྱིངས་དབུས་ན་རང་མདངས་མཛེས། །

གསེར་ལྡན་འཛིན་མའི་མངལ་གྱི་གངས་རི་མཛེས། །

དུས་བཞིའི་ནང་གི་བསིལ་བའི་ཡུལ་འདི་མཛེས། །

མཛེས་གསུམ་འཛུམ་པའི་ལོ་སར་དགའ་སྟོན་བསུ། །

ས་ལའི་སྨན་ལྗོངས་ཁ་བས་བཀླུབས་པ་མཛེས། །

ནོར་འཛིན་དགའ་མ་དྭངས་ཤིང་གཙང་བ་མཛེས། །

དུས་བཞིའི་ནང་གི་བསིལ་ལྡན་ཅན་འདི་མཛེས། །

མཛེས་གསུམ་འཛོམས་པའི་ང་ཚོའི་ལོ་སར་བསུ། །

གོ་ལའི་ཡང་རྩེ་གངས་ཅན་ཡུལ་འདི་མཛེས། །

ཁ་བའི་ཡུལ་འདིར་ལོ་སར་བསུ་ལ་གྲབས། །

བཀྲ་ཤིས་ལོ་སར་རྟེན་འབྲེལ་མི་འཕྱུག་ཕྱིར། །

ཕུན་ཚོགས་སྟ་གོན་ལྷག་བསམ་གཙང་མས་གནང་། །



  • ལེ་ཚན་སྔོན་མ།:ལོ་གསར་པའི་ནང་ལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།