རང་རྒྱལ་གྱི་རང་བྱུང་ནགས་ཚལ་རྒྱ་ཁྱོན་མུའུ་དུང་ཕྱུར3.23ཆེ་རུ་ཕྱིན་པ།

    མི་དམངས་དྲ་བ།    2023-02-06

    ▶ རང་བྱུང་ནགས་ཚལ་སྲུང་སྐྱོང་སླར་གསོ་ལས་གྲྭ་སྤེལ་འགོ་ཚུགས་ཚུན་རིམ་རྩིས་བརྒྱབ་ན་རང་བྱུང་ནགས་ཚལ་གཅོད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་3.32ཉུང་དུ་ཕྱིན་ཡོད།
    ▶ གཞི་ཁྱོན་ཆེ་བའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་རེས་སྐོར་གཉིས་ལ་ཁྱོན་ལས་འགན་མུའུ་དུང་ཕྱུར་2.13ལེགས་སྒྲུབ་བྱས་ཡོད།
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། གསར་འགོད་པར་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། རང་བྱུང་ནགས་ཚལ་སྲུང་སྐྱོང་སླར་གསོ་ལས་གྲྭ་སྤེལ་འགོ་ཚུགས་ཚུན། རང་བྱུང་ནགས་ཚལ་རྒྱ་ཁྱོན་མུའུ་དུང་ཕྱུར་3.23དང་འཕེལ་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་53མང་དུ་ཕྱིན་ཡོད་པ་དང་། གཞི་ཁྱོན་ཆེ་བའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་རེས་སྐོར་གཉིས་ལ་ཁྱོན་ལས་འགན་མུའུ་དུང་ཕྱུར་2.13ལེགས་སྒྲུབ་བྱས་པ་དང་ཆབས་ཅིག་རི་རྒོད་ཐང་རྒོད་མུའུ་དུང་ཕྱུར་3.1ལ་ལེ་ལག་ཚང་སྒྲིག་གི་ནགས་བཟོ་དང་རི་བཀག་ནགས་སྐྱོང་བྱས་ཡོད། ལོ་བཅུའི་རིང་། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་གྲབས་གསོག་ནགས་ཚལ་མུའུ་ཁྲི་9200ལྷག་བསྐྲུན་པ་དང་། རྒྱལ་ཁབ་གྲབས་གསོག་ནགས་ཚལ་ནས་རིམ་རྩིས་བརྒྱབ་ན་ཤིང་ཆ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1.5ཙམ་ཐོན་ཡོད་པ་རེད།
    རང་བྱུང་ནགས་ཚལ་སྲུང་སྐྱོང་སླར་གསོ་ལས་གྲྭའི་སྔོན་དཔག་དམིགས་ཚད་མངོན་འགྱུར་བྱས་པ། ལས་གྲྭ་དེ་ནི་1998ལོར་ཚོད་ལྟ་བྱེད་འགོ་ཚུགས་ཤིང་2000ལོར་ཁྱོན་ཡོངས་ནས་སྤེལ་བ་དང་། 2020ལོའི་ལོ་མཇུག་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་5000ལྷག་ཙམ་བཏང་ཡོད། ལས་གྲྭ་འཛུགས་སྐྲུན་གྱི་ཁྱབ་ཁོངས་དེ་སྔའི་གཙོ་གནད་ས་ཁོངས་ནས་ཞིང་ཆེན་དང་ལྗོངས་དང་གྲོང་ཁྱེར་31ཚང་མར་རྒྱ་སྐྱེད་ཐུབ་སྟེ། རིམ་རྩིས་བརྒྱབ་ན་རང་བྱུང་ནགས་ཚལ་གཅོད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་3.32ཉུང་དུ་ཕྱིན་ཡོད་པ་རེད།
     རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་ལས་གྲྭ་སྤེལ་བ་ལས་སྐྱེ་ཁམས་ལེགས་སུ་ཕྱིན་པ། 1999ལོ་ཚུན་དུ། རང་རྒྱལ་གྱིས་སྔ་རྗེས་སུ་གཞི་ཁྱོན་ཆེ་བའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་ལས་གྲྭ་རེས་སྐོར་གཉིས་སྤེལ་བར་རིམ་རྩིས་བརྒྱབ་ན་ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར་5700ལྷག་ཙམ་བཏང་ཡོད་པ་དང་། ལོ་20ལྷག་ཙམ་རིང་། ཁྱོན་ཞིང་དུད་ཁྲི་4100དང་ཞིང་འབྲོག་པ་དུང་ཕྱུར་1.58ལ་ཕན་པ་ཐོབ་ཡོད། རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་བྱས་པ་ལས་གོ་ལ་ཧྲིལ་པོའི་ལྗང་མདོག་དངོས་འཕར་རྒྱ་ཁྱོན་གྱི་4%ཟིན་ནས། གོ་ལ་ཧྲིལ་པོའི་སྐྱེ་ཁམས་བཅོས་སྐྱོང་གི་དཔེ་མཚོན་བཏོད་ཡོད།
    རྒྱལ་ཁབ་གྲབས་གསོག་ནགས་ཚལ་འཛུགས་སྐྲུན་ལས་གྲྭ་སྤེལ་བ་ལས་ཤིང་ཆའི་བདེ་འཇགས་འགན་ལེན་བྱུང་བ། 2012ལོར་རང་རྒྱལ་གྱིས་རྒྱལ་ཁབ་གྲབས་གསོག་ནགས་ཚལ་འཛུགས་སྐྲུན་ལས་གྲྭ་སྤེལ་འགོ་ཚུགས་ཤིང་། ལོ་བཅུའི་རིང་ཤིང་ཆ་གྲབས་གསོག་བྱེད་ཚད་ནུས་ལྡན་འཕར་ཡོད། རིམ་རྩིས་བརྒྱབ་ན་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་1400ལྷག་ཙམ་བཏང་ནས་དངུལ་རྩ་གསར་གཏོད་ཐད་གྲུབ་འབྲས་ཡག་པོ་ཐོབ་ཡོད། ལོ་བཅུའི་རིང་། རྒྱལ་ཁབ་གྲབས་གསོག་ནགས་ཚལ་ལ་བརྟེན་ནས་སྤེལ་བའི་ལྗང་མདོག་ཐོན་ལས་ལ་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར་100ལྷག་ཙམ་བྱུང་ཡོད་པ་རེད།
    གོམ་སྟབས་རྗེས་མར། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་རང་ས་གནས་ཀྱི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་ལས་གྲྭའི་སྤྱིའི་འགན་འཁྲི་མུ་མཐུད་འཁུར་རྒྱུ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཁབ་གྲབས་གསོག་ནགས་ཚལ་མུའུ་ཁྲི་3600ཡན་འཛུགས་སྐྲུན་ཐུབ་པ་དང་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་7000ཡན་འཕར་བ་བྱས་ནས། རང་རྒྱལ་གྱི་ཤིང་ཆའི་བདེ་འཇགས་འགན་ལེན་བྱེད་རྒྱུ་རེད།

  • ལེ་ཚན་སྔོན་མ།:2022ལོར་རང་རྒྱལ་དུ་འཛམ་གླིང་གི་འདམ་ར་གལ་ཆེན18ཇེ་མང་དུ་བཏང་བ།
  • ལེ་ཚན་རྗེས་མ།:སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པ་ལྷེམ་མེར་བཞད།
  • དོ་སྣང་ཆེ་བའི་རྩོམ།