2023ལོའི་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2023-01-16

སྤྱི་ཟླ་དང་པོའི་ཚེས9ཉིན་ལ2023ལོའི་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པ་བརྒྱུད་ནས་དར་མདོར་འཚོགས་པ་རེད། ཚོགས་འདུའི་ཐོག། 2022ལོའི་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཕྱོགས་བསྡོམས་བྱས་པ་དང། ད་སྔའི་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་ཆབས་ཅིག། 2023ལོའི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཏེང་ལི་ཅུན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་།

ཚོགས་འདུའི་ཐོག་འགྲིམ་འགྲུལ་འཛུགས་སྐྲུན་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་དེད་དཔོན་ཡིན་ཞིང་། འགྲིམ་འགྲུལ་ལ་མ་དངུལ་འཇོག་པ་ནི་ལས་གཞིའི་གཙོ་ཤུགས་དམག་ཡིན་ཞིང་། འགྲིམ་འགྲུལ་ཟོང་འགྲུལ་ནི་དཔལ་འབྱོར་གྱི་འཕར་རྩ་ལྟ་བུ་ཡིན་པ་རེད། རྫོང(གྲོང་ཁྱེར)སོ་སོའི་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལྟར། “ལྕགས་ལམ་གཉིས་དང་མྱུར་བགྲོད་གཞུང་ལམ་ལྔ། མཁའ་ལམ་བཞི”བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་དང“འཕྲེད་ལྔ་གཞུང་ལྔའི”རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་འགྲིམ་འགྲུལ་གཞུང་ལམ་བསྐྲུན་རྒྱུར་དམིགས་ཏེ་འགྲིམ་འགྲུལ་སྔོན་དུ་སྤེལ་བའི་འཐབ་ཇུས་ཀྱི་འགན་འཁྲི་དང་ལས་གཉེར་གཙོ་བོ་སྒྲུབ་གཉེར་བརྟན་པོ་བྱས་ནས་མྱུར་བགྲོད་གཞུང་ལམ་ཅན་དང་མགྱོགས་མྱུར་ཅན་དུ་འགྲོ་ཕྱོགས་རྒྱུན་འཁྱོངས་ནས། ཁུལ་ཡོངས་ཀྱི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོ་འགྲོ་རྒྱུར་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་ཁོངས་གཏོགས་ཀྱིས་འགྲིམ་འགྲུལ་གྱི་གཙོ་གནད་ལས་གཞིའི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས་ལས་གཞི་དམ་འཛིན་ཡག་པོ་བྱེད་པའི་གཙོ་ཤུགས་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ནས་མ་དངུལ་གཏོང་འཇོག་བྱེད་པར་སྐུལ་སྤེལ་གཏོང་བའི་གཙོ་འགན་ཁུར་ཏེ་བརྟན་པོའི་ངང་འཕར་སྣོན་བྱུང་བའི་སྒུལ་ཤུགས་ཡག་པོ་བྱ་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་རོགས་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་ཡུལ་སྡེ་དར་རྒྱས་གཏང་རྒྱུར་ཞབས་འདེགས་ཞུ་བའི་འཇོན་ནུས་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཞབས་ཞུའི་འཇོན་ནུས་ཀྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏང་དགོས། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་དཔེ་སྟོན་ཁུལ་གྱི་ལས་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས། ཏོག་གསར་གློ་ཚད་རིམས་ཚུལ་འགོག་ཟོན་བཙན་སྡོམ་དང་ཐོན་སྐྱེད་ཉེན་མེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།“དཔྱིད་ཚུགས་སྐྱེལ་འདྲེན”ཐོགས་མེད་ཤར་གཏོང་ཐུབ་པར་འགན་ལེན་བྱ་རྒྱུ་བཅས་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་ཉེན་མེད་འགྲིམ་འགྲུལ་གྱི་རྣམ་པ་འཛུགས་སྐྱོང་བྱ་དགོས་ཞེས་བླང་བྱ་བཏོན།

ཚོགས་འདུའི་ཐོག་རྫོང(གྲོང་ཁྱེར)སོ་སོས་འགྲིམ་འགྲུལ་སྔོན་དུ་སྤེལ་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱེད་པོའི་འགན་འཁྲི་ཏན་ཏིག་བསྒྲུབ་རྒྱུ་དང་འགྲིམ་འགྲུལ་གྱི་གཙོ་གནད་ལས་གཞི་ཁག་གཅིག་ཇུས་འགོད་དང་གྲབས་གསོག་ལག་བསྟར་བྱ་དགོས། འགན་སྲུང་ཁག་ལ་ཤུགས་བསྣན་ཏེ་སྤྱི་འདོམས་མཐུན་སྦྱོར་གྱི་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། བློ་བརྟན་འགྱུར་མེད་ཀྱིས་སྤྱོད་གཙང་གི་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་དཔེ་མཚོན་དོན་རྐྱེན་གྱིས་ཡོ་བསྲང་བྱ་རྒྱུར་སྐུལ་སྤེལ་གཏོང་བ།དཔེ་མཚོན་དོན་རྐྱེན་གྱིས་ཉེན་བརྡ་གཏོང་བ།དཔེ་མཚོན་དོན་རྐྱེན་གྱིས་བཅོས་སྐྱོང་ལ་སྐུལ་སྤེལ་གཏིང་ཟབ་ཏུ་བཏང་ནས་སྲིད་གཙང་ལྟ་སྐུལ་དང་ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:བོད་ཀྱི་བྲིས་པ་ཞིག་ལ་ཧྲེན་ཀྲེན་ནས་བྱ་དགའ་ཞིག་ཐོབ་འདུག།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་གྱི་ལས་ཞུགས་གནས་བབ་རྒྱུན་མཐུད་དུ་བརྟན་པོ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།