ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་བསྐྲུན་ནས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་སྐྲུན་པར་ཤུགས་བསྣན་དགོས་ཞེས་གསུངས།

ལྷ་འཛོམས་ཀྱིས་བསྒྱུར།        2023-02-08

ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་གྲོང་ཁྱེར་དང་ཐིང་རིམ་པའི་འགན་འཁུར་བློ་མཐུན་གཙོ་བོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་འཛིན་གྲྭ་གཉེར་བའི་བར་གསེང་དུ། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་སི་ཁྲོན་རྟོག་ཞིབ་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ད་ཐེངས་ཀྱི་ཆེད་དོན་དཔེ་ཀློག་འཛིན་གྲྭ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་ཅན་བཞི་མཉམ་སྤེལ་དང་གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར་ཀྱི་འཐབ་ཇུས་བཀོད་སྒྲིག་བཏོན་རྗེས་སྐུལ་སློང་དང་བཀོད་སྒྲིག་སླར་ཡང་བྱེད་པ་ཡིན་ལ། ལྷག་པར་དུ་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ཁུལ་ལྔ་མཉམ་དར་ཐད་རྒྱས་བཤད་གཏིང་ཟབ་གནང་བ་དེས་ང་ཚོ་དཀར་མཛེས་ཁུལ་ལ་མཚོན་ན་སྐུལ་མ་ཆེན་པོ་ཐེབས་བྱུང་ཞེས་གསུངས་པ་རེད།

ཧྲེན་དབྱང་གིས་གསུངས་དོན། དཔེ་ཀློག་འཛིན་གྲྭར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གཙོ་དོན་སྙན་སེང་གནང་སྐབས། ཁོང་གིས་ཁུལ་ལྔ་མཉམ་དར་ལ་སྐུལ་བར་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་བསྐྲུན་པ་སྤྱིའི་སྣེ་ཁྲིད་དུ་བྱས་ནས་ས་གནས་ཁག་གི་ཐོན་ཁུངས་དང་དཔལ་འབྱོར་རྨང་གཞིར་གཞི་ཚུགས་ཏེ་ཡུལ་བབ་དང་བསྟུན་ནས་སྔོན་ཐོན་འཕེལ་རྒྱས་དང་། ཁྱད་ཆོས་འཕེལ་རྒྱས། མཉམ་རོགས་འཕེལ་རྒྱས་གཏང་དགོས། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོ་བྱ་རྒྱུ་དེ་དམིགས་སུ་བཀར་བའི་གནས་སུ་བཞག་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་མདུན་གྲལ་དུ་ཧུར་ཐག་བསྐྱོད་དགོས་པའི་ནན་གསུང་གནང་བ་རེད། དེ་དག་ཚང་མ་ནི་ང་ཚོར་དམིགས་ནས་བཟོས་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཤིག་ཡིན་ལ་ཡུལ་བབ་དང་བསྟུན་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཤིག་ཀྱང་ཡིན།

ཧྲེན་དབྱང་གིས་དཀར་མཛེས་ཁུལ་ནི་མི་རིགས་ས་ཁུལ་དང་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་ཞིག་ཡིན་པ་དང་ཆབས་ཅིག་དབུལ་ཐར་ས་ཁུལ་ཞིག་ཀྱང་རེད། སླད་ཕྱིན་དུ་དཀར་མཛེས་ཁུལ་གྱིས་ད་ཐེངས་ཀྱི་དཔེ་ཀློག་འཛིན་གྲྭའི་སྙིང་དོན་གལ་ཆེན་ལྟར་སི་ཁྲོན་ནུབ་བྱང་སྐྱེ་ཁམས་ཁུལ་གྱི་ཚད་དཔོག་ལ་དམིགས་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྲུང་དགོས། ཐོན་ཁུངས་ཕུན་སུམ་ཚོགས་པོར་གཞི་ཚུགས་པ་ཆ་རྐྱེན་དུ་བྱས་ནས་རིག་གནས་ཡུལ་སྐོར་དང་། མཐོ་སྒང་ཁྱད་ཆོས་ཞིང་འབྲོག་ལས། ནུས་ཁུངས་གཙང་མ་བཅས་ལས་དོན་ཆེན་པོ་གསུམ་གཅིག་གྱུར་འཆར་འགོད་ཀྱིས་ཡག་མོ་བསྒྲུབས་ནས་དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་བསྐྲུན་ནས་དཔལ་འབྱོར་འགྲན་གཉེར་གྱི་རྒྱུགས་འབྲས་འབུལ་བ་དང་། དུས་ཚིགས་དང་པོར་འགོ་ཡག་པོ་རྩོམ་ཐུབ་པའི་འགན་ལེན་བྱས་ནས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་འགྲུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས།

དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་གྱི་ནང་དོན་ཞིབ་ཕྲ་ཅི་འདྲ་ཞིག་རེད་ཟེར་ན། ཧྲེན་དབྱང་གིས་གསར་འགོད་པར་དེ་ནི་དཀར་མཛེས་ཁུལ་གྱི་རང་ཡུལ་གྱི་ཐོན་ཁུངས་ཆ་རྐྱེན་ལ་གཞི་བཟུང་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་ལ་ཕབ་པ་ཞིག་རེད་ཅེས་གསུངས། ཧྲེན་དབྱང་གིས་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ་དཀར་མཛེས་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་དང་། དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་རྟེན་གཞི། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་མགྱོགས་མྱུར་བསྐྲུན་དགོས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་དགོས། དེ་དང་ཆབས་ཅིག་བདེ་འཇགས་དང་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྔར་བས་བརྟན་པོར་བཅངས་ཏེ་དཀར་མཛེས་ཁུལ་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་བྱ་དགོས་ཞེས་གསུངས་པ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ལས་གཏོད་པ་དང་ཁེ་ལས་པ་འདི་ཚོར་རྟེན་འབྲེལ་ཞུ།
  • ལེ་ཚན་རྗེས་མ།:དུང་དཀར་ལུང་པའི་ལྗོངས་ཁུལ་དུ་དམངས་ཡོངས་ཀྱི་ལུས་སྦྱོང་རྒྱུག་འགྲན་སྐབས་བཅུ་པ་གཉེར།
  • དོ་སྣང་ཆེ་བའི་རྩོམ།