དབྱངས་ཀྱི་སྐུད་པ།

དབྱངས་ཞི་བ།        2023-01-16

མུ་མེད་འཇིག་པའི་གླིང་ནས།།

རྩེ་མེད་འཁྱམ་པོ་ང་རང་། །

རྒྱང་རིང་རྒྱང་རིང་ཡུལ་ནས། །

བྱམས་པ་ཚོར་བཞིན་བགྲོད་ཀྱང་། །

དུས་ཀྱི་བསྐལ་པའི་འོག་ནས། །

སེམས་སོང་སྙིང་གི་ནོར་བུ། །

ལ་ལུང་སྟོང་གི་བཅད་པའི། །

རི་གྲོང་སྡེ་བའི་བར་གྱི། །

བརྩེ་མཐུན་འཛུམ་དཀར་མཚོ་མོ། །

བརྩེ་བའ་རྨི་ལམ་བར་ནས། །

བརྩེ་མེད་ཉམ་ཐག་མ་འགྱུར། །

བརྩེ་བའི་ཁྱོ་བོ་བདག་གིས། །

མཛའ་མཐུན་ལུ་གུའི་མེ་ཏོག །

མཚན་མོའི་རྨི་ལམ་ནང་ནས། །

འཛུམ་པའི་ཟླ་འོད་འཕྲོས་གཞིན། །

སྐེད་མཕྲ་ལུས་ཀྱི་གོས་ཡིན། །

རིང་བའི་རྒྱ་གྲོང་དཀྱིལ་གྱི། །

མཐུན་པའི་འཇོ་སྒེག་ལྷ་མོ། །

མིག་དང་ཁོག་པའི་སྙིང་ཡིན། །

བརྐུས་ནས་གང་དུ་གནས་སམ། །

དུ་མའི་ཡར་སྔོན་གླེང་ན། །

སྒྱུ་མའི་གཏམ་རྒྱུད་ཡུག་གཅིག །

བར་གྱི་གསང་བར་མཆིས་པ། །

གང་གི་རྟོགས་པར་ཡོད་དམ། །

ཕོ་མོའི་འགྲོ་འདུག་ལྟ་ཚེ། །

ཚེ་འདིའི་ཁྱོ་ཤུག་དེ་ནི། །

འཁོར་བའི་མི་རྟག་དེ་ལས། །

ལས་ཀྱང་མི་རྟག་མིན་སྙམ། །

སེམས་ཆུང་མཐུན་པར་གནས་པའི། །

བྲལ་མེད་རྒྱན་དུ་འགྱུར་བ། །

གྲང་ངར་ཆེ་བའི་ཁམས་ནས། །

དྲ་བའི་འཕྲིན་དུ་བསྐུར་ཡོད། །

དད་པའི་གོམ་ཁ་འགྲིག་བྱུང་། །

གཅིག་ལས་སྤོ་དགོས་བྱུང་སོང་། །

འགྲོགས་སའི་ཆང་ཁང་ཞིག་ལས། །

བརྒྱ་ལས་ཁྱོད་རང་འདེམས་ཡིན། །

བསྐལ་བ་སྟོང་གི་བར་དུ། །

སྐར་ཚོགས་སྨིན་དྲུག་ཁྱོད་ལས། །

མེད་པ་དམ་དུ་འཇོག་བཞིན། །

ཞུ་བའི་འཕྲིན་དུ་བསྐུར་ཡོད། །



  • ལེ་ཚན་སྔོན་མ།:རྣམ་རྟོག་ཆུ་འཛིན་འཁྲིགས་པའི་རླབས་ཕྲེང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།