ཞིན་ཧྭ་དྲ་བ། 2023-02-06
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས2ཉིན་ནི་འཛམ་གླིང་གི་འདམ་རའི་ཉིན་མོ་ཨང27པ་ཡིན་ལ། ད་ལོའི་བརྗོད་དོན་གཙོ་བོ་ནི“འདམ་ར་ཉམས་གསོ”ཞེས་པ་དེ་རེད།
འདམ་རར“སའི་གོ་ལའི་མཁལ་མ”ཞེས་ཟེར་ཞིང་། སྐྱེ་ཁམས་ཀྱི་མ་ལག་གལ་ཆེན་ཞིག་ཡིན་པས་དེར་ཆུ་མགོ་གསོ་སྐྱོང་དང་ཆུ་སྤུས་གཙང་བཟོ། གནམ་གཤིས་ལེགས་སྒྲིག སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་སྐྱེ་ཁམས་ནུས་པ་སྣ་ཚོགས་ལྡན་སྟབས་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།
ཟླ2པའི་ཚེས2ཉིན་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཁྱབ་བསྒྲགས་བྱས་དོན། 2022ལོར་རང་རྒྱལ་དུ་པེ་ཅིན་ཡན་ཆིང་གི་ངང་པ་མཚོ་དང་ཧེ་ལུང་ཅང་ཏ་ཞིན་ཨན་ལིང་གི་ཆིག་ཆུས་ཧྲི་པཱ་ཝན། ཅང་སུའུ་ཧོའེ་ཨན་གྱི་པེ་མ་མཚེའུ་སོགས་རྒྱལ་སྤྱིའི་འདམ་ར་གལ་ཆེན18ཇེ་མང་དུ་བཏང་ཞིང་། ཁྱོན་བསྡོམས་འདམ་ར82ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི764.7ཟིན་པས་འཛམ་གླིང་གི་ཨང་བཞི་པར་སླེབས་ཡོད།
གོ་ལ་ཧྲིལ་པོའི་འདམ་ར་སྲུང་སྐྱོང་དང་ཉམས་གསོ་བྱེད་མཁན་གཙོ་བོ་དང་ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་མཁན་བཅས་ཡིན་པའི་ཆ་ནས། རང་རྒྱལ་གྱིས《འདམ་རའི་སྤྱི་ཆིངས》ཀྱི་འོས་འགན་ལྷུར་ལེན་བྱས་ཏེ་མུ་མཐུད་དུ་འདམ་རའི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྒྱལ་ཡོངས་ཀྱི་འདམ་ར་སྲུང་སྐྱོང་འཆར་འགོད་དང་འདམ་ར་སྲུང་སྐྱོང་གི་བཟོ་བཀོད་གལ་ཆེན་དངོས་འབེབས་བྱས་ཏེ། འདམ་ར་གལ་ཆེན་མང་པོ་ཞིག་རང་བྱུང་སྲུང་སྐྱོང་ཁུལ་དུ་བཞག་ནས་དོ་དམ་བྱ་རྒྱུ་དང་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཀྱི་ལས་སྟེགས་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10