སྨོན་འདུན་གཙང་མ།

དབུ་འཇིགས་མེད།        2023-02-04

བཀྲ་ཤིས་དཀར་གསལ་ཟླ་བ་མཁའ་རུ་ཚེས།།

གསར་ཚེ་ལོ་ཟླའི་རི་མོ་ལེགས་པར་མཛེས།།

གངས་ཅན་ཁ་བའི་ཞིང་ཁམས་འདི་ཉིད་ལ།།

བདེ་ཞིང་སྐྱིད་པའི་སྨོན་ལམ་ཀུན་ལ་འདེབས།།

སྐལ་བཟང་སྐྱིད་ལ་རོལ་བའི་སྐྱེ་འགྲོ་རྣམས།།

བློ་གྲོས་པདྨའི་འདབ་ལེགས་རྒྱས་པར་སྨོན།།

ཞི་འཇམ་བརྩེ་བའི་མཚོ་མོ་ཡུན་བརྟན་ཤོག།

བདེ་སྐྱིད་ཉི་མའི་འོད་ཟེར་རྟག་པར་འཕྲོས།།

ལེཊ་ཚོཊ་བྱ་བ་མཐའ་དག་འགྲུབ་པར་སྨོན།།



  • ལེ་ཚན་སྔོན་མ།:ལོ་སར་གྱི་སྟ་གོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།