བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་འཛུགས་སྐྱོང་བྱེད་དགོས།

ནོར་བུས་བསྒྱུར།        2023-01-17

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ནང་ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ་དང་། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་དང་འཛུགས་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཕུགས་ཡུན་རིང་པོར་འཕེལ་རྒྱས་གཏོང་བའི་འཆར་གཞི་ཆེན་པོ་ཡིན་པར་བརྟེན། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་། དེང་རབས་ཅན་འཛུགས་སྐྱོང་བྱེད་པར་ཤེས་ལྡན་མི་སྣ་ཡིས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་ནས་རང་རྒྱལ་གྱིས་ཤེས་ལྡན་མི་སྣ་རང་བརྟེན་གྱིས་གསོ་སྐྱོང་བྱེད་པའི་བགྲོད་ལམ་གསར་པ་འཚོལ་ཞིབ་ཇེ་མགྱོགས་སུ་བྱས་ནས།འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་འཛུགས་སྐྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པར་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བཏོན་ཡོད་པ་རེད། 

     ལུགས་རྙིང་ལོ་སར་འཆར་ལ་ཉེ་བའི་སྐབས་སུ་པེ་ཅིང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་གྱི་གློག་ཁབ་ལེན་མཉམ་འདུས་ཚོགས་པས་སྔར་བཞིན་ཀྲུང་གོའི་བར་སྣང་ས་ཚུགས་ཀྱི་གློག་ཁབ་ལེན་ཉེན་མེད་མཐོ་རུ་གཏོང་ཆེད་ཚན་ཞིབ་འགག་གནད་སྒྲོལ་ཐབས་བྱེད་བཞིན་ཡོད་པ་རེད། འདས་པའི་ལོ་གཅིག་ནང་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱིས་ཟིན་ཐོ་གསར་པ་ཟམ་མི་ཆད་པར་བཏོད་པ་དང་ཕུགས་འདུན་འགྲུབ་པའི་བརྒྱུད་རིམ་ནི་གསར་གཏོད་ནུས་པའི་འགྲན་བསྡུར་ཞིག་ཡིན་ལ། ཤེས་ལྡན་པ་སྦྱོང་བརྡར་བྱེད་པའི་གཡུལ་ས་ཞིག་ཀྱང་ཡིན་པས་འབུམ་རམས་པའི་སློབ་མ་ཏུའུ་ཝན་ལི་ཡིས་གློག་ཁབ་ལེན་གྱི་འགལ་རྐྱེན་ཕྱིར་འབུད་ཀྱི་ལས་དོན་ནང་ཞུགས་ནས་འཚར་ལོངས་ཡོང་བ་བྱས་ཡོད།

     རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་དམིགས་ནས་མི་གསོ་སྐྱོང་དང་ཚན་རིག་ཞིབ་འཇུག་འགག་སྒྲོལ་གྱི་ལས་གྲྭ་དང་པོར་ཤེས་ལྡན་མི་སྣ་སྦྱོང་བརྡར་བྱ་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤེས་ལྡན་མི་སྣའི་རང་བརྟེན་གསོ་སྦྱོང་ལ་སྔར་བས་མཐོང་ཆེན་གནང་ནས་འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་ཚན་རྩལ་ཤེས་ལྡན་པ་རྩེ་གྲ་ཅན་ཁག་གཅིག་གསོ་སྐྱོང་བྱེད་གང་ཐུབ་བྱས་པ་དང་། གསར་གཏོད་ཚོགས་པ་ཁག་གཅིག་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ། བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་པ་དང་། བཟོ་རྩལ་མཁས་ཅན། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་བཅས་གསོ་སྐྱོང་དེ་བས་མང་པོ་བྱ་དགོས་ཞེས་བསྟན་གནང་ཡོད།

     སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་བྱེད་པར་གསར་གཏོད་ཀྱི་ཤེས་ལྡན་མི་སྣ་དགོས་ལ། ལག་རྩལ་དང་རྩལ་ནུས་ཀྱི་ཤེས་ལྡན་མི་སྣ་དང་ཡང་བྲལ་ཐབས་མེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ནང“རྒྱལ་ཁབ་ཆེན་པོའི་ལག་ཤེས་པ”དང“རྩལ་ནུས་ཆེ་བའི་ཤེས་ལྡན་པ”རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་གྲས་སུ་ཐོག་མར་བཅུག་པ་རེད། 2022ལོའི་སྤྱི་ཟླ11པར་སློབ་གསོ་པུའུ་སོགས་སྡེ་ཚན་ལྔས“ལས་རིགས་སློབ་གསོའི་ཡུལ་དངོས་བཟོ་བཀོད་པ་ཆེད་དོན་གསོ་སྦྱོང་འཆར་གཞི”ལག་ལེན་བསྟར་ནས་ལག་རྩལ་གསར་པ་དང་། ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་དང་འཚམ་པའི་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་མི་སྣ་དང་། བཟོ་རྩལ་མཁས་པ།རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་བཅས་ཁྲི20མགྱོགས་མྱུར་གསོ་སྐྱོང་བྱ་རྒྱུ་རེད།

     རྩལ་ནུས་དགེ་རྒན་ཆེན་མོ་དགེ་རྒན་བྱེད་པ་དང་། ཐོན་ལས་ཀྱི་ཚད་གཞི་སློབ་ཁང་དུ་ཁྱབ་གདལ་བཏང་སྟེ་ཐོན་ལས་དང་སློབ་གསོ་མཉམ་འདྲེས་དེ་ལྟ་བུ་ལས་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ད་སྔར་ས་གནས་ཁག་གིས་གསོ་སྐྱོང་བྱས་པའི་ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཅན་གྱི་ཁེ་ལས4600ལྷག་ལ་ཟིན་པ་དང་། 2000ལོའི་རྗེས་ཀྱི་སློབ་ཐོན་སློབ་མ་ཧྲི་ཞན་ལེའང་ནི་དེ་འདྲའི་གསོ་སྐྱོང་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་། ད་ཆ་ཁེ་ལས་ཀྱི་གཞོན་ནུ་རྐང་འཛིན་པ་ཞིག་ཏུ་གྱུར་ཡོད། 

      ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ནང་ཤེས་ལྡན་མི་སྣ་རང་བརྟེན་གྱིས་གསོ་སྐྱོང་བྱེད་པའི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ་དང་། གསར་སྐྲུན་ཤེས་ལྡན་མི་སྣ་རྩེ་གྲ་སྐྱེད་སྲིང་བྱེད་པར་ཤུགས་རྒྱག་པ། གནམ་འོག་གི་ཤེས་ལྡན་མི་སྣ་རྩེ་གྲ་བསྡུ་རུབ་བྱས་ནས་བཀོལ་སྤྱོད་བྱ་དགོས་ཞེས་བཏོན་ཡོད། རྒྱང་སྐྱོད་ལམ་གསར་དུ་སྐྱོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག་ཤེས་ལྡན་མི་སྣའི་འདེགས་སྐྱོར་འཐབ་ཇུས་ལ་དམིགས་ཏེ་རང་རྒྱལ་གྱིས་སློབ་གསོ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་སྟེ་ཤེས་ལྡན་མི་སྣའི་འགྲན་རྩོད་ནང་རང་འགུལ་ངང་རྒྱལ་ཁ་ཐོབ་པ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་དུ་གཏང་དགོས།


  • ལེ་ཚན་སྔོན་མ།:《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་དང་པོ་སྟེང་གི་གསུང་
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།