གྲོང་སྡེའི་དགོང་ཚོགས་ལས་ལོ་སར་གྱི་ཉམས་འགྱུར་དང་བསྐྱར་སྐྲུན་གྱི་སྟོབས་ཤུགས་མངོན།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-02-08

ལྕགས་ཟམ་རྫོང་གིས་དཔྱིད་གསར་བསྟོད་གླུ་སྟེ་རྒྱང་སྐྱོད་ཀྱི་ལམ་གསར་དུ་བསྐྱོད། ཀྲུང་གོའི་ལོ་སར་སྐྱིད་པོར་རོལ་ཞེས་པའི་གནོད་ཐེབས་ཁུལ་གྱི་རིག་རྩལ་བྱེད་སྒོ་སྤེལ།

གྲོང་སྡེའི་དགོང་ཚོགས་ལས་ལོ་སར་གྱི་ཉམས་འགྱུར་དང་བསྐྱར་སྐྲུན་གྱི་སྟོབས་ཤུགས་མངོན།
བྱེད་སྒོ་སྤེལ་ཡུལ།

སྤྱི་ཟླ་དང་པོའི་ཚེས24ཉིན་ཏེ་ལུགས་རྙིང་ལོ་སར་ཚེས་གསུམ་ཉིན་ལ། 9.5ལྕགས་ཟམ་ཁའི་ས་འགུལ་གནོད་ཐེབས་ཁུལ་གདན་ཐོག་གྲོང་རྡལ་གྱི་གཅིག་སྡུད་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་རྣམ་པ་གསར་རྐྱང་གི་གྲོང་སྡེའི་དགོང་ཚོགས་ཤིག་འཚོགས་པ་རེད། དེ་གར་གཟབ་རྒྱས་ཀྱི་གར་སྟེགས་དང་སྐད་གྲགས་ཅན་གྱི་མི་སྣ་མེད་ཀྱང་གྲོང་སྡེ་རིག་གནས་རྒྱབ་ལྗོངས་སུ་བྱས་པའི་ས་གནས་དེ་གའི་སྐད་གྲགས་ཅན་གྱི་མི་སྣས་མགྲིན་ཚབ་བྱས་ནས་གནོད་འཚེ་ཐེབས་ཁུལ་མང་ཚོགས་ལ་གྲོང་སྡེའི་རྣམ་པ་དང་ལོ་སར་རྣམ་པ། དཔྱིད་གསར་རྣམ་པ་བཅས་ལྡན་པའི་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཕུལ་བ་རེད།

སྔ་དྲོའི་དུས་ཚོད10པར། ས་གནས་ཡི་བྲོ་གར་ཆེ་གྲས《འབྲུག་ལྡིང་སེང་རྩེད》འཁྲབ་ནས་གྲོང་སྡེའི་དགོང་ཚོགས་ཏེ་ལྕགས་ཟམ་རྫོང་གིས་དཔྱིད་གསར་བསྟོད་གླུ་རྒྱང་སྐྱོད་ཀྱི་ལམ་གསར་དུ་བསྐྱོད། ཀྲུང་གོའི་ལོ་སར་སྐྱིད་པོར་རོལ་ཞེས་པའི་གནོད་འཚེ་ཐེབས་ཁུལ་གྱི་རིག་རྩལ་བྱེད་སྒོ་སྤེལ་འགོ་བཙུགས་པ་རེད། བྱེད་སྒོ་དེ་ནི་རིག་གནས་དང་ཡུལ་སྐོར་པུའུ་ཡི2023ལོའི་རྒྱལ་ཡོངས་གྲོང་སྡེའི་དགོང་ཚོགས་ཀྱི་དཔེ་སྟོན་འགྲེམས་སྟོན་བྱེད་སྒོའི་གྲས་ཤིག་ཡིན་ཞིང་། དེར་དྲིན་ཚོར་ཡར་བརྩོན་དང་འཆར་གཞི་རླབས་ཆེན་བཀོད་པ་བརྗོད་དོན་གཙོ་བོར་བྱས་ཏེ་ལྕགས་ཟམ་ཁའི་མི་སེར་དང་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱིས་རང་རྩོམ་རང་ཁྲིད་དང་རང་འཁྲབ་རང་མྱོང་བྱས་པའི་བརྩམས་ཆོས་མང་ཙམ་སྤྱད་དེ་ཉེ་འགྲམ་གྱི་དོན་དག་བརྗོད་པ་དང་ཏང་གི་བཀའ་དྲིན་ཚོར་བ། རྒྱལ་ཁབ་ལ་དགའ་ཞེན། འཚོ་བ་གསར་པར་བསྔགས་བརྗོད་བྱས་པ་རེད།

འགོ་ཚུགས་འཁྲབ་སྟོན་དེས“གྲོང་སྡེའི་དགོང་ཚོགས”ཀྱི་གཙོ་དོན་མངོན་པར་བྱས་ཤིང་དེའི་རྗེས་ཀྱི་འཁྲབ་ཚན་བཅུ་ལྷག་ཙམ་ཞིང་ཆེན་དང་ཁུལ། རྫོང་བཅས་ནས་ཡོང་བའི་ཆེད་ལས་ཁག་གམ་ཡང་ན་ལས་ཞོར་རིག་གནས་ཚོགས་པས་འཁྲབ་པར་བརྒྱུད། ལྕགས་ཟམ་ཁའི་ཡུལ་སྲོལ་གོམས་གཤིས་དང་གྲོང་སྡེའི་གོམས་གཤིས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ། དེ་བཞིན་ཞིང་ཕྱུག་དང་གྲོང་སྡེའི་མཛེས་སྡུག་ལྡན་པའི་ཉམས་འགྱུར་བཅས་གང་ལེགས་མངོན་པར་བྱས། ལྷག་པར་དུ“གྲོང་སྡེའི་དགོང་ཚོགས”ཧྲིལ་པོར་འགུལ་འགོག་གནོད་སེལ་དང་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ཐད་ཀྱི་ནང་དོན་ཡིན་པའི་འཁྲབ་ཚན་མི་ཉུང་བ་ཞིག་བཟུང་ཡོད་པར་མ་ཟད། ལྕགས་ཟམ་ཁའི་མི་དམངས་དང་གནོད་འཚེ་ཐེབས་ཁུལ་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཁྱིམ་གཞིས་གསར་པ་བསྐྲུན་པ། ལམ་བུ་གསར་པ་སླར་ཡང་གཏོད་པ་བཅས་ཀྱི་བསམ་བློའི་མཐོ་ཚད་དང་དེ་བཞིན་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བཅངས་པའི་འདུན་པ་ངང་ངམ་ཤུགས་ཀྱིས་མངོན་པར་བྱས།

གདན་ཐོག་གྲོང་རྡལ་ཙི་ཡ་ཁྲང་གྲོང་སྡེའི་གྲོང་མི་ལུའོ་ཅན་ཆུང་གིས་སེམས་འགུལ་ཐེབས་པའི་ངང”གྲོང་སྡེའི་དགོང་ཚོགས”དེ་ང་ཚོའི་གནོད་ཐེབས་ཁུལ་མང་ཚོགས་ཀྱི་སེམས་ལ་བབ་ཡོད། འཁྲབ་ཚན་དག་མང་ཚོགས་དང་འབྲེལ་བ་ཟབ་མོ་འདུག། དེ་དག་ཚང་མ་ནི་ང་ཚོའི་ཉེ་འགྲམ་དུ་བྱུང་བའི་དོན་དག་ཤ་སྟག་ཡིན་ལ་འཁྲབ་སྟོན་པས་ལོ་སར་གྱི་བཀྲ་ཤིས་པའི་རྣམ་པ་དེ་བས་འཁྲུག་ཆ་དོད་དུ་བཏང་བར་མ་ཟད། ང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཚོར་སྤྲོ་སྣང་འཕེལ་བར་བྱས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ངེས་པར་དུ་རང་ཉིད་ཀྱིས་འབད་བརྩོན་བྱས་ཏེ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་གཏོང་ངེས་ཡིན་ཞེས་བཤད།

ལྕགས་ཟམ་རྫོང་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཅང་ཧྲུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ”གྲོང་སྡེའི་དགོང་ཚོགས“ཀྱི་འཁྲབ་ཚན་མང་ཆེ་བ་གནོད་ཐེབས་ཁུལ་གྱི་མི་དང་བྱ་བ་ལས་བྱུང་བ་དང་། དེ་ལས་ཁག་ཅིག་ནི་གནོད་ཐེབས་མང་ཚོགས་ཀྱིས་རང་རྩོམ་རང་འཁྲབ་བྱས་པ་རེད། གྲོང་སྡེའི་སྐད་སྒྲ་ལ་བརྟེན་ནས་ཏང་གི་སྐད་སྒྲ་བརྒྱུད་སྤྲོད་བྱེད་པའི་རྣམ་པ་ལ་བརྟེན་ནས་གནོད་ཐེབས་ཁུལ་མང་ཚོགས་ཀྱི་ཧུར་བརྩོན་ཡར་སྐྱེད་དང་རང་སྟོབས་རང་སྤེལ་གྱི་བསམ་པའི་ཉམས་འགྱུར་མངོན་པ་དང་གནོད་ཐེབས་ཁུལ་མི་དམངས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ཡིད་ཆེས་ཆེན་པོ་སྔར་ལས་འཕེལ་བའི་རེ་བ་བྱེད་ཀྱི་ཡོད་པ་རེད།

《སྣེ་ཁྲིད་པ》ཞེས་པའི་གླུ་གཞས་འཁྲབ་ཚན་དེའི་ཁྲོད་ནས་གྲོང་སྡེའི་དགོང་ཚོགས་ཕུན་སུམ་ཚོགས་པོའི་ངང་གྲོལ། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་དེ་རིག་གནས་དང་ཡུལ་སྐོར་པུའུ་ཡི་སྤྱི་པའི་ཞབས་ཞུ་སི་དང་རིག་གནས་དང་ཡུལ་སྐོར་པུའུ་རྒྱལ་ཡོངས་སྤྱི་པའི་རིག་གནས་འཕེལ་རྒྱས་ལྟེ་གནས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་ལྟ་ཉན་འཕྲིན་སྦྱོར་གསར་པའི་ལྟེ་གནས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་སྒྲུབ་འགན་ཁུར་བ་རེད།

བྱེད་སྒོ་བདེ་བླག་ངང་སྤེལ་བ་དེས་གསར་བརྗེའི་གྲོང་ཁྱེར་དང་གྲོག་རོང་སྔོན་མོའི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་གང་ལེགས་མངོན་པར་མ་ཟད། ད་དུང་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ཁྲོད་རིག་རྩལ་ལེ་ཚན་གྱི་སྐུལ་མ་དང་ཁྲིད་སྟོན། སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱུང་ནས་གནོད་ཐེབས་ཁུལ་མང་ཚོགས་ཀྱི་སླར་གསོ་བསྐྱར་སྐྲུན་མགྱོགས་སུ་གཏོང་བའི་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་མཚོན་པས་སྤྱི་ཚོགས་ལས་རིགས་ཁག་གི་དགའ་བསུ་ཐོབ་ཡོད་པ་རེད།

གོམ་སྟབས་རྗེས་མར་ལྕགས་ཟམ་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཤུགས་ཆེན་བྱས་ནས་ཡིད་ཆེས་བརྟན་པོ་དང་མཐུན་སྒྲིལ་འབད་འཐབ། ཞུམ་མེད་མདུན་སྐྱོད་ཀྱི་ལྕགས་ཟམ་སྙིང་སྟོབས་ཀྱི་སྐུལ་མའི་འོག་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས། ལྕགས་ཟམ་བསྐྱར་སྐྲུན་གྱི་འབད་འཐབ་ལོ་དང་ལྕགས་ཟམ་དམངས་འཚོའི་བསྒྱུར་བཅོས་ལོ། ལྕགས་ཟམ་བསྐྱར་སྐྲུན་གྱི་སྲ་བརྟན་ལོ་ཞེས་པའི་ཆེད་དོན་བྱ་སྤྱོད་ཤུགས་ཆེན་སྤེལ་བ་དང་ཆབས་ཅིག། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དང་གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་དཔྱིད་གསར་བསུ་བ་དང་གཞི་རིམ་དུ་སྐྱོད་པའི་རྣམ་པའི་ཁྲོད་རིག་གནས་དར་སྤེལ་དང་རིག་གནས་གསར་སྤེལ། སྙིང་སྟོབས་དར་སྤེལ་བཅས་བྱ་རྒྱུ་རེད།།



  • ལེ་ཚན་སྔོན་མ།:དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི45.66ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི 50224རག་ཡོད།
  • ལེ་ཚན་རྗེས་མ།:སྤྲོ་དགའི་ཁྲོད་ནས་ལོ་སར་རོལ།། གནམ་གང་ཟ་མའི་བྲོ་བ་བཟང་།།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10